མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁ་ཕྱོཊ་མ་ནོར་བ་དགོས་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བའི་ཉིན་མོ་སྲུང་གཙི་སྐབས་སྤྱི་སྒེར་སུ་ཡིན་རུང་རྒྱ་ནག་ལ་ཁ་ཕྱོགས་ཏེ་གཅིག་སྒྲིལ་གྱིས་འཐབ་རྩོད་གནང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

 

unnamedདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་དྷ་ས་དབུས་གཙང་ཆོས་ཁའི་ཚོགས་ཁང་དུ། དབུ་མའི་ལམ་གྱི་དབུས་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བའི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་སྤྱི་འཐུས་ལས་ཐོག་དང་ལས་ཟུར་ཁག་ཅིག དེ་བཞིན་ལས་འགུལ་ཁང་གི་རྒྱུན་ལས་ཚོགས་མི་བཅས་མི་གྲངས་ ༤༠ མ་ཟིན་ཙམ་འཛོམས་འདུག

 

མཛད་སྒོའི་ཐོག་དབུ་མའི་ལམ་གྱི་སློབ་སྟོན་པ་དམ་ཆོས་དཔལ་བཟང་ལགས་ཀྱིས་ཡིག་ཐོག་གཏམ་བཤད་གནང་སྐབས། དེ་རིང་གི་གལ་ཆེའི་ཉིན་མོ་འདིའི་གོ་སྐབས་བཟུང་ནས་ས་གནས་ཁག་ཏུ་ཡོད་པའི་མི་མང་དང་ས་གནས་འབྲེལ་མཐུད་པ་བཅས་ནས། ད་ལྟའི་བར་ལྷག་བསམ་དང་རྒྱལ་ཞེན་ཆེན་པོའི་འགན་འཁུར་དང་ཆོད་སེམས་བརྟན་པོས་ལངས་ཕྱོགས་བཟུང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་དང་ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ལ་རྒྱབ་སྐྱོར་ཀྱི་རང་འཁྲིའི་ལས་འགན་ཧུར་འབད་བྱས་དང་བྱེད་བཞིན་པར་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་ཚོགས་ཆེན་སྐབས་བཞི་པ་དང་འགན་འཛིན་ལྷན་ཚོགས་བཅས་ཀྱི་གྲོས་ཆོད་ཁག་དང་། དེ་བཞིན་སྲིད་བྱུས་ལ་སྨན་པའི་དམིགས་བསལ་གྱི་ལས་འཆར་ཁག་སྐབས་མཚམས་སོ་སོར་ལམ་སྟོན་ཞུས་པ་ལྟར་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་བསྐུལ་ཡང་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

 

ཡང་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ཐོག་གླེང་སློང་སྣ་ཚོགས་བྱེད་བཞིན་པའི་སྐོར་ལ་ཁོང་གིས། དབུ་མའི་ལམ་ནི་བོད་རྒྱ་གཉིས་ཀྱི་རྩོད་རྙོག་འདུམ་སྒྲིག་བྱེད་པའི་རང་གཞན་གཉིས་ཕན་གྱི་རྨང་གཞིར་བཏིང་པའི་ཆབ་སྲིད་ཀྱི་སྲིད་བྱུས་ཤིག་ཡིན་ལ། ༧གོང་ས་མཆོག་གི་དབུ་འཁྲིད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ཆབ་སྲིད་ཀྱི་ལང་ཕྱོགས་དེ་ཡིན། སྲིད་བྱུས་དེའི་སྙིང་པོ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་འཐོབ་རྒྱུ་ཡིན་པ་མ་ཟད། བོད་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་ནས་ཁ་བྲལ་ཏུ་འགྲོ་རྒྱུའི་མཐའ་དང་། ད་ལྟའི་རྒྱ་གཞུང་གིས་བོད་ལ་འཛིན་པའི་གཉའ་གནོན་དང་བཤུ་བཞོག བཙན་གནོན་བཅས་ཀྱི་སྲིད་བྱུས་གནས་བབ་རང་འཇགས་བསྡད་རྒྱུའི་མཐའ་དང་བྲལ་ཏེ། བོད་རྒྱ་ཞི་འགྲིག་གི་ཐབས་ལམ་གཉིས་ཕན་གྱི་རང་བཞིན་ཡིན་ཁར། དེའི་སྒྲུབ་ཐབས་ཀྱི་སྲིད་བྱུས་གང་ཞིག་ཡིན་རུང་འཚེ་མེད་ཞི་བའི་ངོ་བོ་ལས་འདའ་རུ་མེད་པ་ནི་སྲིད་བྱུས་འདིས་འདོར་ཐབས་མེད་པའི་སྙིང་པོ་ཁོ་ན་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐོག་མར་༧གོང་ས་མཆོག་གི་དགོངས་འཆར་གནང་བ་ལས་དེའི་གཏན་འབེབས་ནི། བོད་གཞུང་མང་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་དེང་རབས་ཀྱི་མང་གཙོའི་ལམ་སྲོལ་དང་མཐུན་པའི་བོད་རྒྱ་ཆེའི་མི་མང་གི་སྤྱི་མོས་ཐོག་ནས་བོད་རྒྱ་ཞི་འགྲིག་གི་སྲིད་བྱུས་སུ་གཏན་འབེབས་བྱས་པ་ཞིག་ཀྱང་ཡིན། འོན་ཀྱང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་སུ་གཏན་འབེབས་བྱས་ཏེ་བགྲང་བྱ་གང་མང་ཞིག་འགོར་ཟིན་ནའང་། བོད་རྒྱ་ཆེའི་མི་མང་གིས་སྲིད་བྱུས་དེར་དོ་སྣང་མེད་པ་དང་། གཞུང་སྒེར་གྱི་མི་སྣ་རེ་འགས་སྲིད་བྱུས་དེར་བསམ་བཞིན་འགྲེལ་ལོག་གིས་དཀྲོགས་གཏམ་སྣ་ཚོགས་བྱས་རྐྱེན་མི་མང་ལ་རང་རྐྱ་ཐུབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མེད་པས་བོད་མི་ནང་ཁུལ་གྱི་གཅིག་སྒྲིལ་དང་མཉམ་ལས། མཐུན་སྒྲིལ་གྱི་སྟོབས་ཤུགས་སྤུངས་མ་ཐུབ་པའི་ཉེར་ལེན་གྱིས་ད་བར་དཀའ་ངལ་སྣེ་མང་གི་རང་བཞིན་ཏུ་གྱུར་ཡོད། ཅེས་སོགས་བརྗོད་སོང་།

 

སྐུ་མགྲོན་གཙོ་བོ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་བློ་བཟང་ཆོས་འཕེལ་ལགས་ཀྱིས། ང་ཚོས་རྩ་དོན་ལ་ལས་ཀ་དང་སྐད་ཆ་ག་རེ་བཤད་པ་ཡིན་ནའང་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཁ་གཏད་གཅོག་ས་དེ་རྒྱ་ནག་ཡིན་སྟབས། ང་ཚོའི་ཕྱག་ལས་དང་ཐབས་ལམ་ག་རེ་ཡིན་ནའང་ཁྱད་པར་ཡོད་པ་མ་རེད། དེ་བཞིན་སྤྱི་དང་སྒེར་ག་རེ་ཡིན་ནའང་ཁྱད་པར་ཡོད་པ་མ་རེད། རྒྱ་ནག་སྲིད་གཞུང་ཁོ་རང་ཚོའི་ཐོག་ལ་ཁ་ཕྱོགས་ནས་ཐབས་ལམ་ཞིག་ལ་འགྲོ་རྒྱུ་དེ་གལ་ཆེ་ཤོས་མཐོང་གི་ཡོད། སྤྱིར་བཏང་བསམ་བློ་གཏང་བ་ཡིན་ན་དབུ་མའི་ལམ་བོད་དོན་དཀའ་ངལ་སེལ་ཆེད་གཅིག་པུ་མ་རེད། འཛམ་གླིང་ཞི་བདེ་མཚོན་པའི་ཐབས་ལམ་བླ་ན་མེད་པའི་ལྟ་གྲུབ་ཞིག་རེད། དེ་འདྲའི་ལྟ་གྲུབ་གནང་མཁན་དེ་༧རྒྱལ་བ་རིན་པོ་ཆེ་སྐུ་འཁྲུངས་ ༡༤ པ་འདི་རེད། ཅེས་དང་།

 

ཡང་ཁོང་གིས། དབུ་མའི་ལམ་ང་ཚོའི་རང་དབང་འཐབ་རྩོད་བྱེད་པའི་ཐབས་ལམ་ཡག་ཤོས་དང་ཕུལ་ཏུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་གནང་ཐུབ་དང་མ་ཐུབ་མང་པོ་ཞིག་བསླེབ་ཀྱི་ཡོད་སྟབས། སྤྱིར་བཏང་བསམ་བློ་གཏང་བ་ཡིན་ན་དེ་བློ་ཕམ་བྱེད་དགོས་པའི་གནས་ཚུལ་ཞིག་རེད་བསམ་གྱི་ཡོད། དེ་འདྲའི་ཐོག་ནས་དབུ་མའི་ལམ་ལས་འགུལ་ཁང་བཙུགས་ནས་ལོ་བདུན་བརྒྱད་ཅིག་ཕེབས་ཀྱི་ཡོད་པས། ཚོགས་པ་ཞིག་དང་སྒྲིག་འཛུགས་ཤིག་གི་ཐོག་ནས་མར་དེ་འདྲ་གནང་པ་དེ་ཧ་ལས་པའི་ཡག་པོ་དང་རླབས་ཆེན་ཞིག་བྱུང་འདུག་ལ། དབུ་མའི་ལམ་ལས་འགུལ་ཚོགས་པའི་ངོས་ནས་ང་རང་ཚོའི་སྤྱི་ཚོགས་ནང་གི་མི་མང་དང་སློབ་གྲྭ་ཁག་མང་པོ་ཞིག་ལ་ཟབ་སྦྱོང་དང་བརྒྱུད་སྐུལ་མང་པོ་ཞིག་གནང་བསྡད་ཡོད་པ་དང་། དེ་བཞིན་གལ་ཆེ་ཤོས་དེ་ལས་འགུལ་རྒྱ་ཆེ་རུ་གཏང་ནས་ག་རེ་གནང་དགོས་ཀྱི་རེད་ལབ་ན། དབུ་མའི་ལམ་ལས་འགུལ་ཚོགས་པའི་ཐོག་ནས་ཤུགས་ཆེ་རུ་གཏང་ནས་ཚོགས་པ་ཁག་མང་པོར་འབྲེལ་བ་བྱས་ཏེ། རྒྱ་ནག་ཕྱོགས་ལ་ཁ་ཕྱོགས་པ་དང་རྒྱ་ནག་གཞུང་དང་མི་མང་། ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་པའི་སྡེ་ལ་དབུ་མའི་ལམ་གྱི་ལྟ་གྲུབ་ཤུགས་ཆེན་པོ་ཞིག་གི་ཐོག་ཁ་ཕྱོགས་ཐུབ་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བླ་ན་མེད་པ་ཞིག་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་ཆེན་པོ་ཡོད། ཞེས་སོགས་བརྗོད་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

སྐར་མ ༤༩ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡
Front Slider

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

༢༠༢༣/༠༥/༣༡
༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།
Mobile App

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

༢༠༢༣/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist