མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚམས་རེར་ཡི་གེ་ལས་པར་གྱིས་གསལ་བཤད་ལེགས་པ་བྱེད་ཐུབ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

པར་རིས་འགྲེམས་སྟོན་པ་ལྕམ་ཨན་ཎེ་ཐོ་མ་སེ་ཌོ་ཎཱ་ལགས་ཀྱིས་ཁོང་མོའི་ཁྱིམ་བརྒྱུད་ཀྱི་མི་རབས་གསུམ་གྱིས་མུ་མཐུད་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཁྱབ་བསྒྲགས་བྱེད་ཐུབ་པར་དགའ་སྤྲོ་དཔག་མེད་བྱུང་ཟེར།

3དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༤༩ ལོར་ལོ་ཝེལ་ཐོ་མ་སེ་ཕ་བུ་གཉིས་(Lowell Thomas and Lowell Thomas, Jr.) བོད་དུ་བསྐྱོད་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་དབུས་བདེ་སྲུང་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་དོན་གཉེར་ཅན་གྱི་ཕྱི་རྒྱལ་བ་དང་བོད་མི་ཁག་ཅིག་བཅས་མི་གྲངས་ ༢༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་པར་པ་ཐོ་མ་སེ་གཞོན་པའི་ (Lowell Thomas, Jr.) བུ་མོ་ཨན་ཎེ་ཐོ་མ་སེ་ཌོ་ཎཱ་གྷེ་ (Anne Thomas Donaghy) དང་དཔེ་མཛོད་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་གཉིས་ཀྱི་སྣེ་ལེན་འོག སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་རྗེས། སྐུ་མགྲོན་རྣམ་པ་དང་དོན་གཉེར་ཅན་ཚོས་པར་རིས་ཁག་ལ་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་རྗེས། དཔེ་མཛོད་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་སུ་པར་རིས་འགྲེམས་སྟོན་གནང་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། ང་ཚོས་འགྲེམས་སྟོན་འདིའི་ནང་གི་པར་རིས་མང་པོ་ཞིག་བོད་མི་དང་ཕྱི་རྒྱལ་བ་མང་པོ་ཞིག་གིས་མཐོང་ཡོད་པ་མ་རེད། ཕྱི་ལོ་ ༡༩༤༩ ལོར་ལོ་ཝེལ་ཐོ་མ་སེ་ཕ་བུ་གཉིས་བོད་དུ་ཕེབས་ནས་རླུང་འཕྲིན་རྒྱང་སྲིང་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་གཉིས་ཀྱིས་སྐུ་པར་མང་པོ་བརྒྱབ་སྟེ། ད་བར་ཚོགས་པ་ཁག་ལ་འགྲེམས་སྟོན་མ་བྱས་པར་ནང་ལ་ཉར་ཚགས་གནང་ཡོད་སྟབས། ང་ཚོས་ན་ནིང་ནས་འཆར་གཞི་བསྒྲིགས་ནས་འབྲེལ་བ་ཞུས་པ་ལྟར། ཁོ་ཚོས་ཚུར་པར་ ༡༠༣ བཏང་ཡོད་ཀྱང་འགའ་ཤས་རྙིང་པ་ཆགས་ཏེ། ང་ཚོའི་འབྲེལ་ཡོད་ལས་བྱེད་ཀྱིས་གློག་ཀླད་ནང་གཙང་མ་བཟོ་དགོས་པ་དང་། ཁ་ཤས་ཤིག་གཡུག་དགོས་བྱུང་བ་མ་གཏོགས་གཞན་ཚང་མ་འདིར་འགྲེམས་སྟོན་བྱས་ཡོད་པ་རེད། ད་བར་བོད་པ་དང་ཕྱི་རྒྱལ་བ་ཚོས་པར་རིས་འདི་དག་གི་ཁྲོད་ནས་མང་པོ་ཞིག་གཟིགས་མྱོང་མེད་སྟབས། ང་ཚོས་འདིར་ཡོད་པའི་བོད་པ་དང་ཕྱི་རྒྱལ་བར་གཟིགས་འབུལ་ཞིག་ཞུས་ན་བསམ་སྟེ། འདས་པའི་ལོ་གཅིག་ཙམ་འཆར་གཞི་བཏིང་སྟེ་འགྲེམས་སྟོན་འདི་མགོ་འཛུགས་ཐུབ་པ་བྱུང་ཡོད། ཅེས་བརྗོད་བྱུང་།

2གསར་འགོད་པས་ད་བར་བོད་པའི་སྤྱི་ཚོགས་ནང་པར་རིས་འགྲེམས་སྟོན་གནང་མཁན་མང་པོ་བྱུང་ཡོད་སྟབས། བོད་ཀྱི་དཔེ་མཛོད་ཁང་གིས་རྒྱུ་མཚན་དང་ཁྱད་ཆོས་གང་ལ་བརྟེན་ནས་འགྲེམས་སྟོན་འདི་གོ་སྒྲིག་ཞུས་པ་ཡིན་དྲིས་པར་ཁོང་གིས། གཅིག་ནས་པར་རིས་འདི་ཚོ་རྙིང་པ་ཡིན་ཡང་། ང་ཚོས་མཐོང་བ་དེ་གསར་པ་ཆགས་བསྡད་ཡོད་པ་རེད། གཉིས་ནས་པར་རིས་འདི་ཚོའི་ནང་བོད་ནང་འཛུལ་ཆོག་པའི་ལག་ཁྱེར་ཡོད་སྟབས། འདིས་ག་རེ་ཁུངས་སྐྱེལ་གྱི་ཡོད་རེད་ཟེར་ན། ཕྱི་ལོ་ ༡༩༥༩ སྔོན་ལ་ང་ཚོ་བོད་རང་བཙན་གཙང་མ་ཡིན་པ་ཁུངས་སྐྱེལ་ཐུབ་ཀྱི་ཡོད་སྟབས་གོ་སྒྲིག་ཞུས་པ་ཞིག་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་པར་རིས་འགྲེལ་བརྗོད་གནང་མཁན་ལོ་ཝེལ་ཐོ་མ་སེ་གཞོན་པའི་བུ་མོ་ཨན་ཎེ་ཐོ་མ་སེ་ཌོ་ཎཱ་གྷེ་ལགས་སུ་འགྲེམས་སྟོན་འདི་གནང་བ་བརྒྱུད་ཚོར་སྣང་ག་རེ་བྱུང་དྲིས་པར་ཁོང་མོས། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་འདི་མི་མང་པོས་མཐོང་རྒྱུ་ཡིན་སྟབས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། གང་ཡིན་ཟེར་ན། ཕྱི་ལོ་ ༡༩༤༩ ལོར་༧གོང་ས་མཆོག་གིས་བོད་དང་བོད་མིའི་ལོ་རྒྱུས་གང་ཐུབ་ཁྱབ་བསྒྲགས་གནང་རྒྱུའི་ཐུགས་རེ་བཅངས་ཏེ། ངའི་སྤོ་ལགས་དང་པ་ལགས་རྣམ་གཉིས་བོད་དུ་གདན་ཞུ་གནང་ཡོད་པ་རེད། སྐབས་དེར་བོད་རྒྱ་འོག་ཏུ་ཚུད་མེད་སྟབས། བོད་ནང་བོད་མི་མ་གཏོགས་མེད་པ་རེད། ངའི་པ་ལགས་ནི་རླུང་འཕྲིན་རྒྱང་སྲིང་གནང་མཁན་དང་། པར་པ་དང་གློག་བརྙན་བཟོ་མཁན་བཅས་ཡིན་སྟབས། ཁོང་གིས་གློག་བརྙན་བཟོས་ཡོད་པ་མ་ཟད་ད་ལྟ་འདིར་སྟོན་བཞིན་འདུག ཁོང་གཉིས་ཀྱིས་༧གོང་ས་མཆོག་མཇལ་ནས་ཨ་རིར་ཕྱིར་ལོག་བྱས་རྗེས། ཨ་རིའི་སྲིད་འཛིན་མཆོག་ལ་བོད་ནི་གནས་མཆོག་དང་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བོད་མི་རྣམས་ནི་ཆོས་དད་ཆེ་ལ་འཛམ་གླིང་ཞི་བདེ་ཡོང་བར་ཕུགས་འདུན་བཅང་མཁན་གྱི་མི་རིགས་ཤིག་ཡིན་སྟབས། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མི་མང་ཚོས་ཤེས་རྒྱུ་གལ་ཆེན་ཡིན་སྐོར་འཁོད་པའི་ཡི་གེ་ཞིག་ཕུལ་ཡོད་པ་རེད། ད་བར་ལོ་ངོ་ ༦༥ ཙམ་ཕྱིན་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ད་དུང་འགྱུར་བ་ཕྱིན་མེད་པ་རེད། ད་ལྟ་ད་དུང་ཡིན་ཡང་ང་ཚོའི་ནང་མིས་མུ་མཐུད་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཁྱབ་བསྒྲགས་བྱེད་ཐུབ་པར་དགའ་སྤྲོ་དཔག་མེད་བྱུང་། ང་ལ་ཤེས་རིག་བཀའ་བློན་མཆོག་གི་པར་རིས་འདི་ཚོའི་ནང་རྒྱ་མི་གཅིག་རྐྱང་མེད་པར་བོད་རིགས་ཤ་སྟག་ཡིན་སྟབས། འདི་ཚོ་རྒྱལ་སྤྱིའི་ཐོག་འགྲེམས་སྟོན་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་པའི་དགོངས་ཚུལ་གསུངས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་འགྲེམས་སྟོན་མ་བྱས་གོང་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་ལ་འགྲེམས་སྟོན་བྱ་ཐུབ་པ་ཡིན་ན། སློབ་མ་ཚོར་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་གནང་བྱུང་། ངས་སྐབས་རེ་ཡི་གེ་ལས་པར་རིས་ཀྱིས་གསལ་བཤད་ལེགས་པ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

1གསར་འགོད་པས་པར་རིས་འདི་དག་ཁྲོད་ནས་ཁོང་མོས་དགའ་མོས་ཆེ་ཤོས་བྱ་ཡུལ་གང་ཡིན་དང་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་མོས། འགྲེམས་སྟོན་འདིའི་ནང་གི་༧གོང་ས་མཆོག་བཞུགས་ཁྲིར་བཞུགས་ནས་བཞད་མོ་བཞད་ཀྱི་ཡོད་པ་དེ་ཡིན། པ་ལགས་ཀྱིས་གསུངས་པ་ལྟར་ན། ཁོང་ལ་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་སྐབས། ༧གོང་ས་མཆོག་སྒམ་པོ་ཞིག་ཡིན་གྱི་རེད་བསམས་སོང་ཡང་། སྐུ་དངོས་སུ་མཇལ་སྐབས་བཞད་མོ་རྐྱང་རྐྱང་བཞད་ནས་བཞུགས་ཀྱི་ཡོད་སྟབས། པ་ལགས་ཧང་སང་བྱུང་གསུངས་ཀྱི་འདུག་པ་མ་ཟད། དེ་བཞིན་༧གོང་ས་མཆོག་གིས་ཁོང་ལ་མཛད་སྒོའི་པར་བརྒྱབ་བཅུག་བྱུང་གསུངས་ཀྱི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་གཟིགས་མོ་བ་རིག་འཛིན་སྒྲོལ་མ་ལགས་སུ་འགྲེམས་སྟོན་འདི་གཟིགས་རྗེས་ཚོར་སྣང་ག་རེ་བྱུང་དྲིས་པར་ཁོ་མོས། འགྲེམས་སྟོན་འདི་བལྟས་རྗེས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་བྱུང་། སྐྱོ་པོ་ག་རེ་བྱུང་ཟེར་ན། སྤྱིར་བཏང་ལུང་པ་ཟེར་བ་དེ་འགྱུར་བ་ཐེབས་ཀྱི་ཡོད་ཀྱང་། ང་ཚོ་བོད་ཀྱི་ལུང་པ་སྐྱོ་པོའི་ཐོག་འགྱུར་བ་ཐེབས་ཡོད་སྟབས་སེམས་པ་སྐྱོ་ཡི་འདུག དགའ་སྣང་ག་རེ་བྱུང་ཟེར་ན། པར་རིས་འདི་ཚོའི་ནང་ངའི་སྤུན་མཆེད་ཀྱི་པར་རིས་དེ་འདྲ་མཐོང་རྒྱུ་འདུག་པས་སེམས་ལ་དགའ་ཚོར་ཆེན་པོ་ཞེ་དྲགས་བྱུང་། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་གཞོན་སྐྱེས་དང་མང་ཚོགས་ཚོས་འགྲེམས་སྟོན་འདི་གཟིགས་ཐུབ་པ་ཡིན་ན་ཕན་ཐོགས་ག་རེ་ཡོང་གི་རེད་དྲན་གྱི་འདུག་དྲིས་པར་ཁོ་མོས། ལོ་གཞོན་དང་ངའི་ལོ་ཚོད་བོད་ཀྱི་སྐོར་ཡག་པོ་མ་ཤེས་མཁན་སུ་ཡིན་ནའང་རེད། སྔོན་མ་བོད་གང་འདྲ་ཡིན་མིན་སྐུ་པར་འདི་ཚོར་བལྟས་རྗེས། ཏོག་ཙམ་ངོ་སྤྲོད་ཡོང་གི་རེད་བསམ་གྱི་འདུག་ཀྱང་། ངས་སྐུ་པར་ཙམ་མིན་པར་འདི་དང་མཉམ་དུ་ལོ་རྒྱུས་ཤིག་མེད་པ་ཡིན་ན་ཕན་ཐོགས་ཞེ་དྲགས་ཡོད་མ་རེད་བསམ་གྱི་འདུག

གསར་འགོད་པས་བོད་ནང་འཚར་ལོངས་བྱུང་བའི་བསོད་ནམས་ཟླ་བ་ལགས་སུ་བོད་མ་ཤོར་གོང་གི་པར་རིས་འདི་ཚོ་མཇལ་དུས་ཚོར་སྣང་ག་རེ་བྱུང་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་དུས་རབས་སྔོན་མ་ནས་བཟུང་བོད་ཀྱི་བདག་དབང་ཁོ་ཚོར་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། ངས་པར་འདི་དག་ལ་བལྟས་རྗེས་བདེན་པ་ར་འཕྲོད་དེ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོ་མཐོང་ཐུབ་ཀྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིའི་སློབ་ཆེན་ཁག་ནས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

སྐར་མ ༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༢ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese