མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱིམ་ཚང་ ༥༨༢ ཀྱིས་སྐྱེ་ལྡན་འདེབས་ལས་བྱེད་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་སྐྱེ་ལྡན་སོ་ནམ་པ་ཚོར་སྐྱེ་ལྡན་ཡོང་འབབ་བཙོང་མ་ཐུབ་པའི་དཀའ་ངལ་མེད་ཀྱང་དགོས་ངེས་ཀྱི་དངུལ་མ་རག་པའི་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་སྐོར་གསུངས་སོང་།

 

yeshi Phentsokདེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་གཉིས་པའི་སྔ་དྲོར། སྐྱེ་ལྡན་སོ་ནམ་ཡར་རྒྱས་ལས་དོན་ཐད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ལོ་ལྟར་སྟོན་ཐོག་འདེབས་ལས་ཆེད་དུས་ཐུང་སྐྱེད་མེད་བུན་གཏོང་ལས་གཞི་ལག་བསྟར་གནང་བཞིན་ཡོད་པ་ལྟར། ས་གནས་ཁག་ལྔའི་ཞིང་ས་ཨེ་ཀར་ ༡༠ ཡན་འདེབས་ལས་བྱེད་མཁན་ཞིང་པ་དུད་ཁྱིམ་ ༧༤ ལ་ཟླ་བ་ ༩ རིང་སྐྱེད་མེད་སོ་ནམ་ཞིང་བུན་ཧིན་སྒོར་ ༤༡.༧༥.༠༠༠.༠༠ བཏང་བ་བཞིན་དངུལ་འབོར་ཆ་ཚང་ཕྱིར་སློག་བྱུང་ཡོད་པ་དང་། དེ་བཞིན་སོ་ནམ་སྐྱེད་ཆུང་དུས་བཀག་བུན་གཏོང་གི་ལས་གཞིའི་ཁྲོད། སོ་ནམ་གཞིས་ཆགས་ཁག་གི་ཞིང་པ་ཡར་ཐོན་དང་དོ་དབྱིངས་ཅན། དེ་བཞིན་མཉམ་འབྲེལ་ཁག་ཅིག་ལ་སོ་ནམ་ཞིང་ལས་ཡར་རྒྱས་གཏོང་ཆེད་ཞིང་ཆུ་འདྲེན་གཏོང་དང་སྒོ་ཕྱུགས་གསོ་སྐྱོང་། སོ་ནམ་ལས་དོན་ཐོག་མཁོ་གནད་ཆེ་བའི་དེང་དུས་ཀྱི་འཕྲུལ་ཆས་རིགས་ཉོ་ཆེད་ལོ་ ༣ ནས་ ༥ བར་ཁྱོན་ཧིན་སྒོར་ ༦.༢༥༠.༠༠༠.༠༠ གནང་ཡོད་སྐོར་སོགས་གསུངས་སོང་།

 

སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ད་ལྟའི་ཆར་སྐྱེ་ལྡན་སོ་ནམ་འདེབས་ལས་གནང་མཁན་གྱི་གཞིས་ཆགས་ག་ཚོད་ཡོད་པ་དང་། བཀའ་ཤག་སྐབས་བཅུ་བཞིའི་ལས་ཡུན་ནང་ཅི་ཙམ་མང་དུ་ཕྱིན་ཡོད་པ། གལ་སྲིད་མང་དུ་ཕྱིན་མེད་ན་རྒྱུ་མཚན་ཅི་ཡིན་སྐོར་གྱི་སྐར་རྟགས་ཅན་གྱི་དྲི་བ་ཕུལ་སྐབས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མཆོག་གིས། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ནང་ཁྱོན་བསྡོམས་ཁྱིམ་ཚང་ ༥༨༣ དང་འདེབས་ལས་ཀྱི་ས་ཆ་ཨེ་ཀར་གྲངས་ ༢.༣༧༥.༣༨ ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོར་ད་ལྟའི་བཀའ་ཤག་གི་ངོས་ནས་མེའུ་གཞིས་ཆགས་ནང་ས་ཆ་ཨེ་ཀར་ ༧༩ ཐོག་མགོ་བཙུགས་ཐུབ་པ་ཙམ་མ་གཏོགས་བྱུང་མ་སོང་། སོ་ནམ་གཞིས་ཆགས་ཁག་བཅུ་གཉིས་ནང་ཁྱིམ་ཚང་ ༥༨༣ ནས་ཁྱོན་བསྡོམས་ཨེ་ཀར་གྲངས་ ༢.༣༧༥ .༣༨ སྟེང་ལོ་གཅིག་ནང་སྐྱེ་ལྡན་འབྲས་ཀོན་ཊལ་ ༧༨.༧༡༠ དང་། ཨ་ཤོམ་ཀོན་ཊལ་ ༡༢.༢༧༤.༦༠། ཞོག་ཁོག་ཀོན་ཊལ་ ༢༡༢། མོན་ཆག་ཀོན་ཊལ་ ༤༨༠། སྲན་མ་ཀོན་ཊལ་ ༥.༡༧༡། སྒ་སེར་ཀོན་ཊལ་ ༤.༧༠༠། སྒ་སྨུག་ཀོན་ཊལ་ ༧.༩༦༠། བྲའོ་ཀོན་ཊལ་ ༡༢.༠༢༥། པད་ཀང་ཀོན་ཊལ་ ༧.༧༩༠། གྲོ་ཀོན་ཊལ་ ༤༥༦ སོགས་ཁྱོན་བསྡོམས་ཀུན་ཊལ་འབུམ་ ༡ ལྷག་(༡.༥༢.༡༢༢.༦༠) ཐོན་གྱི་ཡོད་ཅེས་ཞུ་བ་ཡིན། ས་གནས་ཁག་ནས་མངའ་སྡེ་གཞུང་སོ་སོའི་སྐྱེ་ལྡན་ལས་གཞི་དེ་ཚོའི་ནང་མཉམ་ཞུགས་དང་གོ་སྐབས་ལེན་ཐུབ་པ་དགོས་པར་བརྒྱ་ཆ་བརྒྱ་ངོས་འཛིན་ཞུ་ཡི་ཡོད། ད་ལྟ་བར་དུ་མང་ཆེ་བར་ང་ཚོས་བོད་མིར་ལྟ་སྐྱོང་བྱེད་སྟངས་ཀྱི་སྲིད་བྱུས་རང་ལ་ཤུགས་བརྒྱབ་སྟེ། སྲིད་བྱུས་དེར་མངའ་སྡེ་སོ་སོའི་ཐོག་ནས་ངོས་བཞེས་གཙང་མ་ཞིག་བྱུང་བ་ཡིན་ན། རང་བཞིན་གྱིས་ཞིང་པ་དེ་ཚོར་རིམ་པ་གཉིས་པའི་ཐོག་ནས་ཆ་ཤས་ཆ་ཚང་ཞིག་ལེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

 

ཡང་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་གཞིས་ཆགས་འཕར་མའི་ནང་སྐྱེ་ལྡན་སོ་ནམ་ལས་གཞི་འཛུགས་ཐུབ་མེད་པའི་རྒྱུ་རྐྱེན་སྐོར་བཀའ་འདྲི་ཞུས་པར་ཁོང་མོས། ད་ལྟ་བར་དུ་སྐྱེ་ལྡན་སོ་ནམ་ཀྱི་ལས་གཞིའི་གནས་སྟངས་བཟང་པོ་བྱུང་མེད་པ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། བོད་མིར་འོས་པའི་སྐྱེ་ལྡན་སོ་ནམ་གྱི་སྲིད་བྱུས་ཐོག་གང་ཐུབ་ཀྱིས་གཞུང་གི་ངོས་ནས་མི་མང་ལ་ངོ་སྤྲོད་དང་མཐུན་འགྱུར་རྒྱབ་སྐྱོར་གནང་དགོས་པ་དེ། ང་ཚོ་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་སྒྲུབ་པའི་སྐབས་དེར་ཧོད་རྒྱུག་དང་འབྲེལ་བའི་གནད་དོན་དང་། དེའི་ནང་ནས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་བྱས་པའི་གནད་དོན་དེ་ཚོར་བལྟས་པ་ཡིན་ནའང་། སྐྱེ་ལྡན་སོ་ནམ་གྱི་སྲིད་བྱུས་དེ་ང་ཚོར་ཡོད་པའི་ཐོག་ནས་གང་ཐུབ་ཀྱིས་བྱེད་དགོས་པའི་སྲིད་བྱུས་བཟང་པོ་ཞིག་ལ་བརྒྱ་ཆ་བརྒྱ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་གཅིག་ཡིན། གཉིས་ནས་ཁྲོམ་ར་འཛུགས་མ་ཐུབ་པའི་དཀའ་ངལ་ཞིག་ད་ལྟ་ཡིན་ནའང་གནས་ཡོད་པ་དེ་དངོས་འབྲེལ་ཆགས་བསྡད་ཡོད། ཅེས་དང་།

 

Dolmaཡང་ཁོང་མོས། གཞིས་ཆགས་འཕར་མའི་ནང་སྐྱེ་ལྡན་སོ་ནམ་ལས་གཞི་འཛུགས་མ་ཐུབ་པའི་རྒྱུ་མཚན་ཞུས་པ་ཡིན་ན། གཞིས་ཆགས་ཆེ་བ་ཁག་གི་ནང་ནས་མགོ་འཛུགས་མ་ཐུབ་ས་དང་མགོ་མ་བཙུགས་ས་དེ་ལ་དྭགས་དང་བྷན་ད་ར་གཉིས་ཆགས་ཀྱི་ཡོད་པ་རེད། དེ་གཉིས་ཀའི་ནང་ནས་གལ་ཏེ་ཞིང་པའི་ངོས་ནས་ང་སྐྱེ་ལྡན་ནང་འགྲོ་ཡི་ཡིན་ཞེས་ལབ་ན། བཀག་སྡོམ་གྱི་ལམ་ཀ་དེ་རྩ་བ་ཉིད་ནས་ཡོད་པ་མ་རེད། ང་ཚོས་སྤྱི་མཚུངས་ཀྱིས་བརྒྱ་ཆ་བརྒྱ་མཐུན་འགྱུར་དང་རྒྱབ་སྐྱོར་ཞུ་དང་ཞུ། ལས་གཞི་མགོ་མ་བཙུགས་པ་དེ་ག་རེ་རེད་ཟེར་ན། ལ་དྭགས་སོ་ནམ་གླིང་ལྟ་བུ་ཡིན་ན་སྐྱེ་ལྡན་ཕར་ཞོག་སོ་ནམ་ལས་གཞིའང་ས་གནས་ཀྱི་གནམ་གཤིས་སོགས་གང་ཅིའི་ཐོག་ནས་ཁག་པོ་ཆགས་འདུག་པར་བརྟེན། སྐྱེ་ལྡན་སོ་ནམ་མགོ་མ་བཙུགས་པ་རེད། དེ་བཞིན་བྷན་ད་ར་ཡིན་ན་ཁྲོམ་ར་ནས་ཐག་རིང་པོ་ཡིན་ལ། དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་དང་སྦྲགས་ད་ལྟ་བྷན་ད་ར་ནང་འབྲས་འདེབས་འཛུགས་ཀྱི་ལས་གཞི་ཞིག་མགོ་བཙུགས་ཏེ་འགྲོ་མུས་ཆགས་ཡོད་སྟབས། ལས་གཞི་དེ་དང་མཉམ་དུ་སྐྱེས་ལྡན་སོ་ནམ་བར་དུ་བཅུག་པ་ཡིན་ན་གཞིས་ཆགས་ཆེན་པོ་ཞེ་དྲགས་ཤིག་མིན་པས་གནས་སྟངས་ཤིག་གིས་བྱུང་མ་སོང་། ཞེས་གསུངས་སོང་།

 

སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་སྐྱེ་ལྡན་སོ་ནམ་འདེབས་ལས་བྱེད་སའི་ས་ཆ་ཨེ་ཀར་ ༢༣༧༥ ཡོད་སྐོར་གསུངས་པའི་བསྡོམས་འབོར་དེ་གཞིས་ཆགས་སོ་སོའི་ལས་བསྡོམས་ནང་འཁོད་པའི་གྲངས་ཐོ་ཡིན་ནམ། ཡང་ན་གྲངས་ཐོ་དེར་གཞི་བཅོལ་ནས་ཞིབ་འཇུག་བྱས་པའི་གྲངས་ཐོ་ཡིན་བཀའ་འདྲི་ཞུས་པར། དུས་ཡུན་རིང་པོ་ཞིག་ནས་སྐྱེ་ལྡན་ཐོག་ཕེབས་མཁན་གྱི་ཞིང་པ་དང་ས་ཆའི་ཁྱོན་བསྡོམས་དེ། ས་གནས་ནས་འཆར་ཟིན་འདྲ་བོ་ཞིག་ཡར་ཕུལ་ཏེ་བསྡོམས་བཞག་པ་ཞིག་མཚམས་མཚམས་སུ་བྱུང་འདུག དེ་འདྲ་བྱུང་འདུག་ཅེས་ཞུ་བ་ཡིན། ཡིན་ནའང་། དེའི་སྔོན་གྱི་གྲོས་ཚོགས་ཤིག་ནང་བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་ཞིབ་ཚགས་པོ་ཞེ་དྲགས་བྱས་ཏེ། སྔར་ལོར་གྲངས་ཀ་ག་ཚོད་ཡོད་པ་དང་། དེའི་སྔོན་གྱི་ལོར་གྲངས་ཀ་ག་ཚོད་ཡོད་པ་རེད་ཅེས་འདྲི་རྩད་ཕེབས་སོང་། དེ་ཚོས་ང་ཚོར་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་། བར་མཚམས་ཞིག་ནས་ང་ཚོས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་ཐུབ་པ་བྱུང་སྟེ། ད་ལྟའི་སྐབས་འདིར་གྲངས་ཀ་ཕུལ་བཞག་པ་དེ་ས་གནས་རང་ལ་ས་ཆ་ཨེ་ཀར་དེ་འདྲ་ཞིག་ཡོད་བཞག་ཅིག་དང་། ཞིང་པ་ཡིན་ནའང་གྲངས་ཀ་དེ་རང་ཡོད་པ་བརྒྱ་ཆ་བརྒྱ་ཞུ་ཐུབ་ཀྱི་འདུག ཅེས་གསུངས་སོང་།

 

yeshiསྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་སྐྱེ་ལྡན་སོ་ནམ་གྱི་ལས་གཞིར་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་སྐྱེ་ལྡན་སོ་ནམ་གྱི་ལག་ཁྱེར་མེད་པས་ཡིན་ནམ། ཡང་ན་ཁྲོམ་ར་མེད་པས་རེད། དཀའ་ངལ་དེ་སེལ་ཐབས་ག་འདྲ་གནང་གི་ཡོད་བཀའ་འདྲི་ཞུས་པར་ནང་སྲིད་བཀའ་བློན་མཆོག་གིས། ད་ལྟ་ཡོད་བཞིན་པའི་སྐྱེ་ལྡན་གྱི་ཞིང་པ་དེ་ཚོར་ལག་འཁྱེར་མ་རག་པའི་དཀའ་ངལ་གྱི་ཐོག་ནས་མ་རེད་ཅེས་ཞུ་བ་ཡིན། གལ་ཏེ་ཚད་ལྡན་གྱི་སྐྱེ་ལྡན་སྒང་འགྲོ་ཡི་ཡོད་ན་ལག་འཁྱེར་རག་ཐབས་ཡོང་གི་འདུག ཡིན་ནའང་། ལག་འཁྱེར་དེ་སྐྱེ་ལྡན་རེད་ཟེར་བའི་དཔང་རྟགས་འདྲ་བོ་ཆགས་ཀྱི་འདུག ཁྲོམ་ར་འཚོལ་རྒྱུ་དེ་ལོགས་ག་ཞིག་རང་བཞིན་གྱིས་ཆགས་འདུག སྐྱེ་ལྡན་ཡོང་འབབ་དེ་ཚོ་བཙོང་མ་ཐུབ་པའི་དཀའ་ངལ་མེད་ཀྱང་དགོས་ངེས་ཀྱི་དངུལ་རག་མ་ཐུབ་པ་དེ་དངོས་ཡོད་རེད། དེར་བརྟེན་ཁ་སང་ཚོང་པའི་ལྷན་ཚོགས་ནང་ཡོད་པའི་ཚོང་པ་ཁག་ཅིག་དང་བཀའ་མོལ་བྱུང་། ཞིང་པ་དང་བོད་པའི་སྤྱི་ཚོགས་ནང་ཡོད་པའི་ཚོང་པ་ཕན་ཚུན་བར་འབྲེལ་བ་གནང་སྟེ། གཅིག་ཕན་གཉིས་ཕན་ཡོད་པ་དེ་འདྲ་གནང་རྒྱུ་མེད་འགྲོ་ཟེར་ནས་ཐབས་ཤེས་ཨེ་འདུག་ལྟ་ཡི་ཡོད། ཅེས་གསུངས་སོང་།

 

གསར་འགོད་པ། པདྨ་མཚོ།

 

 

 

 

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese