མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་མེད་ཞི་བར་ཐབས་ལམ་བརྒྱ་ཕྲག་ལྷག་ཡོད་པ་དེར་སློབ་སྦྱོང་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཏེ་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་དང་བསྟུན་དྷ་སའི་ཉེ་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དྲུག་གིས་འཚེ་མེད་ཞི་བ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་འགྲན་སྡུར་བྱས་སོང་།

 

DSC_0893ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་དྷ་སའི་ཁོར་ཡུག་ཚོགས་ཁང་དུ། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་གོ་སྒྲོག་འོག རྒྱ་གར་གྱི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཏེ་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་སྲུང་གཙི་དང་། ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་མཚོན་བྱེད་དུ། དྷ་རམ་ས་ལའི་གཡས་གཡོན་གྱི་སློབ་གྲྭ་ཁག་དྲུག་གི་འཛིན་རིམ་བཅུ་བའི་སློབ་ཕྲུག་རེ་རེ་ཡིས་༼འཚེ་མེད་ཞི་བའི་འཐབ་རྩོད་དང་གཞོན་སྐྱེས་ཀྱི་མཉམ་བཞུགས༽ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་འགྲན་སྡུར་བྱས་སོང་བ་དང་། འགྲན་སྡུར་གྱི་གཟུ་དཔང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་བསམ་འགྲུབ་ལགས་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡོན་ཏན་རྒྱ་མཚོ་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་བ་གྲྭ་ངག་དབང་འོད་འབར་ལགས་བཅས་ཕེབས་འདུག

 

ཐོག་མར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་དབང་འདུས་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་སྐབས། ལས་རིམ་འདི་གོ་སྒྲིག་བྱས་པའི་རྒྱུ་མཚན་གཙོ་བོ་དེ་ཕྱི་ཟླ་ ༡༠ ཚེས་ ༣ ནི་གྷན་དྷི་མཆོག་གི་འཁྲུངས་སྐར་དང་ཁོང་གི་འཁྲུངས་སྐར་དེ་ཡང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་རུ་སྲུང་གཙི་ཞུ་བཞིན་ཡོད་སྟབས། ཉིན་མོ་ཁྱད་པར་ཅན་འདི་དང་བསྟུན་དེ་ ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་རྟེན་འབྲེལ་མཚོན་བྱེད་དུ། དྷ་རམ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་དྲུག་གི་འཛིན་རིམ་བཅུ་བའི་འབྲིང་རིམ་སློབ་མ་རྣམས་ལ་གཏམ་བཤད་འགྲན་སྡུར་ཞིག་གོ་སྒྲིག་ཞུས་པ་ཡིན་ལ། སློབ་མ་ཚོའི་འགྲན་སྡུར་གྱི་དམིགས་ཡུལ་གཙོ་བོ་འགྲན་སྡུར་ནང་ཞུགས་མཁན་སློབ་མ་ཚོར་ཟླ་བ་གཅིག་གཉིས་ཞིག་གི་དུས་ཚོད་སྤྲད་ནས་ཁོ་རང་ཚོས་དེའི་སྒང་ལ་ཉམས་ཞིབ་བྱས་པ་དང་། དེ་ཡང་གློག་ཀླད་ནང་ (Power Point) བརྒྱུད་ནས་སྟོན་རྒྱུ་ཡོད་པ་མ་ཟད། དེ་དག་བོད་ཡིག་ནང་བྲིས་པ་དང་བོད་སྐད་གཙང་མ་རྒྱག་པ་དེ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཐོག་ཤུགས་རྒྱག་རྒྱུའི་ཆེད་ཡིན། ཞེས་སོགས་བརྗོད་སོང་།

 

འགྲན་ཞུགས་པ་ཅོང་ཏ་ར་བོད་ཁྱིམ་གྱི་སློབ་མ་བློ་བཟང་རབ་རྒྱས་དང་ཅོང་ཏ་ར་སམ་བྷོ་ཊའི་སློབ་མ་བློ་བཟང་དཔལ་ལྡན། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་ཉིད། དྷ་ཤོད་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་རབ་དགའ། གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་ཚེ་བཟང་། སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དོན་འགྲུབ་བཅས་ཀྱིས། རིམ་པ་བཞིན་༼འཚེ་མེད་ཞི་བའི་འཐབ་རྩོད་དང་གཞོན་སྐྱེས་ཀྱི་མཉམ་བཞུགས༽ཞེས་པའི་བརྗོད་གཞིའི་སྟེང་སྐར་མ་ ༡༥ ལ་གཏམ་བཤད་བྱས་རྗེས། སློབ་མ་གཞན་གྱི་དྲི་བ་གཅིག་ལ་ལན་འདེབས་བཅས་བྱས་པ་བརྒྱུད། ཅོང་ཏ་ར་བོད་ཁྱིམ་གྱི་སློབ་མ་བློ་བཟང་རབ་རྒྱས་ལ་ཨང་དང་པོ་དང་། སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དོན་འགྲུབ་ལ་ཨང་གཉིས་པ། གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་ཚེ་བཟང་ལ་ཨང་གསུམ་པ་བཅས་ཀྱི་རྒྱལ་ཁ་ཐོབ་སྟེ། འགྲན་ཞུགས་པ་དང་སློབ་གྲྭ་སོ་སོར་བྱ་དགའི་གསོལ་རས་གནང་སོང་།

 

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་བསམ་འགྲུབ་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྐབས། སྤྱིར་བཏང་འགྲན་སྡུར་གྱི་ཆ་ཤས་ལེན་མཁན་སློབ་ཕྲུག་ཚོས་གཏམ་བཤད་བྱས་པ་དང་། གཟུ་དཔང་རྣམ་པ་གཉིས་དང་ངེད་ཚོས་བརྒྱ་ཆ་ཞིག་སྤྲད་ཡོད་སྟབས། རྣམ་པ་ཚོ་ཁ་ཤས་ཀྱི་བརྒྱ་ཆ་མཐོ་བོ་ཡོད་པ་དང་ཁ་ཤས་ལ་མཐོ་བོ་མེད་པ་དེར་ཁྱད་པར་ཡོད་པ་མ་རེད། གལ་ཆེ་ཤོས་དེ་རྣམ་པ་ཚོ་འདིར་ཡོང་ནས་ཆ་ཤས་བླངས་ཏེ་གཏམ་བཤད་བྱས་པ་དེ་ཆགས་ཡོད་པ་རེད། སྔོན་མ་ང་རང་སུ་ཇ་སློབ་གྲྭའི་ནང་ལོ་ ༩ ཙམ་ལ་དགེ་རྒན་བྱེད་སྐབས་བགྲོ་གླེང་འདི་འདྲ་གོ་སྒྲིག་མང་པོ་ཞུས་མྱོང་། སྔོན་མ་གོ་སྒྲིག་ཞུས་པའི་བརྒྱུད་རིམ་དང་དེ་རིང་གི་སློབ་ཕྲུག་ཚོས་གཏམ་བཤད་བྱས་པ་མཐོང་དུས་ཏོག་ཙམ་དགའ་སྤོབས་སྐྱེས་བྱུང་། སྔོན་མ་སུ་ཇ་སློབ་གྲྭའི་སློབ་ཕྲུག་ཚོ་རྒན་པ་ཡོད་སྟབས་བགྲོ་གླེང་ག་རེ་བྱེད་དགོས་མིན་ལབ་མི་དགོས་པར་སོ་སོའི་ངོས་ནས་གཏམ་བཤད་དང་གྲ་སྒྲིག་བྱ་ཐུབ་ཀྱི་ཡོད་པ་རེད། ཡིན་ན་ཡང་། བགྲོ་གླེང་སྐབས་སློབ་གྲྭ་གཞན་པ་ནས་ཡོང་མཁན་མང་པོ་ཞིག་ལ་རྒན་ལགས་ཀྱིས་ག་རེ་ལབ་པ་དེ་སྡིངས་ཆའི་སྟེང་ཡོང་ནས་མར་གྱེར་བསྡད་པ་འདྲ་བོ་མ་གཏོགས་སློབ་ཕྲུག་གི་བཤད་སྟངས་དེ་རང་བཞིན་གྱི་བཀའ་མོལ་གནང་སྟངས་མིན་པའི་ཚོར་སྣང་ཡོང་གི་ཡོད། འོན་ཀྱང་། དེ་རིང་གཏམ་བཤད་བྱ་མཁན་ཆ་ཚང་གིས་སོ་སོ་རང་གིས་དཀའ་ལས་བརྒྱབ་པ་ཞིག་དང་སོ་སོ་རང་གིས་བསམ་བློ་འཁོར་བསྡད་པ་ཞིག རང་གི་རྒྱུད་ལ་ངེས་ཤེས་ཅུང་ཙམ་རྙེད་ཡོད་པའི་ཚོར་སྣང་བྱུང་། ཞེས་བརྗོད་སོང་།

 

བོད་དོན་ཞི་བའི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་གནང་རྒྱུ་དེ་བོད་རིགས་གཞོན་སྐྱེས་ཚོའི་འོས་འགན་གལ་ཆེན་ཡིན་པའི་སྐོར་ལ་ཁོང་གིས། གལ་ཆེ་ཤོས་གཅིག་དེ་གཞོན་སྐྱེས་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་སྟེང་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་དང་འཚེ་མེད་ཞི་བའི་ལམ་ནས་ང་ཚོའི་འཐབ་རྩོད་མཇུག་སྐྱོང་གནང་རྒྱུ་རྣམ་པ་ཚོར་རག་ལས་རེད། དེ་རིང་འདིར་སློབ་གྲྭའི་ཕྲུ་གུ་མང་པོ་མེད་ཀྱང་། ངས་རྣམ་པ་ཚོ་བརྒྱུད་ནས་འཚེ་མེད་ཞི་བའི་སྦྱོང་བརྡར་གནང་མཁན་དེ་ཚོར་ག་རེ་ཞུས་དགོས་ཞེ་ན། སྤྱིར་འཚེ་མེད་ཞི་བར་ཐབས་ལམ་བརྒྱ་ཕྲག་ལྷག་ཡོད་ཀྱང་བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་ཁག་གིས་ཐབས་ལམ་བཅུ་གྲངས་ཤིག་མ་གཏོགས་བེད་སྤྱོད་གནང་གི་མེད་སྟབས། ང་ཚོའི་སློབ་གྲྭའི་ཕྲུ་གུ་ཚོའི་ངོས་ནས་འདིའི་ཐོག་སློབ་སྦྱོང་བྱས་ཏེ། ལས་འགུལ་སྤེལ་སྟངས་འདྲ་མིན་ཞིག་གནང་རྒྱུ་གལ་ཆེན་པོ་ཆགས་འདུག བོད་ནང་ལ་འཚེ་མེད་ཞི་བའི་གོ་རྟོགས་དང་ཟབ་སྦྱོང་སྤྲོད་མཁན་གང་ཡང་མེད་ཀྱང་། བོད་ནང་གི་ལས་འགུལ་སྤེལ་སྟངས་ཀྱི་རྣམ་པ་རེ་རེར་ང་ཚོས་ཞིབ་འཇུག་བྱོས་དང་། དེ་ཧང་སང་བའི་ཚད་མཐོ་བོ་ཞིག་རེད་འདུག ད་ལྟའི་བར་བོད་ནང་དུ་རང་ལུས་མེར་སྲེག་གནང་མཁན་མི་ ༡༤༠ ལྷག་བྱུང་ཡོད་པ་རེད། རང་ལུས་མེར་སྲེག་མཁན་རེ་རེ་ཡིས་རྒྱ་མི་གཉིས་གསུམ་མེར་བསྲེགས་གནང་པའི་ནུས་པ་ཡོད་པ་རེད། ཁོང་ཚོས་དེ་ལྟར་བྱེད་ཀྱི་མེད་པ་དེ་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོ་ཡོད་པས་རེད་བསམ་གྱི་འདུག སོ་སོའི་ལུས་པོ་མཆོད་མེར་ཕུལ་ཡང་གཞན་པའི་རྒྱུ་དང་ཅ་དངོས་གཅིག་ལའང་གནོད་བསྐྱལ་ཡོད་པ་མ་རེད། ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་བྱེད་སྐབས་ཀྱང་རྒྱ་མིའི་མེ་མདའ་ལག་ཏུ་རག་ཀྱང་དེ་བཅག་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཉེ་སྔོན་སྐད་ཡིག་སྲུང་སྐྱོབ་ཆེད་ཨ་མདོའི་ཁུལ་དུ་སོ་སོའི་སྐད་ཡིག་སྒང་སློབ་ཚན་ཆ་ཚང་བསླབ་དགོས་ཞེས་ངོ་རྒོལ་གྱི་རྣམ་པ་དེ་ཚོ་མཐོང་ཡོང་དུས་ཧང་སང་དགོས་པ་དང་ཧ་ལས་དགོས་པ་རེད་དྲན་གྱི་འདུག དེ་བཞིན་རྣམ་པ་ཚོས་འདི་འདྲའི་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ༧སྐྱབས་མགོན་རིན་པོ་ཆེ་ཡིས་བོད་དེ་འཚེ་མེད་ཞི་བའི་ལྟེ་གནས་ཤིག་ཏུ་བསྒྱུར་གྱི་ཡིན་གསུང་གི་ཡོད་པ་རེད། ལྟེ་གནས་ཤིག་ཏུ་བསྒྱུར་བར་དང་པོ་དེའི་ནང་ལ་ཡོད་པའི་སེམས་ཅན་དང་མི། སྤྱི་ཚོགས་ཆ་ཚང་ལ་འཚེ་མེད་ཞི་བའི་གོམས་གཤིས་ཡག་པོ་ཡོད་མཁན་ཞིག་དང་དེའི་ཐོག་ཡིད་ཆེས་ཡོད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་གལ་ཆེན་པོ་རེད། དེ་འདྲ་བསྒྱུར་རྒྱུར་ང་ཚོ་མི་རེ་ངོས་རེ་ནས་འགྱུར་བ་ཞིག་གཏང་ནས་དེར་ཡིད་ཆེས་དང་གོམས་གཤིས་ཆགས་རྒྱུ་དཔེ་གལ་ཆེན་པོ་རེད་དྲན་གྱི་འདུག ཅེས་སོགས་བརྗོད་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese