མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་མེད་ཚེ་རིང་ལ་སྲིད་སྐྱོང་སློབ་ཡོན་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སློབ་ཡོན་གསལ་བསྒྲགས་སྐབས་སྲིད་སྐྱོང་མཆོག་གིས་ཚན་རིག་པཱ་ལགས་ཀྱི་སྐབས་ལ་ཚན་རིག་གི་བུ་བྱུང་བ་མ་ཟད། མ་འོངས་པར་ཁོང་མེ་ཤུགས་འཕུར་མདའི་ཚན་རིག་མཁས་པ་ཞིག་ཆགས་ཏེ་ནམ་མཁར་འཕུར་བའི་ཉིན་མོ་དེར་ང་ཚོ་ཚང་མ་ཧ་ཅང་དགའ་བོ་ཡོང་སྐོར་གསུངས་སོང་།

22222དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཀའ་ཤག་གི་སྐུ་མགྲོན་སྣེ་ལེན་ཁང་དུ། གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་འཇིགས་མེད་ཚེ་རིང་ལགས་སུ་རྒྱ་གར་གྱི་ཚན་རིག་དང་འཕྲུལ་རིག་གཙུག་ལག་སློབ་ཆེན་གྱི་འཕྲུལ་ལས་རིག་གནས་རམས་འབྱམས་པའི་ལོ་རིམ་དང་པོའི་ལོ་འཁོར་རྒྱུགས་འབྲས་བརྒྱ་ཆ་ ༩༧.༩ ཐོབ་པར་སྲིད་སྐྱོང་སློབ་ཡོན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇིགས་མེད་ཚེ་རིང་ལགས་ཀྱི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་འབྲེལ་ནས་བསྔགས་བརྗོད་གནང་དོན། འཇིགས་མེད་ཚེ་རིང་ནི་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་འབུམ་གཅིག་རག་མཁན་དང་། ད་ལྟའི་བར་གྱི་སྲིད་སྐྱོང་སློབ་ཡོན་རག་མཁན་བརྒྱ་ཆ་མཐོ་ཤོས་དེ་རེད། དེའི་ནང་ནས་དམིགས་བསལ་དགའ་དགོས་པ་ཞིག་ལ་རྒྱུ་མཚན་གཉིས་ཡོད་པ་རེད། ཁོ་རང་མ་སུ་རི་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་པ་དེ་དམིགས་བསལ་མ་རེད། དམིགས་བསལ་དེ་ག་རེ་རེད་ཅེ་ན། འཛིན་གྲྭ་ ༡༠ བའི་བར་དུ་ཁོ་རང་རྡོར་རྗེ་གླིང་གཏན་སློབ་ནས་ཐོན་པ་དང་། ནང་ཡང་རྡོར་རྗེ་གླིང་དུ་ཡོད་པ་རེད། འཇིགས་མེད་ཚེ་རིང་གི་པཱ་ལགས་ཀྱིས་སློབ་སྦྱོང་རྩ་བ་ཉིད་ནས་གནང་མྱོང་མེད་པ་དང་། ཨ་མ་ལགས་ལ་བྱི་རིལ་འཚོང་སའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་རེད། པཱ་ལགས་སྙིང་རྗེ་སྐུ་ལས་ཞེ་དྲགས་བསྐྱོན་འདུག འབྲས་ལྗོངས་སྒང་ཏོག་ཏུ་ཕྱིན་ཏེ། ཡུལ་སྐོར་བ་དེ་ཚོར་རྟ་དང་དྲེལ་དེད་ནས་ཕྱག་ལས་གནང་གི་འདུག དེར་བརྟེན་ད་ལྟའི་བར་དུ་ནང་མི་གསུམ་ཆ་དཀྱུས་མ་ཞིག་རེད། ངས་ག་རེ་མཐོང་གི་འདུག་ཟེར་ན། ནང་མི་དཀྱུས་མ་ཞིག་ཡིན་ནའང་ཕ་མའི་དཔལ་འབྱོར་དང་ཤེས་ཡོན་གནས་ཚད་ག་འདྲ་ཡིན་མིན་ལ་མ་ལྟོས་པའི་ཐོག་ནས་སློབ་ཕྲུག་རང་ནས་སྐུ་ལས་སྐྱོན། དེ་བཞིན་དགེ་རྒན་ལས་བྱེད་ཚོས་འཕྱར་གྲུ་མཉམ་འདེགས་གནང་། ང་ཚོ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བ་ཡིན་ན། ནམ་རྒྱུན་བཤད་ཀྱི་ཡོད་པ་ལྟར། དགའ་ལྡན་ཁྲི་ལ་བདག་པོ་མེད་པ་ནང་བཞིན་སྲིད་སྐྱོང་སློབ་ཡོན་ལ་ཡིན་ནའང་སུས་སྐུ་ལས་བསྐྱོན་ནས་བརྒྱ་ཆ་ག་ཚོད་མཐོ་བ་ལོན་པ་ཡིན་ན་དེ་ལ་རག་གི་རེད། ཅེས་གསུངས་སོང་།

མ་འོངས་པར་འཇིགས་མེད་ཚེ་རིང་ལགས་ཀྱི་དམིགས་ཡུལ་ལེགས་འགྲུབ་བྱུང་ཚེ་དགའ་སྤོབས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་ལ་ཁོང་གིས། འཇིགས་མེད་ཚེ་རིང་ལགས་ཀྱི་མ་འོངས་པའི་དམིགས་ཡུལ་དེ་མེ་ཤུགས་འཕུར་མདའི་ཚན་རིག་མཁས་པ་ཞིག་གནང་འདོད་ཡོད་ཟེར་གྱི་འདུག ང་ཚོས་མ་ཤེས་པ་ཞིག་ལ་ཁོ་རང་ཉེ་ཆར་ཧིན་རྡུའི་འཕྲུལ་རིག་དང་ཚན་རིག་སློབ་གཉེར་ཁང་ནང་དུ། ཁོ་རང་ཚོ་སོ་སོས་བཟོས་པའི་འཕྲུལ་ཆས་ཀྱི་དཔེ་གཟུགས་ (Model) འགྲན་བསྡུར་བྱས་ཡོད་པ་དང་། ཁོ་རང་གི་རུ་ཁག་དེར་སློབ་གྲྭ་ཡོངས་ནས་རྒྱལ་ཁ་ཐོབ་འདུག འཕྲུལ་ཆས་ཀྱི་དཔེ་གཟུགས་གསར་བ་ག་རེ་བཟོས་འདུག་ཟེར་ན། འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ (Drones) ཟེར་བ་ཞིག་ཡོད་པ་དེ། གནམ་གྲུ་མི་མེད་པའི་ཐོག་ནས་གནམ་ལ་འཕུར་ཏེ་སོ་སོས་པར་རྒྱག་ཐུབ་པ་ད་ལྟ་ཨ་རི་དང་ཨི་ཛི་རལ་ནང་ཡོངས་གྲགས་ཆགས་བསྡད་ཡོད་པ་རེད། དེ་བཟོས་པའི་ཐོག་ནས་ཁྱད་ཆོས་མ་འདྲ་བ་ཆེ་ཤོས་ག་རེ་འདུག་ཟེར་ན། སྤྱིར་བཏང་གནམ་གྲུ་འཕུར་བཞིན་པའི་སྐབས་སུ་འཕྲོ་བརླག་ཏུ་ཕྱིན་པ་ཡིན་ན་མར་ཟེགས་འགྲོ་ཡི་ཡོད་ཀྱང་། ཁོ་རང་གིས་གནམ་གྲུ་འཕྲོ་བརླག་ཏུ་ཕྱིན་པ་ཡིན་ན་ས་ཆ་ག་བ་ནས་འཕུར་བ་ཡིན་ནའང་དེ་རང་ལ་ཕྱིར་ལོག་ཐུབ་པ་ཞིག་བཟོས་ཡོད་པར་བརྟེན་ཨང་དང་པོ་ཐོབ་འདུག མ་འོངས་པར་ཁོ་རང་གིས་འཆར་གཞི་བཟོས་ཏེ་གནམ་གྲུ་སྦྱོང་བའི་ཆེད་དུ་ (Training air card) བཟོ་ཡི་ཡིན་ཟེར་དུས། མེ་ཤུགས་འཕུར་མདའི་ཚན་རིག་མཁས་པ་ཆགས་པར་སྔོན་མ་ང་ཚོའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་སྐབས་ལ་ཚན་རིག་པཱ་ལགས་ཟེར་བ་ཞིག་ཡོང་གྲགས་སུ་ཡོད་པ་དང་། ད་ལྟ་ཚན་རིག་པཱ་ལགས་ཡོད་སྐབས་ཚན་རིག་གི་བུ་ཡང་བྱུང་བ་མ་ཟད། དངོས་གནས་མེ་ཤུགས་འཕུར་མདའ་རང་གི་ཚན་རིག་མཁས་པ་ཞིག་གནང་འཆར་ཡོད་པས། ང་ཚོ་ཤེས་རིག་ལས་ཁུངས་ཧ་ལས་པའི་དགའ་བོ་བྱུང་ལ། འདི་ལས་ལྷག་གི་དགའ་བོ་ག་དུས་བྱུང་གི་རེད་ཟེར་ན། ཁོ་རང་མེ་ཤུགས་འཕུར་མདའི་ཚན་རིག་མཁས་པ་བྱས་ཏེ་གནམ་ལ་འཕུར་བའི་ཉིན་མོ་དེར་ད་ལན་ལས་ལྷག་ང་ཚོ་དགའ་བོ་ཡོང་གི་རེད། ཅེས་སོགས་གསུངས་སོང་།

སློབ་བུ་འཇིགས་མེད་ཚེ་རིང་ལགས་ཀྱིས། ང་རང་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་སྐབས་མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་བྱེད་དུས། ཚན་རིག་དང་དམིགས་བསལ་དངོས་ཁམས་ཚན་རིག་ལ་དོ་སྣང་ཞེ་དྲགས་ཡོད་པ་དང་། ང་རང་ཆུང་དུས་ནས་ (Rocket Booster) དང་ (Launch Vehicle Missile)་ལ་དགའ་བོ་ཡོད་པ་མ་ཟད། འཛིན་གྲྭ་དགུ་པ་བཅུ་པ་ནས་ (Dronestar) སྐོར་ལ་དགའ་སྣང་ཞེ་དྲགས་བསླེབས་སོང་བས། མཐོ་རིམ་སློབ་གྲྭའི་སྐབས་ཆེད་དུ་ (Aeronautical Aerospace) ལེན་པའི་དམིགས་ཡུལ་བཟུང་བ་ཡིན། འཛིན་གྲྭ་བཅུ་གཉིས་ཐོན་རྗེས། ཆིན་ནཱ་ (Chennai) གྲོང་ཁྱེར་གྱི་ཧིན་རྡུའི་ཚན་རིག་དང་འཕྲུལ་རིག་སློབ་ཁང་དུ་ཐེངས་གཅིག་ཕྱིན་པ་ཡིན་ལ། སློབ་ཞུགས་མ་ཆགས་སྔོན་དུ་སློབ་གྲྭའི་ནང་ (Aircraft Drones) དང་ (Fighter Aircraft Mig 21)། (Boeing 737)། (Hover Training Aircraft)། དེ་བཞིན་ (Seasonal Aircraft) སོགས་སློབ་གྲྭ་དེའི་འཕྲུལ་རིག་ཡག་ཤོས་རེད་བསམ་བྱུང་། དེའི་རྗེས་རྒྱ་གར་གྱི་སློབ་ཕྲུག་ཚོ་དང་མཉམ་དུ་སྐད་ཆ་བཤད་པ་ཡིན། ཁོ་ཚོས་བཤད་ན་སློབ་གྲྭ་དེ་དམིགས་བསལ་ (Aeronautical Aerospace) སྐོར་ལ་སྐད་གྲགས་ཆེན་པོ་ཡོད་པ་རེད་ཟེར། དེའི་རྗེས་སུ་དེ་ག་རང་དུ་སློབ་ཞུགས་བྱས་ནས་ད་ལྟ་ལོ་གཉིས་པ་ནང་སློབ་སྦྱོང་བྱེད་མུས་ཡིན། ཞེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིའི་སློབ་ཆེན་ཁག་ནས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

སྐར་མ ༥ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༢ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese