མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་མིའི་རུས་ཐལ་ཡང་ལྷག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་དམག་སྤྱི་གཞོན་པ་ལའོ་ཡུན་ཟེར་བ་ཞིག་གིས་དམངས་གཙོའི་རང་དབང་འཐོབ་ན་གུང་ཁྲན་ཏང་མི་ཚོའི་རུས་ཐལ་ཡང་ལྷག་གི་མ་རེད་ཅེས་བརྗོད་པ་དེ་ཉེས་པ་གནམ་ལ་མི་ཤོང་བའི་སྐྱག་རྫུན་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

 

ལའོ་ཡུནཁ་སང་ཤིན་ཐང་རིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གི་གླག་རྒོད་དམག་ཚོགས་ (War Hawk) ཀྱི་དམག་སྤྱི་གཞོན་པ་ལའོ་ཡུན་ཟེར་བ་ཞིག་རོ་མ་ནི་ཡའི་དམར་ཤོག་སྲིད་འཛིན་ཟུར་བའི་དྲན་གསོའི་རྡོ་རིང་ལ་ལྟ་སྐོར་དུ་ཕྱིན་པ་དང་སྟབས་བསྟུན། གསར་འགོད་པས་ཁོ་བོར་བཅར་འདྲི་བྱེད་སྐབས། གལ་སྲིད་དམངས་གཙོའི་རང་དབང་ཟེར་བར་དབང་ཆ་འཐོབ་ན་སྡུག་མྱོང་མཁན་མང་ཚོགས་རེད། ཕྱི་ཚུལ་ནས་དམངས་གཙོའི་གསར་བརྗེ་ཞིག་ཡིན་ཡང་། དོན་དངོས་སུ་ཁྲག་དྲི་བྲོ་བའི་འཐབ་རྩོད་ཅིག་རེད། མཇུག་མཐར་གུང་ཁྲན་ཏང་མི་ཚོའི་རུས་ཐལ་སྒམ་ཆུང་ཡང་ཉར་རྒྱུ་མ་རེད། ཁོ་ཚོར་རང་དབང་ཡོད་ན་ཕྱོགས་གཞན་པའི་མི་རྣམས་ལ་རང་དབང་མེད་དགོས་པ་སྟོན་གྱི་ཡོད་པ་རེད་ཅེས་བརྗོད་ཡོད་སྟབས། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་གལ་སྲིད་དངོས་གནས་དེ་འདྲ་ཞིག་ཡིན་ན། གུང་ཁྲན་ཏང་དང་དམངས་གཙོ་གཉིས་མཉམ་གནས་མི་ཐུབ་པའི་དགྲ་ནག་ཡིན་ནམ་ཞེས་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་འདུག

 

ཨ་རིར་གནས་སྡོད་བྱས་ཡོད་པའི་རྒྱ་ནག་སྤྱི་ཚོགས་ཉམས་ཞིབ་པ་ཀྲང་ཅན་ (Zhang Jian) གྱིས། ཁོས་དེ་ལྟར་བཤད་པའི་རྒྱུ་མཚན་གསལ་བོ་རེད། དམར་ཤོག་རིང་ལུགས་ཀྱི་རོ་མ་ནི་ཡའི་དབང་བསྒྱུར་མཇུག་བསྡུས་པ་དང་བསྟུན། མང་ཚོགས་ཀྱིས་སྔོན་ཆད་ཀྱི་ལག་དམར་རྣམས་ལ་འཁོན་ལན་སློག་སྟེ། ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཚོའི་རུས་ཐལ་སྦེད་སའང་ད་སྐབས་དྲན་གསོའི་རྡོ་རིང་ཞིག་ཏུ་གྱུར་ཡོད་པ་ལའོ་ཡུན་གྱིས་མཐོང་ཡོད་སྟབས། རྒྱ་ནག་ལ་ཡང་གནད་དོན་འདི་དང་གཅིག་མཚུངས་རེད། སྤྱིར་བཏང་ཁོ་བོའི་སེམས་ཁྲལ་དེ་གུང་ཁྲན་ཏང་གི་སེམས་ཁྲལ་ཡང་ཡིན་པ་རེད། ཅེས་བརྗོད་འདུག

 

ཡང་ལའོ་ཡུན་གྱིས་བཅར་འདྲིའི་སྐབས། འབངས་མི་སེར་ད་དུང་གུང་ཁྲན་ཏང་ལ་བརྩེ་དུང་ཡོད་པ་དང་། གལ་སྲིད་གུང་ཁྲན་ཏང་དང་འབངས་མི་སེར་གཉིས་ཁ་བྲལ་བ་ཡིན་ན། འབངས་མི་སེར་གྱིས་གུང་ཁྲན་ཏང་རྩིས་མེད་གཏོང་རྒྱུ་རེད། ཅེས་ཀྱང་བརྗོད་པ་དེར་ཀྲང་ཅན་གྱིས། ལའོ་ཡུན་གྱིས་གུང་ཁྲན་ཏང་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་གསལ་བོ་ཤེས་ཀྱི་ཡོད་པ་ཡིད་ཆེས་ཡོད། ཁོའི་ད་ལྟའི་གོ་གནས་ལ་བལྟས་ན་རྒྱ་ནག་དམག་ཁུལ་ནང་ལོགས་མཐོང་གི་འདུག ཕྱོགས་གཞན་པའི་ཁྲག་དྲི་བྲོ་བའི་འཐབ་རྩོད་ཀྱིས་རང་ཉིད་ཀྱི་ལས་རོགས་གཙང་མ་བཟོ་རྩིས་ཡིན་པས་མ་འོངས་པའི་རྒྱ་ནག་གསལ་བོ་མཐོང་ཐུབ་པ་མ་ཟད། རྒྱ་ནག་གི་དམག་མི་ཚོར་དེང་རབས་རང་བཞིན་གྱི་ཡར་རྒྱས་མེད་པ་གསལ་བོ་མངོན་འདུག ཅེས་བརྗོད་འདུག

 

ཡང་ཀྲང་ཅན་གྱིས། སྐད་ཆ་བཤད་སྟངས་འདི་ནི་རྒྱ་ནག་གོམས་འདྲིས་ཕྱིན་པའི་གཡོ་བྱུས་དེ་རེད། མི་ཚང་མའི་འཐུས་ཚབ་མི་གཅིག་གིས་བྱས་པ་དང་། མི་གཅིག་གི་བསམ་བློ་དེ་རྒྱ་ནག་མི་མང་ཡོངས་ཀྱི་བསམ་བློའི་ཚབ་མཚོན་བྱེད་ཀྱི་ཡོད་ལ། དེ་དག་ལ་དམིགས་ཡུལ་གཅིག་ཡོད་པ་དེ་རང་ཉིད་ཀྱི་སྐད་ཡིག་གཅིག་པུས་མང་ཚོགས་ཡོངས་ཀྱི་ཀླད་པ་འཁྲུད་རྒྱུ་དེ་རེད། ཅེས་བརྗོད་འདུག

 

སྐབས་དོན་དཔྱད་ཞིབ་པ་ཁྲིན་མིན་ཧེ་ (Chen Minghui) ཡིས། གུང་ཁྲན་ཏང་རྫུན་མ་དེ་འདྲའི་རླབས་ཆེན་ཞིག་དང་འོད་སྟོང་ལྡན་པ་དངོས་གནས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ན་སྟངས་འཛིན་ཡོད་ཚད་སྒོ་འབྱེད་པ་དང་། མི་མང་ཡོངས་ལ་འོས་འཕེན་གྱི་ཐོབ་ཐང་སྤྲད། གུང་ཁྲན་ཏང་གི་བཀག་སྡོམ་ཡོད་ཚད་ཀློད་དང་། ཕལ་ཆེར་གུང་ཁྲན་ཏང་ལམ་སེང་འཐོར་ཞིག་ཏུ་འགྲོ་ངེས་རེད། ཅེས་དང་། ལའོ་ཡོན་གྱི་སྐད་ཆ་རྣམས་ཉེས་བ་གནམ་ལ་མི་ཤོང་བའི་སྐྱག་རྫུན་ཞིག་ཡིན་སྐོར་བརྗོད་འདུག

 

ལའོ་ཡུན་ནི་ ༡༩༥༠ ལོའི་ཟླ་ ༡༠ ཚེས་ ༢༠ ཉིན་སི་ཁྲོན་ཞིང་ཆེན་ཀང་ཡོན་གྲོང་ཁྱེར་ཚང་ཞི་རྫོང་དུ་སྐྱེས་ཤིང་། རྒྱ་ནག་བཅངས་གྲོལ་དམག་གི་རྒྱལ་སྤྱིའི་འབྲེལ་མཐུད་སློབ་ཆེན་ནས་མཐར་ཕྱིན་ཡོད་པ་དང་། ད་ལྟ་དམག་དོན་ཚན་རིག་སློབ་གླིང་གི་འཛམ་གླིང་དམག་དོན་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་སོགས་ཀྱི་ལས་འགན་འཁུར་བཞིན་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese