མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇུག་སྐྱོང་དགོས་པའི་སྐྱོན་གནད་སོཊ་ ༣༠༥ ལས་ལྷག་མི་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པ་མགོ་འཛུགས་སྐབས་རྩིས་ཁྲའི་སྐོར་གྱི་སྐྱོན་གནད་སོགས་གྲངས་ ༢༡༠༡ བྱུང་ཡོད་པ་ལས་ ༡༧༩༦ གཙང་བཟོ་ཐུབ་ཡོད་འདུག

 

DSC_0875 copyབོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་གཙོ་བོ་རྩིས་ལོ་ ༢༠༡༡ ནས་ ༢༠༡༣ བར་གྱི་རྩིས་སྙན་ཁག་ལ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པས་ཞིབ་འཇུག་གནང་བའི་གྲུབ་དོན་ཐད། གྲོས་ཚོགས་ཀྱི་ལམ་སྟོན་ལྟར་འཛིན་སྐྱོང་བཀའ་ཤག་ནས་མཇུག་སྐྱོང་གནང་བའི་ཕྱོགས་བསྡོམས་སྙན་ཐོར་སྤྱི་འཐུས་རྒྱུན་ལས་ནས་ཞིབ་ཚགས་ཀྱིས་གཟིགས་ཞིབ་གོ་སྡུར་གནང་བ་དང་། འབྲེལ་ཡོད་ལས་ཁུངས་ཁག་ལ་ནན་སྐུལ་བཅས་གནང་བ་བརྒྱུད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པ་མགོ་འཛུགས་སྐབས་རྩིས་ཁྲའི་སྐྱོན་གནད་སོགས་གྲངས་ ༢༡༠༡ བྱུང་བ་ནས་མང་ཆེ་བ་གཙང་བཟོ་ཐུབ་སྟེ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པས་མཇུག་སྐྱོང་གནང་དགོས་པའི་སྐྱོན་གནད་སོགས་གྲངས་ ༣༠༥ ལས་ལྷག་མེད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་རྩིས་གཙང་བཟོས་ཁོངས་ནས་ཡོང་བསྡད་ཧིན་སྒོར་འབུམ་ ༡༧༠ ལྷག་( ༡.༧༠.༥༣.༤༦༤།༧༥)དང་། ཨ་སྒོར་ ༩༨༨།༥༠། ཡུ་སྒོར་ ༡༩༨༩།༧༢ བཅས་ཁུངས་སོ་སོར་ཕྱིར་བསྡུ་ཐུབ་པ་བྱུང་ཡོད་འདུག

 

དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་བཀའ་ཤག་གི་ཕྱོགས་བསྡོམས་སྙན་ཐོར་ཞིབ་འཇུག་གནང་བའི་མཐོང་སྣང་འགའ་བཀོད་པའི་ནང་། ༡ ༽ མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པས་ཞིབ་འཇུག་གིས་མཚོན་ལས་དོན་ཞིབ་ཚགས་དང་འབྲེལ་གྲོས་ཚོགས་སུ་སྙན་ཐོ་དོན་ཚན་རེ་རེ་བཞིན་སྙན་སྒྲོན་གནང་བ་དང་། འཛིན་སྐྱོང་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་འོག ལས་ཁུངས་མ་ལག་དང་སྡེ་ཚན་ཁག་བཅས་ཀྱིས་མཇུག་གནོན་ནན་པོ་གནང་བར་བརྟེན། དེ་རེས་རྩིས་སྙན་ཁག་ནང་གསལ་དངུལ་འབབ་གང་ཙམ་ཕྱིར་བསྡུ་ཐུབ་པ་སོགས་རྩིས་རྙོག་རིགས་ཁྱོན་ཆེ་གད་གཙང་བཟོ་ཐུབ་པ་བྱུང་ཡོད།

 

༢ ༽ རྩིས་སྙན་མཇུག་སྐྱོང་གཙང་བཟོ་མ་ཐུབ་པར་ལྷག་བསྡད་ཁོངས་འགྲོ་སོང་སྔོན་བཏང་དང་། བཀའ་འཁྲོལ་རྗེས་ཞུའི་རིགས་མང་དག་ཡོང་འདུག་པ། སླད་འདི་རིགས་མི་འབྱུང་བའི་ཆེད་དུ་འབྲེལ་ཡོད་དབང་ལྡན་འགན་འཛིན་དང་རྩིས་པ་སོ་སོས་འགན་ཁུར་ཆེར་བཞེས་གནང་དགོས་པ་མཐོང་།

 

༣ ༽གཏའ་འཇོག་གི་ཡིག་ཆ་ངོ་མ་རྣམས་དབང་ལྡན་འགན་འཛིན་སོ་སོས་བདག་ཉར་གྱིས་གནས་སྤོས་སྐབས་རྩིས་སྤྲོད་ལེན་གྱི་ཡིག་ཆའི་ཁོངས་འཇོག་དགོས་གལ་མཐོང་།

 

༤ ༽ འབབ་ཁྲལ་གཞུང་ནས་ཕྱིར་སློག་ཡོང་དགོས་སྐོར་འབྲེལ་ཡོད་དབང་ལྡན་འགན་འཛིན་དང་རྩིས་པ་སོ་སོས་འགེངས་ཤོག་འགེངས་འབུལ་སོགས་དུས་ཐོག་བྱ་དགོས་ཀྱི་ཟབ་སྦྱོང་ངམ། ལམ་སྟོན་གསལ་པོར་དུས་ནས་དུས་སུ་གནང་དགོས་གལ་མཐོང་།

 

༥ ༽ ད་ཐེངས་རྩིས་སྙན་ཁག་ལ་མཇུག་སྐྱོང་སྐབས་རྩིས་རྙིང་མང་དག་དང་འབྲེལ་བའི་བགྲེས་ཡོལ་ཐོན་ཟིན་པའི་ལས་བྱེད་ཟུར་པ་དང་། སྡེ་ཚན་ཁག་གི་འགན་འཛིན་ཟུར་བ་རྣམས་ལའང་ཉེན་བརྡ་མང་པོ་བཏང་འདུག་པ་ལས། ལས་དོན་ལ་ཕན་པ་གང་ཡང་ཡོང་གི་མེད་སྟབས། ལས་ཁུར་གནང་བཞིན་པའི་དབང་ལྡན་འགན་འཛིན་དང་། རྩིས་པ་སོ་སོས་འགན་ཁུར་མ་འཕྱུག་པ་དགོས་རྒྱུ་གལ་ཆེ་ཡིན་པ་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་ལོ་མང་རིམ་བསགས་ཀྱི་རྩིས་ཞིབ་དུས་གཅིག་ལ་མ་ཡིན་པར་ལོ་ལྟར་རྩིས་ཞིབ་གནང་ཐབས་དགོས་གལ་ཆེ་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཁག་དུས་ཐོག་བཙུགས་ཏེ་ཞིབ་འཇུག་དང་བདའ་འདེད་ཀྱིས་སྐབས་དུས་སོ་སོར་གཙང་བཟོ་ཐུབ་པ་བྱ་རྒྱུ་གལ་ཆེར་མཐོང་།

 

༦ ༽ ལས་ཁུངས་མ་ལག་ཁག་དང་སྡེ་ཚན་སོ་སོས་རྩིས་ཞིབ་སྙན་ཐོར་མཇུག་གནོན་ཞུ་བར་སྐབས་དུས་སོ་སོར་དོ་ཁུར་ཆེ་ཙམ་གནང་ན། མ་འོངས་པར་རྩིས་སྙན་རིམ་གསོག་ཕོན་ཆེ་རིགས་མི་ཡོང་བ་ཆགས་ངེས་ཡིན་པར་བརྟེན། འཛིན་སྐྱོང་ནས་དུས་ནས་དུས་སུ་ཡོངས་ཁྱབ་ཀྱི་སྐུལ་ལྕག་གནང་དགོས་སུ་མཐོང་།

 

༧ ༽ རང་སྐྱོང་སྡེ་ཚན་ཁག་དང་བཟོ་ཚོགས་ཁག་གི་འགན་ལྷན་དུས་ཐོག་ཚོགས་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་རྩིས་སྙན་མང་དག་གཙང་བཟོ་མ་ཐུབ་པའི་སྐྱོན་གནད་ཆགས་འདུག

 

༨ ༽ འཕྲོད་བསྟེན་ལས་ཁུངས་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་མཇུག་འདེད་དགོས་རིགས་ཆེད། ས་གནས་ཁག་ཏུ་བཀོད་ཁྱབ་བཏང་བ་ཙམ་ལས་ལན་འདེབས་གསལ་བཤད་དུས་ཐོག་མ་འབྱོར་བར་བརྟེན། དུས་ཚོད་ཆུད་ཟོས་གང་འཚམས་ཕྱིན་སོང་ན། མ་འོངས་པར་མཇུག་འདེད་ཚད་ལྡན་གནང་དགོས་སུ་མཐོང་། ཅེས་དང་།

 

ཡང་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱབ་གཉེར་ནང་།

༡ ༽ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ༤ པའི་དགོངས་དོན་བཞིན་ཕྱག་བསྟར་གྱིས་སྲི་ཞུའི་ལས་བྱེད་པས་ལས་དོན་བྱེད་འཛོལ་རིགས་ལ་ཉེན་བརྡ་བཏང་བ་རྣམས་ཀྱི་ངོ་བཤུས་རེ་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་འབུལ་དགོས།

 

༢ ༽ ཉེན་བརྡ་དང་རྩིས་བསུབ་གཏོང་དགོས་རིགས་སྐབས་དུས་སོ་སོར་བྱེད་མ་ཐུབ་པ་དང་། དེ་བཞིན་ལས་ཁུངས་ཁག་སོགས་ཀྱི་སྙན་ཐོའི་ལན་འདེབས་མང་པོའི་ནང་རྩིས་གཙང་བཟོས་ཟིན་གསལ་བ་གང་ཞིག་ལ་བྱུང་འཛིན་དང་དན་རྟགས། དེ་མིན་རྒྱབ་རྟེན་སོགས་ཀྱི་ཡིག་ཆའི་ངོ་བཤུས་མཉམ་སྦྱར་མིག་སྟོན་མ་བྱས་པའི་རྐྱེན་གྱིས། དེ་དག་རྩིས་གཙང་བྱུང་བར་ཐག་གཅོད་བྱ་རྒྱུར་ནར་འགྱངས་སུ་འགྲོ་བཞིན་འདུག་པས། ཉིན་བརྡ་དང་རྩིས་བསུབ། ག་བསྒྱུར་གཏོང་རྒྱུ་ལས་ཐབས་ལམ་གཞན་མེད་པ་རྣམས་སྐབས་འཕྲལ་གཙང་བཟོ་བྱ་དགོས་དང་། ཉེན་བརྡ། རྩིས་བསུབ། ག་བསྒྱུར། གཞན་ཡང་ལུགས་མཐུན་ཐག་གཅོད་ཟིན་རིགས་ཀྱི་ཁུགས་སྐྱེལ་ལམ་དན་རྟགས་ཅི་ཡོད་འཚེམས་ལུས་སུ་མ་སོང་བར་རྩིས་ཞིབ་པས་གཙོས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ལ་འབུལ་དགོས།

 

༣ ༽ རྩིས་སྙན་ཐོག་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནས་ལམ་སྟོན་ཇི་གནང་ལྟར་གང་མྱུར་ལག་བསྟར་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་མཇུག་སྐྱོང་ངམ་རྩིས་གཙང་མེད་པ་མུ་མཐུད་ལྷག་འགྲོ་བའི་སྐྱོན་གནད་རིགས་གང་འཚམས་ཐོན་འདུག་པས། ལམ་སྟོན་ལྟར་མཇུག་སྐྱོང་ལག་བསྟར་ཐུབ་ངེས་རིགས་ཐབས་ཤེས་ཡོད་རྒུས་སྐབས་འཕྲལ་སོ་སོར་གཙང་བཟོ་ཐུབ་པ་དགོས།

 

༤ ༽ འགན་འཛིན་ལྷན་ཚོགས་ཡོད་པའི་ཚོགས་སྡེ་དང་། བཟོ་ཚོང་སོགས་ཀྱི་རྩིས་བསུབ་དང་། ག་བསྒྲུར་དགོས་རིགས་ཁུངས་སོ་སོའི་སྤྱི་ལ་ཁྱབ་པའི་འགན་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་བཀའ་འཁྲོལ་དང་འབྲེལ་བའི་ཐོག་ནས་གཙང་བཟོ་བྱ་དགོས།

 

༥ ༽ ལམ་ཁུངས་དང་ས་གནས་ཁག་ཏུ་རྩིས་ཞིབ་ཆེད་རྩིས་པ་ཆེད་བཅར་སྐབས་སྡེ་ཚན་ཁག་ཅིག་གི་རྩིས་པ་དང་། གཤམ་འོག་ལས་བྱེད་ཙམ་ལས་དབང་ལྡན་འགན་འཛིན་ནས་ལན་འདེབས་མ་གནང་བ་དེས་ཀྱང་རྩིས་རྙོག་མང་དག་རྩིས་གཙང་མ་ཐུབ་པའི་རྐྱེན་རྩ་ལྟེ་བ་ཞིག་ཆགས་ལུགས་སྐོར་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ནས་སྙན་གསན་བྱུང་བས། སླད་ནས་འབྲེལ་ཡོད་དབང་ལྡན་འགན་འཛིན་སོ་སོས་འགན་ཁུར་ལན་འདེབས་དང་། རྩིས་གཙང་ཡོང་བ་བཟོ་ཐབས་དགོས། དེ་མཚུངས་ལས་ཁུངས་ཁག་དང་ས་གནས་ཁག སྡེ་ཚན་ཁག་བཅས་ལ་རྩིས་ཞིབ་ཆེད་བསྐྱོད་སྐབས་རྩིས་གཙང་བཟོས་པའི་དན་རྟགས་ཡིག་ཆ་དང་བྱུང་འཛིན་སོགས་རྩིས་ཞིབ་པར་མིག་སྟོན་མ་བྱས་པ་མང་དག་ཡོང་བ་འདིས་ཀྱང་རྩིས་གཙང་ཆགས་ཟིན་པ་ཞིག་སྙན་ཐོའི་ནང་སླར་ཡང་འགོད་དགོས་ཀྱི་སྐྱོན་གནད་དུ་འགྱུར་བཞིན་འདུག་ཅེས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་སྙན་གསན་བྱུང་བས། རྩིས་གཙང་བཟོས་ཟིན་པའི་དན་རྟགས་རྣམས་རྩིས་ཞིབ་པར་དུས་ཐོག་མིག་སྟོན་གྱིས་སྐབས་འཕྲལ་གཙང་བཟོ་ཐུབ་རྒྱུར་ཐུགས་སྣང་ཆེར་བསྐྱེད་དགོས།

 

༦ ༽ རྩིས་གཙང་མ་ཆགས་པའི་ཡོང་བསྡད་སྤྲོད་བསྡད་རྙིང་པ་རྣམས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོའི་ནང་ཁ་གསལ་འདོན་དགོས་པ་ལས། ད་ལྟ་འགྲོ་བཞིན་པའི་ཡོང་བསྡད་སྤྲོད་བསྡད་ཆ་ཚང་སྙན་ཐོའི་ནང་བཀོད་ན་ཡིག་རྫོབ་ཆེན་པོ་ཆགས་རྒྱུ་ལས་དགེ་མཚན་དེ་ཙམ་མེད་སྟབས། སླད་དེ་དག་ཚོགས་ཆུང་གི་སྙན་ཐོའི་ནང་འགོད་མི་དགོས་པ་བྱ་དགོས།

 

༧ ༽ ངེས་ཅན་བསྡུ་དངུལ་ཕོགས་འབབ་བརྒྱ་ཆ་བསྡུ་འབུལ་མ་ཐུབ་པ་རྣམས་སྒྲིག་གསལ་ལྟར་གྲོས་ཚོགས་སམ་རྒྱུན་ལས་ནས་ཆག་ཡང་ཞུ་དགོས།

 

༨ ༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཐད་འབྱོར་རོགས་དངུལ་བརྒྱ་ཆ་ ༡ འབབ་འབུལ་རྒྱུར་དཀའ་ངལ་ཡོད་རིགས་རྣམས་བཀའ་ཤག་གམ་དཔལ་འབྱོར་ལས་ཁུངས་བརྒྱུད་གྲོས་ཚོགས་ནས་ཆག་ཡང་ཞུ་དགོས། ཞེས་བཀོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese