མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་ ༡༠ པ་ལེགས་པར་མཇུག་བསྡུས་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

 

“སྤྱི་པའི་འགན་འཁུར་བའི་དམ་བཅའ་ཞིག་བཞག་ཚར་རྗེས་སྤྱི་པའི་ལས་དོན་ག་འདྲ་ཞིག་ཡིན་ནའང་དེའི་ནང་མཉམ་ཞུགས་བྱེད་ཐུབ་པའི་ནུས་པ་དང་འཇོན་ཐང་།  དུས་ཚོད་གཏོང་ཐུབ་དགོས་པ་རེད།”

 

2དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ མ་ཟིན་ཙམ་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་མཇུག་སྒྲིལ་སོང་བ་དང་།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་འདིའི་ལས་རིམ་ཁག་གི་ཐོག་ཕྱོགས་སྡོམ་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་མ་ལག་དང་བཅས་པའི་ལས་སྡོམ་ཐོག་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་གནང་བ་དང་། ཆེད་འཛུགས་གནང་བའི་ཚོགས་ཆུང་ཁག་གིས་ཞིབ་འཇུག་དང་འདྲི་རྩད་ཞིབ་ནན་གནང་བ་བརྒྱུད་གཞུང་མང་གཉིས་ལ་ཐུགས་ཕན་ཆེན་པོ་གསོས་ཡོད་ལ། ཚང་མས་སྒྲིག་འཛུགས་ཤིག་གི་སྤྱི་དོན་གྱི་ཆེད་དུ་སྐུ་ལས་སྐྱོན་གྱི་ཡོད་པ་མ་གཏོགས་སྒེར་གྱི་ཆེད་དུ་མིན་སྐོར་གསུངས་སོང་།

 

མཇུག་སྡོམ་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་དབུ་འཛུགས་སྐབས་སུ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་དོན་ཚན་ ༤ སྤྱི་མོས་གཏན་འབེབས་གནང་ཡོད་པ་དང་འབྲེལ་ནས་གསུངས་དོན། ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་དུ་ང་ཚོའི་གྲོས་ཚོགས་ག་དུས་མགོ་བཙུགས་པ་ཡིན་ནའང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་གཞིའི་གྲོས་འཆར་དེ་འདྲ་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་གནས་སྟངས་ད་དུང་ཡིན་ནའང་ཧ་ཅང་ཛ་དྲག་པོའི་ངང་གནས་ཡོད་སྟབས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་དེ་དང་འབྲེལ་བའི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞིའི་གྲོས་འཆར་ལའང་ཐུགས་འཁུར་ཆེན་པོ་བཞེས་ཏེ་གསུང་བཤད་གནང་བ་རེད། དེ་བརྒྱུད་ནས་དེང་སང་གྲོས་ཚོགས་ལ་དོ་སྣང་གནང་མཁན་ཞེ་དྲག་མང་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་ཡིན་ནའང་ཏན་ཏན་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འདི་ལ་དོ་སྣང་བྱེད་བཞིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བོད་ནང་ལོགས་ཀྱི་ཛ་དྲག་གནས་སྟངས་དང་བསྟུན་ནས། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞིའི་གྲོས་འཆར་ནང་མཉམ་ཞུགས་གནང་བ་དེས་ཐུགས་ཕན་ཆེན་པོ་ཞིག་གསོས་ཡོད་པ་རེད། རྒྱ་ནག་ལ་ཡིན་ནའང་ང་ཚོའི་ངོས་ནས་བརྡ་ལན་ཏག་ཏག་ཅིག་སྤྲད་ཐུབ་ཡོད་པ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ག་འདྲ་རེད། སྤྱིའི་གནས་སྟངས་ག་འདྲ་རེད། བྱེ་བྲག་གི་གནས་སྟངས་ག་འདྲ་ཡིན་པ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གནས་བབ་ག་འདྲ་རེད། དེ་བཞིན་རྒྱབ་ཤ་དཀར་པོའི་ཐོག་ལ་ལྟ་སྟངས་ག་འདྲ་ཡོད་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་ཟེར་བའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་ཀྱི་ཐོག་ལ་ང་ཚོའི་ལྟ་སྟངས་ག་འདྲ་ཡོད་པ། དེ་ཚོ་ཆ་ཚང་གི་ཐོག་ནས་ངོ་འཕྲོད་པ་ཞིག་དང་བརྡ་འཕྲོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཞེས་གསུངས་སོང་།

 

བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་མ་ལག་དང་བཅས་པའི་ལས་སྡོམ་དང་ཞིབ་འཇུག་སྙན་ཐོ་ཁག་སྙན་སྒྲོན་ཞུས་པ་དང་འབྲེལ། བགྲོ་གླེང་གསལ་བཤད་གནང་བ་དེས་གཞུང་མང་གཉིས་ལ་ཐུགས་ཕན་གསོས་ཡོད་པའི་སྐོར་ནས་ཁོང་གིས། ད་རེས་གྲོས་ཚོགས་ཀྱི་དུས་ཚོད་མང་ཆེ་བ་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ཡི་ལས་སྡོམ་སྒང་ལ་བཏང་ཡོད་ཅིང་། དེ་ཚོའི་ནང་ལ་ཡིན་ནའང་དངོས་གནས་ཚང་མས་འགན་བཞེས་གནང་སོང་། སྐབས་རེར་དུས་ཚོད་ཀྱིས་འདང་དང་མ་འདང་གི་དབང་གིས་སྟངས་འཛིན་བྱེད་དགོས་པའི་གནས་སྟངས་དེ་འདྲར་ཐུག་གི་ཡོད་པ་རེད་མ་གཏོགས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཕལ་ཆེར་དྲི་བ་ལྷག་མ་སོང་བསམ་པ་བྱུང་། ཡང་མང་པོ་ཞིག་གྲོས་ཚོགས་སྔོན་མ་སྔོན་མའི་ནང་དུ་བཏང་ཚར་བའི་བསྐྱར་ལྡབ་དེ་འདྲ་ཡོང་གི་ཡོད་ལ། དེ་བཞིན་གྲོས་ཚོགས་འདི་རང་གི་ནང་ལའང་བསྐྱར་ལྡབ་དེ་འདྲ་ཡོང་གི་ཡོད་པ་རེད། རྩ་བའི་ཆ་ནས་འཛིན་སྐྱོང་གིས་ལྷན་ཁང་རེ་རེ་བྱས་ཏེ་ཞིབ་ཚགས་པོའི་ཐོག་ནས་དྲི་བ་དང་བསམ་འཆར་ཕུལ་བ་སོགས་ཀྱི་ཐོག་དཔེ་མི་སྲིད་པའི་ཐུགས་ཁུར་ཆེན་པོ་བཞེས་སོང་། མང་ཚོགས་ལ་དཔེ་མི་སྲིད་པའི་ཁེ་ཕན་བྱུང་བསྡད་ཡོད་པ་རེད་བསམ་གྱི་འདུག་ལ། འཛིན་སྐྱོང་གི་ངོས་ནས་ཀྱང་དྲི་བ་རེ་རེར་བཀའ་ལན་བསྐྱོན་པའི་བརྒྱུད་རིམ་ཁྲོད་ནས་མང་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་ག་རེ་གནང་ཡོད་པ་ཚང་མ་ཤེས་རྟོགས་གསལ་བོ་ཞིག་ཐུབ་ཡོད་པ་དང་། ལྷག་པར་དུ་ས་གནས་བྱེ་བྲག་ནང་དཀའ་ངལ་ཡོད་པ་དེ་ཚོ་གྲོས་ཚོགས་འདིའི་ནང་གླེང་ཡོད་པས། གྲོས་ཚོགས་ཀྱི་ལས་རིམ་འདི་ལ་ཐུགས་སྣང་གནང་ཡོད་ན། གནད་དོན་རེ་རེའི་ཐོག་འཛིན་སྐྱོང་གི་དགོངས་པ་བཞེས་ཕྱོགས་དང་ཕྱག་ལས་གནང་སྟངས་ཐོག་དཔེ་མི་སྲིད་པའི་གསལ་བོ་བྱུང་སོང་། ཞེས་དང་།

 

དེ་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་རེད། དཔེར་ན་ཤེས་ཡོན་ཚོགས་ཆུང་འདྲ་བོ་ཞིག་ཡིན་ན། དུས་ཚོད་མང་པོ་བཏང་སྟེ་ཞིབ་འཇུག་གནང་བ་དང་དྲི་བ་བཟོས་པ། དེ་བཞིན། སློབ་གྲྭ་སོ་སོར་བསྐྱོད་དེ་ཉམས་ཞིབ་གནང་བ་དང་ལས་སྡོམ་སྙན་ཐོ་བཟོས་པ་སོགས་ལ་དཔེ་མི་སྲིད་པའི་དུས་ཚོད་མང་པོ་ཞིག་བཏང་བ་རེད། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་གསལ་བཤད་གནང་སྐབས་གསུངས་བ་ནང་བཞིན་ཏན་ཏན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས། ང་ཚོར་ལས་དོན་མང་པོ་ཞིག་བཀོལ་སོང་བསམ་པ་ཞིག་ཡོང་སྲིད་པ་རེད། ད་རེས་ཤེས་ཡོན་ཚོགས་ཆུང་གི་ངོས་ནས་དེབ་བཏོན་བཞག་པ་དེས་འདས་པའི་ལོ་ ༡༠ ནང་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཆ་ཚང་ཞིག་དང་། ཡིག་ཆ་མང་པོ་ཞིག་སྔོག་མི་དགོས་པར་ཡིག་ཆ་འདི་གཅིག་པུར་བལྟས་པ་ཡིན་ན་དེ་རང་ནས་ཤེས་ཐུབ་པའི་གནས་སྟངས་ཤིག་བཟོས་སོང་། འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འབྲས་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ནང་བཀའ་མོལ་མང་པོ་བྱུང་སོང་། དེ་བཞིན་དཔེ་སྟོན་སློབ་གྲྭའི་གནས་སྟངས་ཀྱི་ཐོག་ནས་ཀྱང་བཀའ་མོལ་མང་པོ་བྱུང་བ་རེད། ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་གནས་སྟངས་གཅིག་རེད། དཔེ་སྟོན་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་པའི་དགོས་པ་དང་རྒྱུ་མཚན་གཙོ་བོ་དེ། སློབ་ཕྲུག་ཚོའི་ལེགས་ཉེས་ཀྱི་རྣམ་པར་དབྱེ་བ་འབྱེད་ཐུབ་པའི་བློ་བཀོད་ཅིག་བསྐྲུན་ཐུབ་པའི་ཆེད་དུ་བཙུགས་པ་ཡིན་ལ། ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་པུ་མ་ཡིན་པར་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་དེ་ཚོས་བཟང་པོ་དང་ངན་པ། ལེགས་པ་དང་ཉེས་པ། ཡག་པོ་དང་སྡུག་པོའི་དབྱེ་བ་འབྱེད་ཐུབ་པའི་བསམ་བློ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་བཟོས་པ་རེད། དེས་ཏན་ཏན་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་པུ་མ་ཡིན་པར་མི་བཟང་པོ་ཞིག་དང་མི་ཡག་པོ་ཞིག་ཆགས་པའི་ས་བོན་འདེབས་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅིང་། དེ་ཚོགས་ཆུང་གི་སྙན་ཐོའི་ནང་དུ་བཀོད་འདུག་ལ། འཛིན་སྐྱོང་གི་ངོས་ནས་ཚོགས་ཆུང་བཙུགས་པའི་གཤིབ་བསྡུར་གྱི་ནང་དུའང་གསལ་བོ་ཞེ་དྲགས་བཀོད་ཡོད་པས། དེའི་གནས་སྟངས་དེ་གྲུབ་འབྲས་གཅིག་པུར་གཞི་བཞག་ན་འགྲིག་གི་མི་འདུག་བསམ་པའི་བསམ་ཚུལ་ཞིག་བྱུང་བ་རེད། ལས་སྡོམ་གྱི་ཐོག་ནས་ཡིན་ན་རེད། ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ནས་ཡིན་ནའང་རེད། དེ་འབུར་དུ་བཏོན་ནས་མཉམ་དུ་ཞུས་ན་བསམ་བྱུང་། ཞེས་གསུངས་སོང་།

 

ཡང་སྤྱི་འཐུས་རྣམས་པས་སྤྱི་པའི་ལས་དོན་ཐོག་འགན་བབ་མཉམ་འཁུར་དགོས་པ་གལ་ཆེན་པོ་ཡིན་ལ། མ་འོངས་པར་མི་མང་གིས་སྤྱི་འཐུས་འོས་འདེམས་གནང་སྐབས་ཀྱང་དེའི་ཐོག་བསམ་བློ་གཏོང་དགོས་སྐོར་ལ་ཁོང་གིས། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་ཚོགས་ཆུང་གི་ཚོགས་མི་ཚོས་ཚོགས་ཆུང་གཉིས་གསུམ་ནང་ཕྱག་ལས་གནང་དགོས་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་པ་རེད། བཀུར་འོས་སྤྱི་འཐུས་ཤིག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་གྲོས་ཚོགས་ནང་གསུངས་པ་རེད། ཚོགས་གཙོ་གཞོན་གཉིས་ལའང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་སྟབས། མ་འོངས་པར་མི་མང་ཚོས་སྤྱི་འཐུས་འདེམས་པའི་སྐབས་སུ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཏན་ཏན་ཡོད་པ་རེད། སྤྱི་པའི་འགན་འཁུར་བའི་དམ་བཅའ་ཞིག་བཞག་ཚར་རྗེས། སྤྱི་པའི་ལས་དོན་ག་འདྲ་ཞིག་ཡིན་ནའང་དེའི་ནང་མཉམ་ཞུགས་བྱེད་ཐུབ་པའི་ནུས་པ་དང་འཇོན་ཐང་།  དུས་ཚོད་གཏོང་ཐུབ་དགོས་པ་རེད། ང་ཚོས་ཚོགས་ཆུང་བཙུགས་པའི་སྐབས་སུ་མི་གཅིག་ལ་སྐད་ཆ་དྲིས་ན་ཞུགས་ཐུབ་ཀྱི་མི་འདུག གཉིས་ལ་སྐད་ཆ་དྲིས་ན་ཞུགས་ཐུབ་ཀྱི་མི་འདུག གསུམ་ལ་སྐད་ཆ་དྲིས་ན་ཞུགས་ཐུབ་ཀྱི་མི་འདུག་ཅེས་གསུང་ཡོང་སྐབས། སྤྱི་འཐུས་གཅིག་ལ་ལས་འགན་གཉིས་རེ་སྤྲོད་དགོས་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག དེར་བརྟེན་ཚོགས་ཆུང་ཁག་ནང་འགན་འཁུར་མཁན་རྣམ་པ་ཚོར་ཚོགས་གཙོ་སྦྲེལ་པོས་དངོས་གནས་དྲང་གནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་གསུངས་སོང་།

 

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་དོན་དང་འབྲེལ་བའི་ཐོག་ཁོང་གིས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་དོན་ལ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱིས་དངོས་གནས་འགན་མང་པོ་ཞིག་འཁུར་ཡོད་པ་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པ་དང་དྲུག་པ་དེ་ཚོ་ཚང་མའི་སྙན་ཐོ་གྲོས་ཚོགས་ནང་བསླེབས་པ་དང་། སྐབས་བདུན་པར་བསྐོ་བཞག་ཟིན་པ་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཕྱག་ལས་གཅིག་པུ་མ་ཡིན་པར། དེ་མཇུག་སྐྱོང་བའང་སྤྱི་འཐུས་རྒྱུན་ལས་རང་ནས་དུས་ཚོད་མང་པོ་ཞིག་བཏང་ཡོད་པ་རེད། ཚོགས་གཙོ་རང་ཉིད་ཡིན་ནའང་དེའི་སྒང་ལ་དུས་ཚོད་མང་པོ་ཞིག་གཏོང་དགོས་ཐུག་གི་འདུག མ་འོངས་པར་དེ་ཚོ་མི་ཡོང་བའི་ཆེད་དུ། ད་ལྟའི་ལས་བྱེད་འགན་འཁུར་མཁན་ཚོས་ཉིན་རེའི་ལས་དོན་ཧྲ་ཏག་ཏག་ཅིག་བྱས་པ་ཡིན་ན། རྩིས་ཞིབ་སྙན་ཐོའི་ནང་དེ་འདྲ་ཞིག་ཐོན་དགོས་ཀྱི་ཡོད་པ་མ་རེད། དེ་བཞིན་ལས་ཀྱི་སྣེ་མོ་བ་དབང་ལྡན་འགན་འཛིན་ཚོ་ཡིན་ནའང་རྩིས་ཞིབ་བྱེད་དུ་ཡོང་བའི་སྐབས་སུ། ཡིག་ཆ་མཁོ་སྤྲོད་ཡིན་ན་རེད། རྒྱུ་མཚན་གསལ་བཤད་བྱེད་པ་ཡིན་ནའང་རེད། དེ་ཚོ་གང་ཐུབ་ཐུབ་ཅིག་ས་གནས་རང་ནས་བྱེད་ཐུབ་པ་ཡིན་ན། རྩིས་ཞིབ་སྙན་ཐོའི་ནང་དུ་འགོད་རྒྱུ་རང་བཞིན་གྱིས་ཉུང་དུ་འགྲོ་ངེས་རེད། རྩིས་ཞིབ་ལས་ཁུངས་ཀྱི་ངོས་ནས་ཡིན་ནའང་མང་པོ་ཞིག་འབྲི་བའི་འདོད་པ་ཏན་ཏན་ཡོད་རྒྱུ་མ་རེད་བསམ་གྱི་འདུག ལས་དོན་འགྲུབ་དང་མ་འགྲུབ་སོགས་ཀྱི་གནད་དོན་ཐད་དུས་ཚོད་གང་ལ་གང་འཚམ་གཏོང་གི་འདུག ང་ཚོས་དྲི་ཞིབ་བྱེད་སྐབས་རྩིས་ཞིབ་ལས་ཁུངས་ཀྱིས་ལམ་སྟོན་ཆ་ཚང་ཞུ་ཡི་ཡོད་ཅེས་གསུང་གི་འདུག ཡང་ས་གནས་སོ་སོའི་འགན་འཁུར་མཁན་ཚོས་ལམ་སྟོན་གནང་གི་མི་འདུག ང་ཚོས་ཡང་བསྐྱར་གསལ་བཤད་བྱེད་སྐབས་སྙན་ཐོའི་ནང་བཀོད་ཚར་ན་འགྱུར་བ་གཅིག་ཀྱང་གཏོང་རོགས་བྱེད་ཀྱི་མི་འདུག་ཅེས་གསུང་མཁན་དེ་འདྲ་ཡོང་གི་འདུག ཕྱོགས་གཉི་གར་བསམ་ཚུལ་མི་འདྲ་བ་ཡོད་པ་དེ་ཚོ། ང་ཚོས་མཐུན་པ་ཞིག་བཟོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སྒྲིག་འཛུགས་ཤིག་གི་ལས་དོན་བྱེད་ཀྱི་ཡོད་པ་རེད། དེ་ག་ཚོད་ཐུབ་ཐུབ་ཀྱིས་ཕྱི་གསལ་ནང་གསལ་དང་གཙང་མ་ཞིག་བྱུང་བ་ཡིན་ན། དེ་ང་ཚོ་སྤྱི་པའི་སྒྲིག་འཛུགས་ལ་ཕན་པའི་ཆེད་དུ་རེད་མ་གཏོགས། རྩིས་ཞིབ་ལས་བྱེད་ཡིན་ན་སོ་སོ་སྒེར་གྱི་ཆེད་དུ་མ་རེད། སྒྲིག་འཛུགས་སོ་སོའི་ལས་བྱེད་ཡིན་ནའང་སྒེར་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་མ་རེད། དེར་བརྟེན་ཕན་ཚུན་བར་གོ་བརྡ་འཕྲོད་པའི་ཐད་ཏོག་ཙམ་ཡག་ཏུ་ཕྱིན་པ་ཡིན་ན། མ་འོངས་པར་རྩིས་ཞིབ་སྙན་ཐོ་དེ་ཚོ་འགོད་རྒྱུ་ཏན་ཏན་ཉུང་དུ་འགྲོ་ངེས་རེད། ཅེས་དང་། དེ་བཞིན་༧རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་དཔལ་ལྡན་ཕོ་བྲང་གིས་གཙོས། འབྲེལ་ཡོད་ཚོགས་པ་དང་མི་སྒེར་ནས་སྔར་ལས་ཐུགས་གཟབ་གནང་དགོས་སྐོར་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ནས་ཇོ་ནང་གི་དགོས་འདུན་དོན་ཚན་ ༧ ཆ་ཚང་སྒྲུབ་ཐུབ་མེད་ཀྱང་། སྙན་ཞུ་འབུལ་སྟངས་དང་ལས་འགུལ་སྤེལ་ཕྱོགས་ཀྱི་ཐོག་ནས་སྐབས་རྗེས་མའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་ནང་འགྱུར་བ་འགྲོ་སྲིད་སྐོར་སོགས་གསུངས་རྗེས། ཟླ་ ༦ གི་རྗེས་སུ་སྤྱི་འཐུས་རྣམ་སླར་ཡང་ཚང་འཛོམས་བྱུང་སྟེ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་སྐྱོང་ཐུབ་པའི་སྨོན་འདུན་དང་བཅས་གྲོས་ཚོགས་ཚོགས་དུས་ ༡༠ པ་ལེགས་པར་མཇུག་བསྡུས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese