མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་ལེ་ཞི་ཡའི་སྲིད་བློན་ལ་འདྲི་རྩད་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཁྲིམས་ཁང་གིས་མ་ལེ་ཞི་ཡའི་སྲིད་བློན་གྱིས་ལྐོག་ཟ་བྱས་ཡོད་མེད་ཐོག་འདྲི་རྩད་བྱ་འཆར་ཡོད་ཀྱང་སྲིད་བློན་གྱིས་ངོས་ལེན་བྱེད་ཀྱི་མེད་པ་རེད།

378200-najib-razak-dnaཁ་སང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཁྲིམས་ཁང་གིས་མ་ལེ་ཞི་ཡའི་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ (Najib Razak) ཡི་གཙོས། ཁོང་གི་ལས་རོགས་འགས་གཞུང་དངུལ་ལྐོག་ཟ་བྱས་ཏེ་ཨ་རིར་ཨ་སྒོར་ས་ཡ་མང་པོས་རྒྱུ་ནོར་ཉོས་ཡོད་པའི་གྱོད་དོན་ཐད་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་བཀོད་འདུག

ཡང་གནས་ཚུལ་དེའི་ནང་། ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་མ་ལེ་ཞི་ཡའི་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡིས་ལྐོག་ཟ་རུལ་སུངས་བྱས་པའི་གྱོད་དོན་དང་། ཉེ་ལམ་ཁོང་གི་བུ་ཚབ་ཀྱིས་ཨ་རིར་ཨ་སྒོར་ས་ཡ་མང་པོ་སྤྲད་ནས་རྒྱུ་ནོར་ཉོས་ཡོད་པའི་གནད་དོན་ཐད་འདྲི་རྩད་བྱེད་བཞིན་ཡོད་པ་མ་ཟད། དེ་བཞིན་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༦༨༡ བཅོལ་འཇོག་བྱས་ཡོད་པ་བཅས་ཀྱི་ཐད་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ཡོད་ཀྱང་། སྲིད་བློན་ལས་ཁུངས་ནས་ད་བར་བརྡ་ལན་གང་ཡང་སྤྲད་མེད་པ་རེད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་སྙན་གྲགས་ཅན་གྱི་ཚགས་ཤོག་ (The Wall Street Journal) ཅེས་པས་མ་ལེ་ཞི་ཡའི་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༦༨༡ བཅོལ་འཇུག་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་མ་ཟད། མ་ལེ་ཞི་ཡའི་རྟོག་ཞིབ་ཚོགས་ཆུང་ནས་ཀྱང་སྲིད་བློན་གྱིས་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་མ་དངུལ་ལྐོག་ཟ་བྱས་པར་ངོས་འཛིན་བྱས་ཏེ་ཉུལ་ཞིབ་བྱེད་བཞིན་ཡོད་པ་བསྒྲགས་ཡོད་ཀྱང་། རོའུ་ཌར་གསར་ཁང་གིས་གནས་ཚུལ་དེ་བདེན་པ་ཡིན་མིན་ར་སྤྲོད་གང་ཡང་བྱས་མེད་པ་མ་ཟད། སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡིས་ཀྱང་གཞུང་དངུལ་ལྐོག་ཟ་བྱས་མེད་པ་དང་སྦྲགས། ཁོང་གི་དངུལ་འཛིན་ནང་ཨ་སྒོར་ས་ཡ་ ༦༨༡ བཅོལ་འཇོག་བྱས་མེད་པ། དེ་བཞིན་མ་ལེ་ཞི་ཡའི་བར་བརྒལ་སྲིད་གཞུང་ངོས་ནས་ཀྱང་སྲིད་བློན་གྱིས་གཞུང་དངུལ་ལྐོག་ཟ་གང་ཡང་བྱས་མེད་པ་བཅས་ཀྱི་འགྲེལ་བརྗོད་བྱས་ཡོད་སྟབས། ཨ་རིའི་ཁྲིམས་འཛིན་ཁང་གིས་སྲིད་བློན་ལ་རྟོག་ཞིབ་བྱེད་པར་དོ་ཕོག་བྱུང་ཚེ། མ་འོངས་པར་ཨ་རིས་དོན་རྐྱེན་དེའི་ཐད་ཉུལ་ཞིབ་བྱ་རྒྱུར་ལོ་གཅིག་ལྷག་འགོར་འགྱང་བྱུང་སྲིད་པ་ཞིག་ཡིན་འདུག

ད་ལྟ་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་དོན་རྐྱེན་དེ་དང་འབྲེལ་བའི་ཐོག་མ་ལེ་ཞི་ཡའི་མང་ཚོགས་ཀྱིས། ཁོས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ཕྱོགས་འགལ་ཚོགས་པས་ཀྱང་སྐྱོན་འཛུགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱིས་ཁོ་བོར་སྡང་ཟུག་དང་མ་དགའ་བའི་རྣམ་འགྱུར་བསྟན་དང་སྟོན་བཞིན་ཡོད་སྟབས། ཉེ་སྔོན་མ་ལེ་ཞི་ཡའི་སྲིད་བློན་གྱིས་ཁོ་བོས་ལྐོག་ཟ་རུལ་སུངས་བྱས་ཡོད་པ་ཕྱིར་བསྒྲགས་བྱེད་མཁན་ཨ་རིའི་སྙན་གྲགས་ཅན་གྱི་ཚགས་ཤོག་ (The Wall Street Journal) ཁྲིམས་གཏུག་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་མིང་སྨྲོས་མེད་པའི་མ་ལེ་ཞི་ཡའི་དངུལ་ཁང་གི་མཐོ་རིམ་ལས་བྱེད་ཅིག་གིས། འདས་པའི་ཟླ་ཤས་གོང་སྲིད་བློན་ཎཱ་ཇེབ་ར་ཛཱ་ཁཱེ་ཡི་དངུལ་འཛིན་ནང་དངུལ་ཕོན་ཆེ་ནང་འཇུག་བྱས་ཡོད་པ་དོན་དངོས་ཡིན་སྟབས། ད་ལྟ་ཁོང་གིས་གཞུང་དངུལ་སྒེར་སྤྱོད་བྱས་ཡོད་མེད་ཞིབ་འཇུག་ཚོགས་ཆུང་བསྐོས་ནས་རྟོག་ཞིབ་བྱ་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

༢༠༢༦/༡༠/༡༡
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese