མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གཅོད་འོག་ནས་སྐད་ཆ་དྲང་པོ་གསུང་ཐུབ་ཀྱི་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

༧གོང་ས་མཆོག་གིས་གཞོན་སྐྱེས་ཚོ་རེ་བའི་འབྱུང་ཁུངས་ཡིན་པས་ཕན་ཚུན་བར་རང་དང་གཞན་གྱི་བར་ཐག་དོར་ཏེ་འགྲོ་བ་མིའི་རིགས་ཡོངས་རྫོཊ་ཁྱིམ་ཚང་གཅིག་ནང་གནས་ཐུབ་པར་བསམ་བློ་གཏོང་དགོས་སྐོར་གསུངས་འདུག

 

༡ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་དབྱིན་ཡུལ་དུ་ཞབས་སོར་བདེ་བར་འཁོད་དེ་ཁུལ་དེའི་ནང་ཉིན་གྲངས་ ༡༠ རིང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཨོག་སི་ཧྥོར་ཌི་གྲོང་ཁྱེར་ནང་ཡོད་པའི་མག་དཱ་ལིན་མཐོ་སློབ་ (Magdalen College)ཀྱི་ཐང་ཆེན་དུ། ༧གོང་ས་མཆོག་གིས་གཟིགས་ཞིབ་མཛད་རྗེས། མཐོ་སློབ་དེའི་ཚོགས་ཁང་ནང་དུ་གསར་འགོད་པ་རྣམས་ལ་མཇལ་འཕྲད་ཀྱིས་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐོག་ཆུ་ཚོད་ཕྱེད་ལྷག་རིང་བཀའ་སློབ་ལམ་སྟོན་གནང་བ་དང་འབྲེལ། གསར་འགོད་པའི་དྲི་བར་བཀའ་ལན་གནང་འདུག

 

སྐབས་དེར་༧གོང་ས་མཆོག་གིས་ཡུ་རོབ་ནང་སྐྱབས་བཅོལ་དུ་ཡོང་མཁན་ཚོར་ཁ་ཚ་དགོས་གཏུག་གིས་སེམས་འཁུར་ཆེན་པོས་རོགས་རམ་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། སྐྱབས་བཅོལ་འགྲོ་འཇུག་པའི་མི་གསོད་དང་འཐབ་འཛིང་སོགས་མཚམས་འཇོག་བྱ་རྒྱུར་ང་ཚོས་ཞི་བའི་ཐོག་ནས་འབད་བརྩོད་བྱ་དགོས་ཀྱི་འདུག དམག་ཤུགས་ཀྱིས་དུས་ནམ་ཡང་དཀའ་ངལ་སེལ་ཐུབ་ཀྱི་མེད་པ་མ་ཟད། བསམ་ཡུལ་ལས་འདས་པའི་མཇུག་འབྲས་བཟོ་ཡི་ཡོད། ནུབ་ཕྱོགས་ཀྱི་དཔལ་ཡོན་དང་ཨི་སི་ལམ་ (Islam) གྱི་ནོར་འཁྲུལ་ལས་འཁྲུག་འཛིང་ཤོར་གྱི་ཡོད། ཅེས་དང་། ངའི་ཁ་ཆེ་གྲོགས་པོ་ཚོས་ཁ་ཆེའི་ཆོས་པ་ཡང་དག་པ་ཞིག་ཡིན་ན་མི་གསོད་ཁྲག་སྦྱོར་གྱི་བྱ་བ་དེ་འདྲ་རིགས་ནམ་ཡང་བཟོ་ཡི་མེད་པ་དང་། སེམས་ཅན་ཀུན་ལ་ཨ་ལཱ་ (Allah) ཡིས་གུས་བརྩི་ཞུ་གི་ཡོད་ཅེས་གསུང་གི་འདུག གཙོ་བོ་ཤེས་ཡོན་གྱི་ཐོག་ནས་ཁ་ཆེ་རྒྱལ་ཁབ་ཚོ་ཡར་རྒྱས་གཏོང་དགོས་ཀྱི་ཡོད་སྐོར་སོགས་གསུངས་ཡོད་འདུག

 

ཕྱི་ཚེས་ ༡༤ ཉིན་བྷི་བྷི་སི་རྒྱ་ཡིག་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པས་༧གོང་ས་མཆོག་ལ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུའི་དུས་སྟོན་སྲུང་གཙི་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་མ་ཟད། ད་ལྟའི་བོད་ནི་ལོ་རྒྱུས་ནང་ཆེས་འོད་སྟོང་ལྡན་པའི་དུས་སྐབས་ཤིག་ཡིན་ཚུལ་བརྗོད་ཡོད་པ་དེའི་ཐད་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས་ངོས་རང་བོད་ལ་དངོས་སུ་འགྲོ་ཐུབ་མེད་པ་དང་མཐོང་ཐུབ་ཀྱི་མི་འདུག ཡིན་ན་ཡང་། གལ་སྲིད་བོད་རྒྱ་ནག་གིས་བཤད་པ་གནང་བཞིན་དེ་འདྲའི་བསྔགས་བརྗོད་བྱེད་དགོས་པ་ཞིག་ཡོད་པ་ཡིན་ན། ག་རེ་བྱས་ནས་བོད་པ་རང་དང་རྒྱ་ནག་གི་གྲོགས་པོ་ཚོས་ད་ལྟའི་བོད་ལ་དཀའ་སྡུག་ཆེན་པོ་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་སྲིད་གཞུང་གིས་བོད་ནང་ལ་ཁང་པ་གསར་བ་དང་མི་མང་ལ་སྡོད་ཁང་བརྒྱབ་ཡོད་པ་རེད། འོན་ཀྱང་། བོད་མི་ཚོས་བདེ་སྐྱིད་ཅིག་ཚོར་གྱི་མི་འདུག གལ་སྲིད་ཁོ་ཚོར་སྐད་ཆ་དྲིས་ན་ཕལ་ཆེར་མི་ཚང་མས་ཡག་པོ་འདུག་གསུང་གི་རེད། ཡིན་ན་ཡང་། སྒེར་གཅོད་སྲིད་དབང་འོག་གི་མི་མང་ཚོས་སྐད་ཆ་དྲང་པོ་གསུང་ཐུབ་ཀྱི་མ་རེད། སྒེར་སྤྱོད་རྒྱལ་ཁབ་ཡོངས་རྫོགས་གཅིག་པ་རེད། མི་མང་གིས་རང་ཉིད་ཀྱི་འདོད་པ་དང་བསམ་འཆར་གསུང་ཐུབ་ཀྱི་ཡོད་པ་མ་རེད། སྐད་ཆ་ཡོད་ཚད་སྲིད་གཞུང་གིས་བཤད་ཀྱི་ཡོད་པ་རེད། ཅེས་གསུངས་བ་དང་འབྲེལ། ཁྱེད་རང་ཚོ་བརྒྱུད་ལམ་ཁག་གི་མི་སྣ་ཚོ་བོད་ནང་སོང་ནས་ལྟ་དགོས་ཀྱི་འདུག འགྲོ་དུས་ཀྱང་འཆམ་འཆམ་ཙམ་མ་ཡིན་པར་དུས་ཚོད་མང་པོ་ཞིག་གཏང་ནས་རྒྱུས་ལོན་བྱས་པ་ཡིན་ན་གཞི་ནས་དངོས་ཡོད་གནས་ཚུལ་དེ་ཧ་གོ་ཡོང་གི་རེད། ཅེས་སོགས་གསུངས་འདུག

 

2015-09-14-Oxford-N05 (1)དེ་རྗེས་༧གོང་ས་མཆོག་གྲོང་ཁྱེར་དེའི་ནང་ཡོད་པའི་རོ་ཋེ་སི་ཁང་ཁྱིམ་(Rhodes House)དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། སློབ་གྲྭ་ཁག་གསུམ་གྱི་སློབ་ཕྲུག་ཁྱོན་བསྡོམས་ ༢༠༠ ཙམ་ལ་བཀའ་སློབ་བསྩལ་དོན། ལོ་ཆུང་སྤུན་གྲོགས་ཕོ་མོ་ཚོ་དུས་ཚོད་ནི་ག་དུས་ཡིན་ནའང་མུ་མཐུད་ནས་འགྲོ་བཞིན་ཡོད། ང་ཚོས་འདས་པ་བཅོས་བསྒྱུར་བྱ་མི་ཐུབ་ཀྱང་འབྱུང་འགྱུར་ད་དུང་ཡོང་རྒྱུ་ཡིན་སྟབས་དེ་གང་འདྲ་ཞིག་བཟོ་མིན་ང་ཚོའི་ལག་ཏུ་ཡོད། ང་ཚོས་འབྱུང་འགྱུར་ལ་འགྱུར་བ་གཏོང་ཐུབ་ཀྱི་རེད། དུས་རབས་ ༢༠ བའི་ནང་ངའི་མི་ཐོག་གིས་དཀའ་ངལ་མང་པོ་ཞིག་བཟོས་ཡོད་པ་དེ་སེལ་མིན་ཁྱེད་རང་ཚོར་རག་ལས་ཡོད་པ་རེད། ཁྱེད་རང་ཚོ་ང་ཚོའི་རེ་བའི་འབྱུང་ཁུངས་དེ་རེད། གཅིག་ཅེས་ན་དུས་རབས་ ༢༡ པའི་མཇུག་ལ་སྔར་ལས་ཞི་བདེ་དང་བདེ་སྐྱིད་ཡོང་སྲིད། ང་ཚོའི་ཕན་ཚུན་བར་རང་དང་གཞན་གྱི་བར་མཚམས་དེ་དོར་དགོས་པ་དང་། ང་ཚོས་ག་འདྲ་བྱས་ནས་ཕན་ཚུན་ལ་རྟེན་དགོས་པ་དང་འགྲོ་བ་མིའི་རིགས་ཡོངས་ཁྱིམ་ཚང་གཅིག་གི་འོག་གནས་པའི་བསམ་བློ་གཏོང་དགོས་ཀྱི་འདུག ཅེས་སོགས་གསུངས་ཡོད་འདུག

 

ཡང་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བརྡ་འཕྲིན་ (The Telegragh)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ངོ་ ༥༦ ལ་སྐྱབས་བཅོལ་དུ་བཞུགས་པའི་བོད་མིའི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་ཏཱ་ལའི་བླ་མ་མཆོག་གིས། ཨོག་སི་ཧྥོར་ཌི་གྲོང་ཁྱེར་ནང་གི་ཏཱ་ལའི་བླ་མ་བྱམས་བརྩེ་བསྟི་གནས་ཁང་ (Dalai Lama Centre for Compassion) དབུ་འབྱེད་གནང་ཡོད་པ་དང་། བསྟི་གནས་ཁང་དེ་ནི་བཟང་སྤྱོད་ཀྱི་ཆེད་སྦྱོང་བྱ་ཡུལ་ཞིག་ཡིན་པ་སོགས་བཀོད་འདུག གཞན་ཡང་། ཉིན་དེའི་ཉིན་རྒྱབ་ཏུ་༧གོང་ས་མཆོག་དབྱིན་ཡུལ་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་ (Oxford Tibetan Studies Department) ནང་ཆིབས་བསྒྱུར་བསྐྱངས་ཏེ། བོད་ཡིག་ཚན་པའི་དགེ་སློབ་ཚོར་མཇལ་འཕྲད་ཀྱིས་བཀའ་སློབ་གནང་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese