མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་ཞུས་ནས་རྩེད་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་དང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ལག་སྤོན་འགྲན་ཚོགས་ཁྲོད་སྨན་རྩིས་ཁང་གི་བུ་མོའི་རུ་ཁག་དང་བུའི་འབྲོག་པ་རུ་ཁག་གཉིས་ལ་ཨང་དང་པོ་ཐོབ་སྟེ་ཧིན་སྒོར་ཁྲི་གཅིག་རེའི་བྱ་དགའ་གནང་སོང་།

 

 

DSC_7586ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་ ༤༦ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན། ཉིན་གུང་ཆུ་ཚོད་ ༡།༠༠ སྟེང་སིལ་པོལ་རྩེད་ཐང་དུ། དྷ་སའི་ས་གནས་གཞོན་ནུ་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་དང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ལག་སྤོལ་འགྲན་ཚོགས་ཀྱི་ཉིན་མཐའ་མ་སྟེ། བུ་མོའི་རུ་ཁག་གཉིས་དང་བུའི་རུ་ཁག་གཉིས་བར་རྟིང་རྩོད་འགྲན་སྡུར་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་གཞོན་ནུའི་ཚོགས་གཙོ་ཟུར་བ་བོད་དོན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས། དེ་བཞིན་གཞོན་ནུའི་དབུས་རྒྱུན་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱི་གཙོས་དྷ་སའི་དབུས་ས་གཉིས་ཀྱི་རྒྱུན་ལས་དང་། ལྟད་མོ་བ་བཅས་མི་གྲངས་ ༥༠༠ ཡས་མས་འཛོམས་འདུག

 

 

ཐེངས་འདིའི་འགྲན་ཚོགས་ཐོག་བུའི་རུ་ཁག་ ༡༢ དང་བུ་མོའི་རུ་ཁག་ ༦ བཅས་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་བུའི་རུ་ཁག་གི་འབྲོག་པ་རུ་ཁག་དང་དྷ་ས་རུ་ཁག བུ་མོའི་རུ་ཁག་གི་སྨན་རྩིས་ཁང་གི་རུ་ཁག་དང་ས་ར་མཐོ་སློབ་ཀྱི་རུ་ཁག་བཅས་ཀྱི་བར་རྟིང་རྩོད་འགྲན་སྡུར་བྱས་པ་བརྒྱུད། བུ་མོའི་རུ་ཁག་གཉིས་ལས་སྨན་རྩིས་ཁང་མཐོ་སློབ་ཀྱི་རུ་ཁག་གིས་སྤོ་ལོ་ ༡༩ བླུགས་ཏེ་ཨང་དང་པོའི་ཧིན་སྒོར་ཁྲི་གཅིག་གི་བྱ་དགའ་ཐོབ་ཡོད་པ་དང་། ས་ར་མཐོ་སློབ་ཀྱི་རུ་ཁག་གིས་སྤོ་ལོ་ ༦ བླུགས་ཏེ་ཨང་གཉིས་པའི་ཧིན་སྒོར་ ༧༠༠༠ གི་བྱ་དགའ་ཐོབ། དེ་བཞིན་བུའི་རྟིང་རྩོད་འགྲན་སྡུར་ཁྲོད་འབྲོག་པ་རུ་ཁག་གིས་སྤོ་ལོ་ ༤༩ བླུགས་ཏེ་ཨང་དང་པོའི་ཧིན་སྒོར་ཁྲི་གཅིག་གི་བྱ་དགའ་ཐོབ་པ་དང་། དྷ་ས་རུ་ཁག་གིས་སྤོ་ལོ་ ༤༤ བླུགས་ཏེ་ཨང་གཉིས་པའི་ཧིན་སྒོར་ ༧༠༠༠ གི་བྱ་དགའ་ཐོབ་ཡོད་འདུག ཐེངས་འདིའི་ལག་སྤོལ་རྩེད་འགྲན་ཁྲོད་བུ་མོའི་རུ་ཁག་གི་སྤོ་ལོ་བླུག་མང་ཤོས་སྨན་རྩིས་ཁང་གི་བཀྲ་ཤིས་ཆོས་འཛོམས་ལགས་ཀྱིས་ཁྱོན་བསྡོམས་སྤོ་ལོ་ ༣༢ བླུགས་ཡོད་པ་དང་། བུའི་རུ་ཁག་གི་སྤོ་ལོ་བླུག་མང་ཤོས་ཐུ་བྷོད་རུ་ཁག་གི་བྱམས་པ་ལགས་ཀྱིས་ཁྱོན་བསྡོམས་སྤོ་ལོ་ ༡༤༡ བླུགས་ཡོད་འདུག

 

 

DSC_7497(1)མཛད་སྒོའི་ཐོག་གཞོན་ནུའི་དབུས་རྒྱུན་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། འདས་པའི་ལོ་ངོ་ ༤༦ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གནས་ཐུབ་པ་དེ་གནས་སྟངས་རྒྱུ་མཚན་བཞི་ལ་བརྟེན་ནས་བྱུང་ཡོད། ༡༽༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་ཡིད་ཆེས། ལས་འགུལ་གྱི་ནུས་སྟོབས་རྩ་ཆེན་པོ་བརྩི་བཞིན་པ་དེ་རེད། ༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུ་རྒྱུན་དང་ས་རྒྱུན་ཁག་གི་ལས་བྱེད་ཚོས་རང་ཉིད་ཀྱི་སློབ་སྦྱོང་གི་ཁེ་ཕན་དང་དཔལ་འབྱོར་གྱི་ཁེ་ཕན་སོགས་བློས་བཏང་བྱས་ནས་ཞབས་ཞུ་ཞུས་པ་དེ་ཆགས་ཡོད། ༣༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆོགས་མི་ཡོངས་ཀྱིས་ཚོགས་པའི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་མཐར་ཕྱིན་པ་གནང་བ་དེ་ཡིན། ༤༽ བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླ་ཡོངས་སུ་རྫོགས་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་སྟེ་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་འགྲུབ་པའི་ནུས་པའི་འབྱུང་ཁུངས་དེ་ཆགས་ཡོད། ཅེས་བརྗོད་སོང་།

 

 

DSC_7518སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས། ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་གཞོན་ནུའི་དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་དང་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས། དེ་བཞིན་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་བྱས་ཏེ་ཉི་མ་ ༢༨ ཕྱིན་ཡོད་པ་དང་། ཁོང་ཚོའི་ཟས་བཅད་ངོ་རྒོལ་གྱི་དམིགས་ཡུལ་དང་དགོས་འདུན་དེ་དག་ང་ཚོ་ཚང་མའི་དགོས་མདུན་ཡིན་སྟབས། གཞོན་ནུའི་ཟས་བཅད་ངོ་རྒོལ་འདི་རྣམ་པ་ཚོས་གཞན་ལ་བརྒྱུད་སྐུར་དང་དྲ་རྒྱའི་ཐོག་གི་སྙན་ཞུ་དེ་ཚོར་མཚན་རྟགས་བཀོད་ནས་རྒྱབ་སྐྱོར་གནང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

 

 

ཡང་ཁོང་གིས། རྩེད་མོའི་འགྲན་སྡུར་ཟེར་བ་དེ་གཅིག་ཐོབ་པ་དང་གཅིག་ཕམ་དགོས་ཡོད་སྟབས་རྒྱལ་ཕམ་དེ་གལ་ཆེན་པོ་མ་རེད། དེ་ལས་གལ་ཆེ་ཤོས་རྩེད་མོ་བརྒྱུད་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་སོགས་རེད། དེ་རིང་བུ་དང་བུ་མོའི་རྟིང་རྩོད་འགྲན་སྡུར་འདིར་སུ་ལ་ཐོབ་པ་དང་སུ་ཕམ་པ་གལ་ཆེན་པོ་མ་རེད། རྩེད་མོ་འདི་འཆམ་མཐུན་གྱིས་རྩེད་རྒྱུ་དང་རྩེད་མོ་འདི་བརྒྱུད་ནས་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་རྣམས་དང་བོད་ནང་དུ་དངོས་སུ་དཀའ་ངལ་མྱོང་བཞིན་པ་ཚོར་རྗེས་དྲན་ཞུས་ནས་རྩེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་རྩེད་མོ་རྩེ་མཁན་ཚང་མར་འཚམས་འདྲི་ཞུ་བ་དང་ཆབས་ཅིག་རྣམ་པ་ཚོར་རྒྱལ་ཁ་ཐོབ་དང་མ་ཐོབ་གལ་ཆེན་པོ་མ་རེད། རྩེད་མོ་རྩེ་རྒྱུ་གལ་ཆེན་པོ་རེད། མ་འོངས་པ་ཡང་རྩེད་མོ་འདིའི་རིགས་སུས་གོ་སྒྲིག་བྱས་པ་ཡིན་ན་དེའི་ནང་འཛུལ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

 

 

Screen Shot 2015-10-08 at 9.01.03 AM-1གཞོན་ནུ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༤༦ འཁོར་བའི་དུས་དྲན་གྱི་བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཞིག་པེ་ཅིང་དུ་ཚོགས་ཡོད་པ་དང་།  ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གཏམ་བཤད་རིང་པོ་ཞིག་བྱས་ཡོད་ཀྱང་། གཏམ་བཤད་རིང་པོ་དེའི་གནད་དོན་ལ་ཕྱོགས་བསྡོམས་ཤིག་བྱས་ན་ནང་དོན་བཞི་དང་དམིགས་ཡུལ་གསུམ་ཡིན་པ་རེད། དེ་ཡང་དང་པོ། ”མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་དེད་གཏོང་” ཟེར་བ་དེའི་ནང་དོན་ནི་རྒྱ་རིགས་ཕོན་ཆེ་བོད་ལ་གནས་སྤོས་ཀྱིས་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དང་གོམས་གཤིས་སྤེལ་བ་དང་། བོད་རིགས་དང་གཉེན་སྒྲིག་གིས་སྐད་ཡིག་དང་མི་རིགས་འདྲེས་མ་བཟོ་དགོས་པ་བསྟན་ཡོད་པ་དང་།  གཉིས་པ། “བྱེད་ཐབས་གལ་ཆེན་ཁ་གསལ་བཟོས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན།”  ཟེར་བ་སོགས་ཀྱི་ནང་དོན་ནི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཕྱུག་བོད་དར་གྱི་ཁ་གཡང་འོག་བོད་མི་རྣམས་དཔལ་འབྱོར་འགྲན་རྩོད་ཁོ་ནའི་ཐོག་མགོ་བོ་རྨོངས་སུ་འཇུག་རྒྱུའི་བསམ་བློ་བསྐྲུན་དགོས་པ་བསྟན་ཡོད།  གསུམ་པ་། “བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་ཆུད་པ་བྱས་ཏེ་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས།” ཟེར་བའི་ནང་དོན་ནི་སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་གཞིས་བྱེས་བོད་མིས་རྩོད་བཞིན་པའི་བོད་ཀྱི་གནད་དོན་དེ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཞིག་གི་ངོ་བོར་བསྒྱུར་ནས་བོད་དོན་གླེང་སློང་བྱེད་མི་ཡོད་ཚད་ལ་དྲག་སྣོན་དང་རྡུང་རྡེག དྲི་རྩད། བཙོན་འཇུག དམར་གསོད་གཏོང་བ་སོགས་ཀྱི་སྲིད་ཇུས་རྒྱུན་སྐྱོང་བྱེད་དགོས་པ་བསྟན་ཡོད། བཞི་པ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས་ཟེར་བ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱ་དགོས་” ཟེར་བ་དང་། གནད་དོན་དེའི་ཐད་ལི་ཁེ་ཆང་གིས་ “ཕྱི་ཤུགས་ལ་བརྟེན་པ་དང་ནང་ཤུགས་འཕེལ་བར་བྱེད་པ།” ཟེར་བའི་སྐད་ཆ་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་ཉེན་ཁ་ཡོད་པའི་འཇིགས་སྐུལ་དང་། ཉེན་ཁ་དེ་མེད་དགོས་ན་ངེས་པར་དུ་བོད་ནང་ཞི་རྒོལ་གྱི་ལས་འགུལ་མི་ཡོང་བ་བྱ་དགོས་ཟེར་བ། ཕྱིའི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཉེན་ཁ་ཡོད་པའི་འུར་སྒྲོག་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་མི་མང་གི་ཆིག་སྒྲིལ་སྟོབས་ཤུགས་འཕེལ་ཐུབ་པ་བྱེད་དགོས་ཟེར་བ་སོགས་གཡོ་ཇུས་ལྡན་ལ་དོན་དངོས་དང་ཡོངས་སུ་འགལ་བའི་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་བདེ་འཇགས་དང་འབྲེལ་བ་ཡོད་པར་སྙད་ཡོད་པ་བཅས། མདོར་ན་རྒྱ་ནག་གི་སྲིད་འཛིན་གྱི་གཏམ་བཤད་རིང་པོ་དེའི་དམིགས་ཡུལ་དངོས་ནི་། ༡༽ རྒྱ་མི་འབོར་ཆེན་བོད་ལ་གནས་སྤོ་བྱས་ནས་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་རིག་གཞུང་། སྲོལ་རྒྱུན་གོམ་གཤིས་དང་བཅས་པ་མཉམ་འདྲེས་ཀྱིས་རྩ་བརླག་གཏོང་རྒྱུ་དང་། ༢༽ གྲོང་ཁྱེར་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཀྱི་སླུ་ཁྲིད་འོག་བོད་མི་རྣམས་དཔལ་འབྱོར་འགྲན་རྩོད་ཁྲོད་མགོ་བོ་གཡེངས་སུ་འཇུག་རྒྱུ། ༣༽ ༧གོང་ས་མཆོག་གིས་གཙོས་པའི་གཞིས་བྱེས་མི་མང་ནས་བརྩོད་བཞིན་པའི་བོད་ཀྱི་གནད་དོན་དེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་རུ་བསྒྱུར་བ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཐའ་མཚམས་ཀྱི་སྲུང་སྐྱོབ་སོགས་དང་འབྲེལ་བ་ཡོད་པར་སྙད་ནས་བོད་མི་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེས་མིང་འོག་གང་བྱུང་འཛིན་བཟུང་དང་གཙོན་འཇུག་གིས་མནར་གཅོད་གཏོང་རྒྱུའི་སྲིད་ཇུས་རྒྱུན་སྐྱོང་དང་། དམར་ཤོག་ཚོགས་པས་རྒྱ་ནག་སྲིད་གཞུང་གི་དབང་ཆ་བདག་བཟུང་བྱ་རྒྱུ་སྲ་བརྟན་གཏོང་རྒྱུ་བཅས་ཡིན་པས་གཞིས་བྱེས་མི་མང་ཡོངས་ནས་རྒྱ་ནག་སྲིད་གཞུང་གི་ཞེ་གནག་པའི་སྲིད་ཇུས་ཀྱི་དམིགས་ཡུལ་གསལ་པོ་ཤེས་པའི་ཐོག་ནས་མི་རིགས་ཀྱི་ངོ་བོ་གསོན་གནས་དང་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྔར་བས་ལྷག་པའི་ཐོག་ནས་ནུས་ཤུགས་བསྒྲིལ་དགོས། ཞེས་དང་།

 

 

ང་ཚོས་བོད་ཀྱི་གནད་དོན་འདི་ཡང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་ཞེས་པ་ལྟར་ངེས་པར་དུ་ཕྱོགས་གང་ཅིའི་ཐད་ནས་གྲ་སྒྲིག་དང་རང་འགན་རང་ཁུར་གྱིས་འཐབ་རྩོད་བྱས་ཏེ་སེལ་དགོས་པ་ལས་རེ་སྒུག་ཁོ་ན་བྱས་ནས་སེལ་ཐབས་མེད་པ་ངེས་ཤེས་བརྙེད་དགོས་པ་མ་ཟད་།  གཞིས་ལུས་སྤུན་ཟླའི་སྙིང་སྟོབས་དང།  ཆིག་སྒྲིལ།   འགོག་རྒོལ་སོགས་ཀྱི་ནུས་ཤུགས་ཧ་ཅང་གི་ཚད་མཐོར་བསླེབས་པའི་གོ་སྐབས་འདི་དམ་འཛིན་གྱིས་རྒྱལ་སྤྱིའི་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱིས་སྒོ་གང་ས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་བོད་དོན་ལས་འགུལ་ཅི་རིགས་ལ་མཉམ་བཞུགས་ཀྱི་འགན་ཁུར་འདུ་ཤེས་གོང་མཐོར་གཏོང་དགོས་པའི་དུས་ལ་བབ་ཡོད། ཞེས་བཀོད་འདུག

 

 

ཡང་བསྒྲགས་གཏམ་ནང་། དེ་རིང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༦ འཁོར་བའི་དུས་སྐབས་འདི་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་ས་ཕྱོགས་གང་སར་གནས་བའི་བོད་རིགས་སྤྱི་དང་ལྷག་པར་རང་རིགས་གཞོན་སྐྱེས་རྣམས་ལ་ནན་བརྗོད་བྱ་རྒྱུར།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་སྤྱི་ལོ་ ༡༩༧༠ ལོར་ལྷག་བསམ་དང་ཤེས་འབྱོན་གཉིས་ལྡན་གྱི་བོད་རིགས་གཞོན་སྐྱེས་གང་མང་ཞིག་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཆེད་དུ་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ནུས་པ་གཅིག་ཏུ་སྤུངས་སའི་སྡིང་ཆ་གལ་ཆེན་ཞིག་ཏུ་གསར་འཛུགས་གནང་བ་ལྟར།   ད་བར་བོད་བསྟན་སྲིད་ཀྱི་ལས་དོན་ཆེད་རླབ་ཆེན་གྱི་ལས་དོན་གང་མང་ཞིག་གནང་ཐུབ་པ་བྱུང་ཡོད་པ་དང་། འབྱུང་འགྱུར་ཡང་རང་རིགས་གཞོན་སྐྱེས་ཡོངས་ནས་བོད་བསྟན་སྲིད་ལ་སྨན་པའི་བོད་དོན་ལས་འགུལ་ཁག་གི་ནང་ངེས་པར་དུ་འགན་འཁུར་མཉམ་བཞུགས་དང་སྣེ་ཁྲིད་ཀྱིས་བོད་དོན་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese