མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པར་ནོར་འཁྲུལ་མེད་པ་མ་ཟད་དཀར་པོ་དཀར་རྐྱང་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་གྲོས་ཚོགས་ནང་རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་བའི་ཁ་མཆུའི་སྐོར་གླེང་སློང་བྱུང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་སྤོབས་པ་ཆེན་པོའི་ཐོག་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་མེད་པ་མ་ཟད། རྒྱ་གར་གཞུང་གི་ཁྲིམས་ལ་ཡིད་ཆེས་གཙང་མ་བྱས་ནས་ཐུགས་ཁྲལ་རྩ་བ་ཉིད་ནས་གནང་མི་དགོས་སྐོར་གསུངས་སོང་།

 

_DSC8948དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ ༣ པའི་ཕྱི་དྲོར། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ཧི་མ་ཅལ་ཨུ་ཎ་རྫོང་ས་གནས་ཁྲིམས་ཁང་གིས་རྒྱལ་བ་ཀརྨ་པ་མཆོག་གི་དངུལ་གྱི་ཁ་མཆུ་དེར་རྒྱལ་བ་ཀརྨ་པ་མཆོག་གི་མཚན་བཀོད་མི་དགོས་པའི་ཐག་གཅོད་གནང་ཡོད་ཀྱང་། འབྲས་ལྗོངས་ཀྱི་ནང་བསྟན་སྲུང་སྐྱོབ་ཚོགས་པ་ཟེར་བ་ཞིག་གིས་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་ལ། ཨུ་ཎ་རྫོང་གི་ཐག་གཅོད་དེར་བསྐྱར་ཞིབ་བྱ་དགོས་པའི་ཞུ་གཏུག་བྱས་ཡོད་སྟབས། ཉེ་ཆར་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གིས་ཨུ་ཎ་ས་གནས་ཁྲིམས་ཁང་གི་ཐག་གཅོད་མེད་པར་བཟོས་ཏེ། ཁ་མཆུ་དེ་རྒྱལ་བ་ཀརྨ་པའི་མཚན་ཐོག་ལ་གསར་དུ་སྒོ་འབྱེད་དགོས་འདུག་ཅེས་བཀའ་རྒྱ་བཏང་ཡོད་སྟབས། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འགྲོ་རྒྱུ་མ་གཏོགས་ལམ་ཁ་མེད་པར་དེའི་ཐོག་འགྲོ་བཞིན་ཡོད་པ་རེད། ང་ཚོའི་བློ་འཚབ་དེ་རྒྱལ་བ་ཀརྨ་པའི་མཚན་ཐོག་ནས་ཁ་མཆུ་དེ་གསར་དུ་སྒོ་འབྱེད་པ་ཡིན་ན་འགྲིག་ཐབས་རྩ་བ་ནས་མེད་པས། བཀའ་ཤག་གིས་ཁྲིམས་ཐོག་ནས་མཛད་འཆར་དང་ལག་བསྟར་ག་རེ་གནང་ཡོད་པ་དང་། འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་འབྲས་ལྗོངས་ནང་བསྟན་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་ག་རེ་རེད། ཚོགས་པ་དེའི་འགན་ཁུར་མཁན་སུ་རེད། ཁོ་ཚོའི་དམིགས་ཡུལ་གྱི་ཁ་ཕྱོགས་ག་རེ་རེད། དཔལ་ལྡན་བཀའ་ཤག་དང་ཆོས་རིག་ལས་ཁུངས་གཉིས་ནས་ཚོགས་པ་དེའི་ངོ་བོ་ག་རེ་ཡིན་མིན་ཞིག་གསུང་རོགས་ཞེས་བརྗོད་སོང་།

 

དེ་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འགྲེལ་བཤད་གནང་དོན། རྒྱལ་བ་ཀརྨ་པ་མཆོག་གི་ཁ་མཆུ་དེ་ཐོག་མ་ཡོང་སྐབས་བཀའ་ཤག་སྔོན་མས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་འདུག་ལ།  བཀའ་ཤག་སྐབས་ ༡༤ བས་འབད་བརྩོན་གནང་སྟེ་ཐོག་མར་རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཐོག་གི་ཁ་མཆུ་དེ་མར་འཐེན་ཐུབ་པ་བྱུང་སོང་། དེ་དུས་དབུས་གཞུང་དང་མངའ་སྡེ་གཞུང་ནས་ང་ཚོས་ཞུས་བཞག་པ་དེར་མོས་མཐུན་ཆ་ཚང་གནང་པ་རེད། ཁྲིམས་ཀྱི་འགྲོ་སྟངས་འགྲོ་ལུགས་ཐོག་ནས་ཁོ་རང་ཚོ་དེབ་སྐྱེལ་བྱས་པའི་ཐེབས་རྩ་ཞིག་ཡིན་སྟབས། ཐེབས་རྩ་དེའི་ནང་ལ་འགྲོ་སྟངས་འགྲོ་ལུགས་ཐོག་ནས་ཁོ་རང་ཚོས་དབུས་གཞུང་ལ་ཕྱག་བྲིས་ཕུལ་ནས་ག་རེ་བྱས་པ་ཡིན་ནའང་། རྒྱལ་བ་ཀརྨ་པ་ཁ་མཆུ་དེའི་ནང་ལ་ཚུད་དགོས་པ་མི་འདུག་ཅེས་ཁྲིམས་ཐག་བཅད་པ་རེད། ཡིན་ན་ཡང་། བཀུར་འོས་སྤྱི་འཐུས་ཀྱིས་གསུངས་བ་ནང་བཞིན་སྟབས་མ་ལེགས་པ་ཞིག་ལ། ཉེ་ཆར་ཧི་མ་ཅལ་མངལ་སྡེའི་མཐོ་རིམ་ཁྲིམས་ཁང་ནས་རྒྱལ་བ་ཀརྨ་པ་ཁ་མཆུ་དེའི་ནང་ཚུད་དགོས་རེད་ཅེས་ཐག་བཅད་པ་རེད། ང་ཚོར་མཚོན་ན་དེ་གློ་བར་དུ་ཐག་གཅོད་བྱུང་པ་ཞིག་ཚོར་སོང་། དེའི་ཐོག་ལ་ང་ཚོས་ག་བར་ཞུ་གཏུག་ཕུལ་དགོས་ན་ཕུལ་དང་འབུལ་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་ཆ་ཚང་ཞིག་ཞུས་རོགས་གནང་ཞེས་གསུང་ན་མ་ཆོག་པ་གང་ཡང་ཡོད་པ་མ་རེད། ཡིན་ནའང་འགྲོ་སྟགས་ཤིག་ཡོད་པ་རེད། ཁྲིམས་གཏུག་ཡོད་པ་རེད་ཅེས་ཞུས་ཚར་དུས་དེའི་སྐོར་ལ་ཕྱི་གསལ་ནང་གསལ་མ་གསུང་ན་དྲག་གི་རེད་བསམ་གྱི་འདུག གང་ཡིན་ཞེ་ན། དབུས་མངའ་སྡེ་སྤྱི་ཡོངས་ཀྱི་ཕྱག་ལས་གནང་མཁན་ཚོར་སྟབས་མ་བདེ་བ་ཡོང་སྲིད་པ་རེད། ཕར་ཕྱོགས་ཀྱི་གནོད་སྐྱེལ་མཁན་དང་ཁ་མཆུ་རྒྱག་མཁན་ཁོ་རང་ཚོའི་ཀུན་སློང་དང་དམིགས་ཡུལ་སོགས་ཁ་ཁ་ཡིན་དུས། ཁོ་རང་ཚོར་དེ་འདྲ་བྱེད་ཀྱི་ཡོད་ཅེས་ཞུས་ན་སྟབས་མ་བདེ་བ་ཞིག་ཡོང་གི་རེད། བཀའ་ཤག་གིས་འདི་གལ་ཆེ་དོན་ཆེན་རྩིས་ནས་ང་ཚོས་ནང་སྲིད་བཀའ་བློན་མཆོག་ཆེད་དུ་སིམ་ལར་ཕེབས་དགོས་ཀྱི་འདུག་ཅེས་ཞུས་པ་དང་། དེར་ཕེབས་ནས་ཞུ་གཏུག་ཕུལ་དགོས་པ་དང་གསལ་བཤད་གནང་དགོས་པ་ཆ་ཚང་ཞུས་དང་ཞུ་མུས་རེད། དེ་བཞིན་སྲིད་སྐྱོང་གཙོས་པའི་འབྲེལ་ཡོད་བཀའ་བློན་སུ་ཡིན་ནའང་རྒྱ་གར་དབུས་གཞུང་ལ་བཅར་བའི་སྐབས་སུ་ཞུ་གཏུག་ཕུལ་དགོས་པ་དང་གསལ་བཤད་གནང་དགོས་པ་སོགས་གནང་དང་གནང་མུས་ཡིན། ང་ཚོར་དེའི་ཐོག་ལ་སེམས་འཚབ་ཡོད་ལ། བླ་ཆེན་ཞིག་ཁྲིམས་ཁང་ལ་ཕེབས་པ་དེ་རྩ་བ་ཉིད་ནས་ལན་པོ་མི་འདུག གང་ཡིན་ཞེ་ན། བོད་ཕྱི་ནང་གཉིས་ནས་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་མཁན་ཚོར་བླ་ཆེན་ཞིག་ཁྲིམས་ཁང་ལ་ཕེབས་པ་ཡིན་ན། ཁ་མཆུ་ག་རེ་ཡིན་ལ་མ་ལྟོས་པའི་ཐོག་ནས་ཕེབས་པ་ཙམ་གྱིས་བློ་ཕམ་ཡོང་གི་ཡོད་སྟབས། གང་ཅིའི་ཐོག་ནས་ཡིན་ནའང་ང་ཚོས་ཁ་མཆུ་དེ་འཐེན་དགོས་ཀྱི་འདུག ཁ་མཆུ་འཐེན་པར་ཞུ་གཏུག་ཕུལ་བ་གཅིག་པུ་མ་རེད། ཁྲིམས་ཀྱི་ཐོག་ནས་ཡིན་ན་ཡང་གཞི་བརྟན་པོ་ཞིག་ཡོད་པ་རེད། ཁུངས་སྐྱེལ་བྱས་ཏེ་ཁྲིམས་དང་ག་བར་ཡིན་ནའང་ང་ཚོས་ཞུས་དང་ཞུ་མུས་ཡིན། ཞེས་གསུངས་སོང་།

 

ཁ་མཆུའི་དེའི་ཐད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསལ་བཤད་གནང་དོན། ཁྲིམས་ཁང་ནང་འགྲོ་བསྡད་པའི་གནས་ཚུལ་ཞིག་ལ་ཁྲིམས་ཁང་རང་ནས་གཙང་མ་བཟོ་དགོས་པ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ག་རང་ཐོག་ལ་འགྲོ་གི་ཡོད་ཞུ་རྒྱུ་ཡིན། ཁྲིམས་ཐོག་ལ་ཕེབས་སྐབས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་དབྱིན་སྐད་ཐོག་ཞུས་ན། ནག་ཉེས་ཐོ་གཞུང་(Chart Sheet) ཞེས་པའི་ཉེན་རྟོག་པས་གནད་དོན་འདི་དང་འབྲེལ་ཡོད་སུ་དང་སུ་ཆགས་ཀྱི་འདུག་ལབ་ནས་ཐོ་གཞུང་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་མཚན་འཁོད་ཡོད་པ་དེ། ཁྲིམས་ཀྱི་ཐོག་ལ་ཏག་ཏག་ཅིག་བསྡད་མེད་པ་བརྒྱ་ཆ་བརྒྱ་ཐམ་པ་ང་ཚོས་མཐོང་གི་ཡོད་པ་མ་ཟད་ཏག་ཏག་བསྡད་ཡོད་མ་རེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། དོན་རྐྱེན་དེ་བྱུང་སྐབས་རྒྱལ་བ་ཀརྨ་པ་མཆོག་ཚོགས་པ་དེའི་ཚོགས་གཙོ་མིན་སྟབས། གནད་དོན་དེ་ཚོ་དངོས་ཡོད་ཀྱི་གནས་སྟངས་ཤིག་མིན་པར་ཁྲིམས་ཁང་ནང་ཁ་མཆུ་བཙུགས་པ་རང་ཆགས་ཀྱི་འདུག ཡིན་ནའང་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི། ཡུལ་ཁྲིམས་བཅས་ལ་བརྩི་བཀུར་ཞུ་ཡི་ཡོད། གལ་སྲིད་ང་ཚོས་དེ་དང་མི་མཐུན་པ་ཞིག་བྱས་པ་ཡིན་ན་གང་ཡང་བྱེད་ཐུབ་ཀྱི་མེད་པ་གསལ་པོ་ཞེ་དྲགས་ཆགས་ཡོད་ཀྱང་། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནད་དོན་དེའི་ནང་རྒྱལ་བ་ཀརྨ་པ་མཆོག་ཐེ་བྱུས་རྩ་བ་ཉིད་ནས་མེད་པ་ཞིག་བཅུག་ཡོད་སྟབས། ད་ལྟ་བོད་མིའི་སྒྲིག་འཛུགས་ངོས་ནས་ར་འཕྲོད་གསལ་པོ་ཡོང་ཆེད། ཁྲིམས་ཁང་དང་གཞུང་ལ་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསལ་པོ་བྱས་ནས་ཞུ་འདོད་བྱུང་མ་གཏོགས། ང་ཚོའི་བླ་མ་ཞིག་གིས་ནོར་འཁྲུལ་ཤོར་བའི་དབང་དུ་བཏང་བ་ཡིན་ན། བླ་མ་འདི་ཆེན་པོ་ཡིན་སྟབས་བཅུག་ན་རྩ་བ་ཉིད་ནས་འགྲིག་གི་མི་འདུག་ཟེར་བ་དེ་འདྲ་རྩ་ནས་མ་རེད། རྒྱལ་བ་ཀརྨ་པར་ནོར་འཁྲུལ་མེད་པ་དང་དཀར་པོ་དཀར་རྐྱང་ཡིན་སྟབས། བོད་གཞུང་གིས་ཐོག་མ་ནས་ལས་གཞི་དེ་མགོ་བཙུགས་དགོས་པའི་རྒྱུ་མཚན་ཡང་དེ་རང་ཆགས་ཀྱི་ཡོད་ཅེས་གྲོས་ཚོགས་ནང་གསལ་བོ་མ་བཤད་ན་འགྲིག་མ་སོང་བསམ་གྱི་འདུག ད་ལྟའི་སྐབས་ཡིན་ཡང་བཀའ་ཤག་ཐོག་ནས་གལ་ཆེན་པོ་ཞིག་ལ་རྩིས་ཏེ་ཆོས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ལ་འགན་གནང་ཡོད་སྟབས། ང་ཚོས་དེ་རིང་གྲོས་ཚོགས་ནང་ལ་སྤོབས་པ་ཆེན་པོའི་ཐོག་ནས་ཞུས་ཐུབ་པ་ཞིག་ལ་ནག་ཉེས་མེད་པ་རྒྱུ་མཚན་གཙོ་བོར་བཟུང་བའི་ཐོག རྒྱ་གར་གྱི་ཁྲིམས་ཀྱི་འགྲོ་ལུགས་སྟངས་ལ་ཡིད་ཆེས་གཙང་མ་ཡོད་པའི་ཐོག་ནས་རྩ་བ་ཉིད་ནས་ཐུགས་ཁྲལ་གནང་དགོས་པ་མ་རེད་ཅེས་ཞུ་འདོད་བྱུང་། ཞེས་གསུངས་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 7

  1. ཨ་ཁུ་ནོར་བུ་ says:
    ལོ་ 8 སྔོན།

    ཡག་པོ་རེད་

    Reply
  2. drongbu sogtsa says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  3. དྲང་བདེན says:
    ལོ་ 8 སྔོན།

    ལན་གསལ་པོ་མི་འདུག་་འབྲས་ལྗོངས་ལ་ཡོད་པའི་ནང་བསྟན་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་སུ་རེད་་བསྟན་བཤིག་ཚོགས་པ་དེའི་དམིགས་ཡུལ་གང་ཡིན་ནམ

    Reply
  4. འདན་བསོད། says:
    ལོ་ 8 སྔོན།

    ༸་དཔལ་རྒྱལ་བ་ཀརྨ་པ་རིན་༷པོ་ཆེ་མཆོག་གི་གནས་སྟངས་འདི་ཐོག་བར་ལམ་བཀའ་བརྒྱུད་སྤྱི་འཐུས་མཆོག་ནས་ཐུགས་འཁུར་ཆེན་པོའི་གླེང་བྱུང་བ་དགའ་བསུ་དང་དེའི་ཐོག་རང་གཞུང་སྒྲིག་བཙུག་གིས་སྤོབས་པ་ཆེན་པོའི་ཐེ་འཚོམ་སྤུ་ཙམ་མེད་པའི་ཐོག་བཀའ་ལན་གནང་སྟངས་བཅས་ལ་བལྟས་ན། རྗེས་ཀྱི་སྲིད་སྤྱི་གཉིས་ཅོག་རེ་བཟུང་ལས་ཕལ་ཆེར་རང་སོར་འཇོག་དགོས་པ་སྣང་།

    Reply
  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 8 སྔོན།

    ཧཧཧཧཧཧ་་་་་་ག་རེ་ཞིབ་བཤེར་བྱ་རྒྱུ་ཡོད་ན་དགའ་བསྲུ་ཡོད་གདའ།

    Reply
  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 8 སྔོན།

    ཕྱི་ནང་གང་ནས་ལྟོས་ན་རིན་པོ་ཆེར་གཙང་མ་དགོས་པ་དེ་ཧ་ཅང་གི་གལ་ཆེ་རེད་དོ།།

    Reply
  7. Athup says:
    ལོ་ 8 སྔོན།

    ༧རྒྱལ་བ་ཀརྨ་པ་མཆོག་རྒྱལ་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist