མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་འདི་ལྟར་དྲིས་དང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཐོས་དགའ་རྒྱལ་མོ།

ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་ནས་ད་ལྟའི་བར་དུ་བསྐྱར་བཅོས་ཐེངས་ ༣༠ ཉེ་བ་གནང་ཡོད་པ་དེ་དག་ལ་རོབ་ཙམ་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བློན་ཡོང་སྟངས་དང་། བཀའ་བློན་ཁྲི་པ་འདེམས་བསྐོ་གནང་སྟངས། ༢༠༡༡ ལོའི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་སྐབས་བཅས་སོ་སོར་མར་བཀའ་གནང་ནས་འགྱུར་བ་བཏང་བ་ཁ་ཤས་ཤིག་མ་གཏོགས། བཅའ་ཁྲིམས་བསྐྱར་བཅོས་ཕལ་ཆེ་བ་ཟ་ཐོག་ལ་མི་འཁེལ་བའི་སྟོང་འཕྲུག་རེད་ཅེས་བརྗོད་ན་ཐལ་ཆ་འགྲོ་གི་མ་རེད་བསམ།

 

སྤྱི་འཐུས་ལྷན་ཚོགས་འདི་བོད་མིའི་སྒྲིག་འཛུགས་ཀྱི་དབང་ཆའི་གྲུབ་གལ་ཆེ་ཤོས་དེ་རེད། གྲུབ་ཆ་གལ་ཆེན་འདིའི་འཐུས་མི་ཡོང་སྟངས་ཐོག་ ༡༩༨༠ ནང་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ནའང་། ༡༩༩༡ ལོའི་བཅའ་ཁྲིམས་སུ་དེ་ལས་ཇེ་སྡུག་ཏུ་བཏང་སྟེ། ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་འཕེན་པར་ཆོལ་ཁ་དང་ཆོས་ལུགས་གཉིས་ཀར་འོས་ཤོག་འཕེན་རྒྱུ་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ ༤༢ ནང་སྤྱི་འཐུས་རྒྱུན་ལས་ཟེར་བའི་གཏན་འཇགས་ལས་ཁང་ཞིག་ཀྱང་བཟོས་པ་རེད།

 

འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐད་ཆ་གྲགས་ཆེ་བ་ཞིག་ནི། འདྲ་མཉམ་མེད་ན་མཐུན་སྒྲིལ་ཡོང་གི་མ་རེད་ཟེར་བ་དེ་རེད། འོས་འཕེན་པའི་ཐོབ་ཐང་དབྱེ་འབྱེད་བྱས་པ་དེ་ཐོབ་ཐང་མ་རག་མཁན་ལ་གཞི་རྩའི་ཐོབ་ཐང་འཕྲོག་པ་དང་གཅིག་པ་རེད། ༡༩༩༨ ལོར་འོས་བསྡུ་ལས་ཁང་ནས་མང་ཚོགས་ལ་གཞི་རྒྱ་ཆེ་བའི་བསམ་ཚུལ་སྡུད་ལེན་གནང་སྟེ། སྐབས་དེའི་འོས་བསྡུའི་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་ལ་སྤྲད་དེ།(ཚོགས་གཙོ་ཐུབ་བསྟན་ལུང་རིགས་དང་། ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་སོགས་ལས་བྱེད་རྒན་པ་སྐོར་ཞིག་ཡོད།) ཚོགས་ཆུང་ནས་མང་ཚོགས་ཀྱི་དགོངས་འཆར་གཞི་ལ་བཞག་སྟེ་འོས་འཕེན་པའི་ཐོབ་ཐང་གཅིག་མཚུངས་དང་། མི་འབོར་གཞིར་བཟུང་སྤྱི་འཐུས་འོས་བསྡུ་བྱ་རྒྱུའི་འཆར་གཞི་སྒྲིག་གཞིའི་ནང་བཅུག་ཡོད་པ་དང་། ༢༠༡༠ ལོར་བྷེལ་ཀོབ་གཞིགས་ཆགས་སུ་ཚོགས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཀྱི་གྲོས་ཆོད་དུའང་འོས་འཕེན་ཐོབ་ཐང་ཉིས་རྩེག་མི་འོས་པའི་མང་མོས་ཚད་མཐོའི་གྲོས་ཆོད་བཞག་ཡོད།

 

འོ་ན་བསྐྱར་ཞིབ་ཚོགས་ཆུང་གི་སྒྲིག་གཞི་ཟིན་བྲིས་དང་། རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་འདི་དག་ག་རེ་བྱས་ནས་ལག་ལེན་བསྟར་ཐུབ་ཀྱི་ཡོད་པ་མ་རེད་ཟེར་ན། དེ་ནི་སྤྱི་འཐུས་རྒྱུན་ལས་ལ་ཐུག་ཡོད་རེད། ༡༩༩༩ ལོའི་ཚོགས་ཆུང་གི་སྒྲིག་གཞི་ཟིན་བྲིས་དེ་རྒྱུན་ལས་ཚོས་ནག་བསུབ་བཏང་བ་དང་། ༢༠༡༠ ལོའི་རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་ཀྱང་རྒྱུན་ལས་ཀྱིས་གསོན་སྦས་བཏང་འདུག

 

༡༩༩༡ ལོའི་སྤྱི་འཐུས་སྐབས་ ༡༡ ནས་བལྟས་ན། རྙིང་མའི་སྤྱི་འཐུས་མདོ་སྟོད་ཆོལ་ཁའི་སྒེར་གྱི་རྒྱུ་ནོར་ཆགས་ཡོད། དགེ་ལུགས་ནང་རོང་པོ་བློ་བཟང་སྙན་གྲགས་གཅིག་པོ་མ་གཏོགས་མདོ་སྟོད། བོན་པོའི་ནང་བྱ་དུར་བཟང་པོ་མ་རྩིས་ན་གཞན་མདོ་སྟོད། བཀའ་བརྒྱུད་པར་ཀརྨ་ཆོས་འཕེལ་དང་། བློ་གྲོས་མཐར་ཕྱིན་ལྟ་བུ་ལས་གཞན་མདོ་སྟོད། ས་སྐྱའང་པད་མ་འབྱུང་གནས་དང་གུ་རུ་རྒྱལ་མཚན་ཕུད་པའི་གཞན་མདོ་སྟོད་ཆགས་ཡོད། སྤྱི་འཐུས་སྐབས་རེ་རེར་མདོ་སྟོད་ལ་ཆོལ་ཁའི་སྤྱི་འཐུས་ ༡༠ སྒང་ལ་ཆོས་ལུགས་ཀྱི་སྤྱི་འཐུས་ ༧ ནས་ ༨ ཡོང་གི་ཡོད་པས། གལ་སྲིད་ཆོས་བརྒྱུད་ལ་འོས་ཤོག་གཉིས་མེད་པ་ཆགས་ན་སུའི་ཤ་སྐལ་ཤོར་གྱི་ཡོད་པ་འདི་འདྲ་རེད།

 

དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི། སྤྱི་འཐུས་རྒྱུན་ལས་མདོ་སྟོད་ཆོལ་ཁས་བཟུང་ཡོད་པ་དེ་རེད། ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་བརྩམས་པའི་དེབ་ཏུ་གྲོས་ཚོགས་ལམ་ལུགས་འཆད་སྐབས། “ཨ་རི་དང་ཧྥ་རན་སིའི་གྲོས་ཚོགས་སུ་གཏན་འཇགས་ཆེད་བཙུགས་ཚོགས་ཆུང་ཡོད་པ་དང་། དབྱིན་ལན་དུ་དམིགས་ཡུལ་དུ་མའི་སླད་དུ་ཆེད་བཙུགས་ཚོགས་ཆུང་མང་པོ་འཛུགས་པའི་སྲོལ་ལས་ལྡོག་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཞེས་པའི་གཏན་འཇགས་ལས་ཁང་ཞིག་ཟུར་འཛུགས་བྱས་ཡོད་”ཅེས་དང་། དེའི་མཆན་འགྲེལ་དུ། “ཆོས་བརྒྱུད་སྤྱི་འཐུས་ ༡༠ ཡོད་པ་དེས་སྤྱི་འཐུས་ཀྱི་རྩ་འབོར་ ༤༤ ཡི་བརྒྱ་ཆའི་ ༢༢་༧ ལས་ཟིན་གྱི་མེད་ཀྱང་། རྒྱུན་ལས་ ༡༡ ཁྲོད་ཆོས་བརྒྱུད་སྤྱི་འཐུས་ ༥ ཡོད་པ་དེས་བརྒྱ་ཆའི་ ༤༥་༥ ཙམ་ཟིན་གྱི་ཡོད་པ་དང་། བྱང་ཨ་རི་དང་ཡུ་རོབ་སྤྱི་འཐུས་ལ་རྒྱུན་ལས་ཀྱི་ས་མིག་བཀོད་སྒྲིག་བྱས་མེད་”ཅེས་བྲིས་འདུག

 

དེ་ལས་ཞིབ་ཙམ་སོང་ན། རྒྱ་བལ་འབྲུག་གསུམ་ཁོ་ནར་སྤྱི་འཐུས་སྐབས་རེ་རེ་ལ་མདོ་སྟོད་ཆོལ་ཁའི་མི་ ༡༧ ནས་ ༡༨ ཙམ་ཞིག་སྤྱི་འཐུས་བཟོ་དགོས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་བརྒྱ་ཆའི་ ༥༠ ནས་ ༦༤ ཙམ་ཞིག་མདོ་སྟོད་ཡིན་དགོས་པ་ཆགས་ཡོད། ༢༠༡༡ ལོར་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ ༨༠༠༠༠ ཙམ་ཡོད་ཁོངས། དབུས་གཙང་ཆོལ་ཁའི་འོས་འཕེན་པ་ ༦༠༠༠ ཙམ་དང་། མདོ་སྟོད་ལ་ ༡༥༠༠༠ ། མདོ་སྨད་ལ་ ༥༠༠༠ ཡིན་པ་ཚོད་རྩིས་བྱས་ན། འོས་འཕེན་པའི་གྲངས་འབོར་བརྒྱ་ཆ་ ༡༨་༢༥ ཙམ་ཡོད་པའི་མདོ་སྟོད་ཆོལ་ཁས་སྤྱི་འཐུས་ལྷན་ཚོགས་ཀྱི་རྐུབ་བཀྱག་བརྒྱ་ཆའི་ ༣༨ ནས་ ༤༥ ཙམ་ཟིན་གྱི་ཡོད་པ་དང་། འོས་འཕེན་པའི་གྲངས་འབོར་བརྒྱ་ཆ་ ༧༥ ཙམ་ཡོད་པའི་དབུས་གཙང་ཆོལ་ཁ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་རྐུབ་བཀྱག་བརྒྱ་ཆའི་ ༢༧ ནས་ ༣༦ ཙམ་ལས་ཟིན་གྱི་མེད་པ་འདི་ག་འདྲ་རེད། མང་གཙོའི་ལུང་པ་སྤྱིའི་འགྲོ་སྟངས་ལྟར་སྐུ་ཚབ་འཐུས་མི་ཚོའི་ཡོང་སྟངས་མི་འབོར་མ་ལྟོས་པར། ཆོལ་ཁ་དང་ཆོས་བརྒྱུད་ཟེར་བ་ཞིག་བཟོ་དགོས་དོན་ག་བར་ཐུག་པ་རེད་དམ།

 

གལ་སྲིད་ཆབ་སྲིད་ཀྱི་གར་སྟེགས་སྟེང་རྡོག་བྲོ་རྒྱབ་ཀྱི་ཡིན་བསམ་ན། གཞི་རིམ་གྱི་འདྲ་མཉམ་མིན་པའི་གནས་སྟངས་འདི་འདྲ་ཞིག་གིས་ནམ་ཕུགས་འཁྱོལ་གྱི་རེད་བསམ་ནས་ཡ་མེད་བཏང་ནས་བསྡད་ན་ཉེན་ཁ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཞལ་འཚོ་བཞུགས་ཀྱི་སྐབས་འདིར་ཚང་མ་འགྲིག་འགྲོ་གི་རེད་ཟེར་བ་བདེན་ནའང་། འདྲ་མཉམ་མིན་པའི་གནས་སྟངས་འདི་མུ་མཐུད་གོ་མེད་ཚོར་མེད་དུ་འཇོག་ཐབས་མེད། རྒྱུ་མཚན་ནི། འདྲ་མཉམ་མེད་པའི་གནས་སྟངས་དེ་ནི་རྙོག་དྲའི་རྒྱུ་ཚོགས་ཉེན་ཁ་ཆེ་ཤོས་དེ་ཡིན།

 

སྤྱི་ཚོགས་ནང་སྔོན་མ་ནས་གླེང་སློང་ཡོང་བཞིན་པ་ཞིག་ནི། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་རྒྱུ་ད་ལྟའི་བབས་ལ་བལྟས་ན་སྟོབས་ཤུགས་དེའི་ཁ་ནས་འགྲོ་ཁག་པོ་ཡིན་པས། གྲོས་ཚོགས་གོང་འོག་གཉིས་བཟོས་ཏེ། གྲོས་ཚོགས་གོང་མར་ཆོལ་ཁ་རེ་ནས་སྤྱི་འཐུས་ ༣ རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༡ རེ་བཅས་སྤྱི་འཐུས་ ༡༤ དང་། གྲོས་ཚོགས་འོག་མར་མི་འབོར་ལ་གཞིགས་པའི་འོས་བསྡུའི་ས་ཁོངས་ ༣༠ བཟོས་ཏེ་འོས་འདེམས་བྱས་པ་ཡིན་ན་ག་འདྲ་འདུག་གམ།

 

བཅའ་ཁྲིམས་དོན་ཚན་ ༥༦ ནང་། ” བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱུང་ན། དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་རྩོམ་ཆོག་ཅིང༌། མང་མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུན་སྲིད་སྐྱོང་གིས་མང་མོས་བྱུང་བའི་ཚད་འཛིན་དང་མིང་རྟགས་བཀོད་དེ་གསལ་བསྒྲགས་བྱ་རྒྱུ་”གསལ་བ་འདིའི་ཐོག་ནས་འགྲོ་ས་འདུག་གམ།

 

ཆབ་སྲིད་གར་སྟེགས་སྟེང་རྩེད་འཇོ་ལ་རོལ་རྒྱུར་བྲེལ་བ་བྱེད་བཞིན་པའི་འོས་མི་ཚོར་སྤྱི་ཚོགས་ནང་ཡོངས་གྲགས་ཐོག་གླེང་གི་ཡོད་པའི་དྲི་བ་འདི་ལ་ལན་ཡོད་མེད་ལྟོས་ལོ། །

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

མཆན། 9

  1. རྒྱ་ཚ says:
    ལོ་ 11 སྔོན།

    ཐོས་དགའ་རྒྱལ་མོ་ཟེར་བ་འདིའི་་བཤད་བཟོ་ལ་ལྟས་ན་ཐུགས་པ་ཅིག་སྐོལ་འདོད་པ་འདྲ་དེ་འདྲའི་མདོ་སྟོད་ལ་སྡང་ཟུག་བྱེད་ནས་་་་་ཁྱོད་ཀྱིས་རྩོད་སའི་ཁ་ཕྱོགས་ནོར་བ་རེད་

    Reply
  2. ཀུན་དགའ་རྒྱལ་མཚན says:
    ལོ་ 11 སྔོན།

    དུས་བབ་ཚང་གི་དྲྭ་ཚུགས་གསར་བ་འདི་སྔོན་མ་དང་འདྲ་ཡག་པོ་མི་འདུག ཁ་ཕྱེ་ན་ཡིན་རང་སྒུག་དགོས་འདུག

    Reply
  3. ལྷག་དཀར། says:
    ལོ་ 11 སྔོན།

    དུས་བབ་ཚང་ལ་ཐུགས་རྗེ་ཆེ་ཞུ། དྲྭ་ཚུགས་གསར་བ་འདི་དེ་ཙམ་ཡག་རྒྱུ་མི་འདུག་སྙམ། མགྱོགས་པོར་ཤར་རྒྱུ་དཀའ་ཙམ་གདའ།

    Reply
  4. གངས་སེམས་གསོན། says:
    ལོ་ 11 སྔོན།

    ཐོས་དགའ་རྒྱལ་མོ་ལགས། ཁྱེད་ཀྱི་སྐད་ཆ་ཁ་ཤས་ཅུང་ཐལ་ཆེ་འདུག་པས་དེ་ཡག་པོ་མི་འདུག ཡིན་ནའང་། སྤྱི་འཐུས་ཀྱི་རྩ་འབོར་དང་རྒྱུན་ལས་མི་གྲངས་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་བཟུང་ཡོད་པ་དེ་ང་ཚོ་ཚང་མས་མཐོང་འདུག་ས་དང་། ཤེས་འདུག་ས་ཡིན་པས་དོན་དངོས་གླེང་བ་དེར་བསྔགས་བརྗོད་ཞུ། སུས་དེ་ལ་ཁ་གཡར་ཐབས་ཀྱིས་སྐྱོན་འཛུགས་སྣ་ཚོགས་བྱས་ན་དེ་དངོས་གནས་ཀླད་སྟོང་དང་། རང་གི་ཁེ་ཕན་བསམ་ཏེ་སྤྱི་པའི་ཕན་གནོད་རྒྱང་དུ་གཡུགས་འདོད་པ་རེད། གང་ལྟར་ང་ཚོ་དམངས་གཙོ་དང་དྲང་བདེན་ཟེར་བ་དེར་ཁ་ཕྱོགས་ཀྱི་ཡོད་ན་འདི་ཚོར་བསམ་བློ་བཏང་ནས་གནད་དོན་སེལ་དགོས་པ་ཞིག་ཆགས་འདུག

    Reply
  5. གཞིས་རྩེ་བུ། says:
    ལོ་ 11 སྔོན།

    དཀྲུག་ཤིང་མ་རྒྱག་ཐོས་དགའ་རྒྱལ་མོ། ཁྱོད་ཀྱིས་འཇོན་བཞག་པ་ཅི་ཡོད། རྩོད་དགོས་ས་དེར་མི་རྩོད་པར། ཆོལ་ག་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་བཙན་བྱོལ་གྱི་གནས་སྟངས་ལ་བལྟས་ནས་བཟོས་པ་ཞིག་མ་རེད། བོད་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་མཚོན་དུ་བཟོས་པ་ཞིག་རེད། ཀླད་སྟོང་། ་་་་་

    Reply
  6. བདེན་པའི་རལ་གྲི། says:
    ལོ་ 11 སྔོན།

    དྲི་བ་ཐེག་ཆགས་འདི་འདྲ་ཞིག་བཏང་ཁུལ་བྱེད། མདོ་སྟོད་ལ་དེ་འདྲའི་སྡང་ཟུག་རང་ད་དགོས་ཨེ་ཡོད། ཁྱོད་ཀྱི་མི་གཞི་ལ་བལྟས་ན་རྒྱ་འོག་ཏུ་བསྡད་ན་རྒྱ་ལྐུག་ལྐག་མཁན་དང་བཙན་བྱོལ་ནང་སླེབས་ནས་རང་དོན་ཁོ་ན་སྒྲུབ་མཁན་ཞིག་ལས། ཁྱེད་ཀྱི་ཕ་ཚེ་བུ་རབས་ནས་རྒྱ་དམར་ལ་རྒོལ་མྱོང་མཁན་ཞིག་མིན་པ་ཐག་ཆོད། ༡༩༥༩ ལོར་བོང་བུ་ལ་རྩམ་འཐག་བསྐལ་ནས་བྲོས་མཁན་གྲས་དེ་ཡིན་པ།

    Reply
  7. ངག་དབང་ཕུན་ཚོགས། says:
    ལོ་ 11 སྔོན།

    ཧི་ཧི་ཧི་་་་ཐོས་དགའ་རྒྱལ་མོ་ཞེས་པའི་མཚན་དེའང་སྙན་བྱུང། ཆབ་སྲིད་གང་མི་ཚད་བ་ཞིག་འཁྲབ་པའི་ཁུལ་རེད་གདའ། ཡག་པོ་རེད། ལྕེ་དམར་པོ་ལ་ངལ་བ་མེད་ན་རང་དབང་ལུང་པ་ལ་ག་ཚོད་བརྗོད་བརྗོད་རེད།

    Reply
  8. བཀྲ་ཤིས། says:
    ལོ་ 11 སྔོན།

    ཐོས་དགའ་རྒྱལ་མོས་འདིར་སྲིད་སྤྱིའི་འོས་མིར་དྲི་བ་ཆེན་པོ་ཞིག་བཏང་འདུག ཡིན་ནའང་དྲི་བ་འདིའི་ལན་རྡོ་དང་དབྱུག་པ་ཡིན་གྱི་རེད། གཟབ་གཟབ་གནང་ཨ།

    Reply
    • བདེན་པའི་རྒྱབ་ལངས། says:
      ལོ་ 11 སྔོན།

      དོན་དངོས་ཀྱི་གནད་དོན་གླེང་བར་རྡོ་དང་དབྱུག་པས་ལན་འདེབས་པ་ནི་ལྐུག་རྟགས་ཤིག་ལས་མ་འདས་སོ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese