མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་བོད་ཀྱི་གོ་སྐབས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྡེ་གནམ་ལོ་ཡག

 

11224716_1056166231061337_7551478988738511495_nསྨྱུག་ཐོགས་པར་མི་མང་བོ་ཞིག་གིས་ཁྱོད་ཀྱིས་ཀླུ་མཁར་བྱམས་ངོ་སྤྲོད་ཅིག་བྱེད་རོགས་ཀྱི་བསྐུལ་མ་ཐེངས་མང་སླེབས་སོང་།འོན་ཀྱང་།དེང་སྐབས་བོད་ཕྱི་ནང་གཉིས་སུ་ཨ་ཚོགས་ཀླུ་མཁར་བྱམས་སུ་ཡིན་ངོ་མི་ཤེས་མཁན་ཧ་ཅང་གི་ཉུང་ཤོས་རེད།ཐ་ན་ཀླུ་མཁར་བྱམས་ལྟོགས་མྱོང་ཚུལ་ཡང་ཤེས་འདུག་པས།བཙན་བྱོལ་ནང་ལྟོགས་ཀྱིན་པའམ།ལྟོགས་ཉེན་ཡོད་མཁན་ཚོར་མཚོན་ན།སྲིད་སྐྱོང་ལྟོགས་མ་མྱོང་མཁན་ཞིག་སླེབས་པ་ལས་ལྟོགས་མྱོང་མཁན་ཞིག་སླེབས་ན་སྐྱིད་སྡུག་ཞུ་ས་ཡག་ཤོས་སུ་འགྱུར་ཡང་སྲིད།

 

གང་ལྟར་ཚང་མས་ཀླུ་མཁར་བྱམས་ངོ་ཤེས་དོན་ཡང་དྲང་ལྡོག་གཉིས་ཀྱི་ཁྱབ་བསྒྲགས་ལ་བརྟེན་ནས་བྱུང་ཡོད་ཅིང་།རྒྱབ་བསྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གྱི་གདོང་ཐུག་ཁྲོད་ཤེས་རྟོགས་བྱུང་འདུགཡིན་ནའང་།ངོ་རྒོལ་བྱེད་མཁན་ཚོས་ཀླུ་མཁར་བྱམས་ཀྱི་རང་བཙན་ལྟ་བས་བོད་དོན་ལ་སྣེ་ཁྲིད་ན་རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་བསྙོན་འབྱིན་བྱས་པ་ལྟ་བུ་ཞིག་ལ་འགྲེལ་ལོག་རྒྱག་གིན་པ་དང་།རྒྱབ་བསྐྱོར་རྒྱག་མཁན་ཚོས་བོད་རང་བཙན་གྱི་ལྟ་བ་གཙོར་བཟུང་ཡོད་པ་ལས་ཤུགས་རྐྱེན་ཅི་ཞིག་བསྐྱེད་ཀྱིན་པ་དང་།བོད་དོན་གྱི་མ་འོངས་པར་ག་རེ་ཡོང་མིན་ཐད་བསམ་བློ་ཆེར་གཏོང་གི་མེད་པ་འདྲ།དེ་བས།སྨྱུག་ཐོགས་པས་གཤམ་དུ་དེའི་ཐད་དོན་ཚན་ཁ་ཤས་སྟེང་དཔྱད་བསྡུར་བྱེད་ཀྱི་ཡིན།

 

གཅིག མཉམ་གནས་འགྲན་རྩོད་བསྐྱར་དུ་བཞེངས་པ།

 

ཀླུ་མཁར་བྱམས་ལགས་ནི་བོད་རྒྱལ་ཡོངས་རང་བཙན་ཚོགས་པས་བཏོན་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་ཡིན་པས།ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་རང་བཙན་ཤོག་ཁག་གི་ཚབ་མཚོན་མི་སྣ་དེ་ཆགས་ཡོད་པར་མ་ཟད།དབུ་མའི་ལམ་ལྟ་བར་བཟུང་བའི་སྲིད་སྐྱོང་འོས་ཞུགས་པ་ཚོ་དང་ཆབ་སྲིད་ཤོག་ཁག་འགྲན་རྩོད་ཀྱི་ངོ་བོར་གནས་ཡོད་པ་དང་།བཙན་བྱོལ་དམངས་གཙོའི་ལམ་ལུགས་ཤོག་ཁག་འགྲན་རྩོད་ལ་ཞུགས་ཟིན་པ་བསྟན་ཡོད།

 

ལར་ནས་དམངས་གཙོའི་ལམ་ལུགས་ཀྱི་སྙིང་བོ་ནི༼མང་ཁ་ཉུང་ལེན་དང་ཉུང་ཁེ་རང་འཇགས༽ཡིན་པས།ཤོག་ཁག་སུ་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་ནའང་རྩ་དོན་འདི་དང་འགལ་ཆོག་གི་མ་རེད་ལ།འགལ་རུང་གིའང་མ་རེད།དེ་བས།རྩ་དོན་འདི་ལག་ལེན་ནང་བསྟར་བར་བསྐུལ་འདེད་བརྒྱུད་ནས༼མཉམ་གནས་འགྲན་རྩོད༽ལ་ཤུགས་བསྣོན་དང་ག་ལེར་ལག་བསྟར་བྱེད་ཐུབ།

 

མཉམ་གནས་འགྲན་རྩོད་ནི་ག་འདྲ་ཞིག་ཡིན་ནམ་ཞེ་ན།དེ་ནི་དམངས་གཙོའི་རྒྱལ་ཁབ་ནང་ལག་བསྟར་བྱེད་ཀྱིན་པའི་སྲིད་དོན་ཤོག་ཁག་གཉིས་སམ་དུ་མའི་འོས་བསྡུའི་འགྲན་རྩོད་བརྒྱུད་ནས་དེའི་ཁྲོད་ཀྱི་གཅིག་གམ།ཡང་ན་རེ་གཉིས་མཉམ་འབྲེལ་གྱིས་གཞུང་འཛིན་ཚོགས་པ་ཆགས་རྗེས།ཤོག་ཁག་གཞན་དག་གི་ཁེ་ཕན་ལ་སྲུང་སྐྱོབ་ཀྱིས་ཕན་ཚུན་རྟིང་བསྐུལ་དང་ལྟ་རྟོག་འོག་མཉམ་གནས་བྱེད་ཀྱིན་པར་གོ་དགོས།དཔེར་ན།ཐེ་ཝན་དུ་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་རེས་མོས་ཀྱིས་གཞུང་སྲིད་སྐྱོང་བཞིན་པ་ལྟ་བུ་རེད། གོ་མིན་ཏང་ནི་གུང་ཁྲན་ཏང་གི་དགྲ་རེད་ལ།རྩ་མེད་གཏོང་བྱ་རེད། འོན་ཀྱང་། དམངས་གཙོ་ཡར་ཐོན་ཚོགས་པའི་སྟོབས་ཤུགས་ཆེ་རུ་གྱུར་བར་བརྟེན་ནས་གོ་མིན་ཏང་ལ་རྒྱ་དམར་གཞུང་གིས་གོ་སྐབས་མི་སྤྲད་རང་སྤྲད་ཆགས་ཡོད།

 

འཛམ་གླིང་སྤྱིའི་ཆ་ནས་བལྟས་ན།ཉུང་མཐར་ཨེ་ཤ་ཡའི་ནང་དུ་བོད་ནི༼མཉམ་གནས་འགྲན་རྩོད༽ཀྱི་སྲིད་དོན་རིགས་ལམ་ལག་ལེན་ནང་འདེབས་མཁན་དང་པོ་ཆགས་ཡོད། དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བོད་སོག་མཉམ་འབྲེལ་གྱི་སྲིད་གཞུང་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་དུ་རྒྱུན་བསྐྱངས་པ་ནི་དཔེར་མཚོན་གསལ་ཤོས་དང་གྲུབ་འབྲས་ཆེས་ཤོས་དེ་ཡིན། འོན་ཀྱང་། རྒྱལ་དབང་ལྔ་བ་ཆེན་མོ་ཞིང་དུ་ཕེབས་རྗེས། སྲིད་དོན་འཐབ་རྩོད་ཀྱི་རྣོ་ངར་ཁྲོད་ནས་ལག་ལེན་དེ་མཇུག་བསྡུས་ཡོད་པས། དུས་དེ་ནས་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཁྲོད་དུ༼མཉམ་གནས་འགྲན་རྩོད༽དམར་གསོད་བཏང་ཡོད་ལ། ནད་རོ་དེ་བཞིན་དེང་གི་བཙན་བྱོལ་སྤྱི་ཚོགས་ནང་ད་དུང་སངས་ཐུབ་མེད། འདི་ནི་བོད་རྒྱལ་ཁབ་ཤོར་བའི་རྐྱེན་རྩ་ཡིན་པར་མ་ཟད། རྒྱལ་ཁབ་སླར་གསོའམ། རང་སྐྱོང་མངོན་འགྱུར་ཡོང་མ་ཐུབ་པའི་ནང་རྐྱེན་ཆགས་ཡོད།དཔེར་ན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ངྷ་རམ་སཱ་ལས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་འབབ་བ་ཕུན་ཚོགས་དབང་རྒྱལ་གཉིས་ལ་མཉམ་འབྲེལ་མ་གནང་བས།མིང་དོན་མཚུངས་པའི་རང་སྐྱོང་རེག་པའི་གོ་སྐབས་ཡག་ཤོས་ཤིག་ཤོར་ཡོད་པ་ལྟ་བུ་དང་།ད་དུང་དཔེར་མཚོན་མང་བོ་ཡོད་ཀྱང་ཡིག་ཚོགས་ཀྱི་དབང་གིས་བསྐྱར་བཟློས་མི་བྱེད།

 

གཉིས། མཉམ་གནས་འགྲན་རྩོད་དང་གོ་སྐབས་གསར་བ།

 

རྒྱ་ཡིག་གི༼ཀྲུང་གོའི་བོད་ལྗོངས་དྲ་བ༽སྟེང་ཕྱི་ལོ༢༠༡༥ལོའི་ཟླ༩ཚེས༢ཉིན་བདེ་སྐྱིད་ཅེས་པ་ཞིག་གི་མིང་ཐོག་ནས༼ཏཱ་ལའི་དབུ་མའི་ལམ་ལ་འགྲོ་ལམ་མི་འདུག༽ཟེར་བ་ཁ་བྱང་དུ་བཀོད་ནས་ཕྱི་ལོ༢༠༡༦ལོའི་སྲིད་སྐྱོང་འོས་འདེམས་ལ་དཔྱད་བརྗོད་སྤེལ་འདུག

 

དཔྱད་བརྗོད་དེ་ཀློག་སྐབས།སྲིད་སྐྱོང་འོས་ཞུགས་པའི་ངོ་སྤྲོད་ནང་སྐུ་ངོ་བློ་བཟང་སེངྒེ་དང་། སྐུ་ངོ་སྤེན་པ་ཚེ་རིང་དང་སྐུ་ངོ་ཀླུ་མཁར་བྱམས་གསུམ་ངོ་སྤྲོད་བྱས་འདུག་པ་དང་། སྐུ་ངོ་གཞན་གཉིས་ངོ་སྤྲོད་བྱས་མི་འདུག

 

རྩོམ་ཡིག་དེའི་ནང་བསྟན་དོན།༼གླེང་རིན་ཡོད་པ་ཞིག་ནི་ཀླུ་མཁར་བྱམས་ལས་འོས་ཞུགས་པ་གཞན༤དེ་ཏཱ་ལའི་ཡི’དབུ་མའི་ལམ’ལ་རྒྱབ་བསྐྱོར་ཡོད་མཁན་རེད།ཀླུ་མཁར་བྱམས་འོས་ཞུགས་བྱས་པ་ལས་ཤེས་ཐུབ་པ་ནི་ཏཱ་ལའི་རུ་ཚོགས་ནང་ཁུལ་གྱི་ལམ་ཕྱོགས་གནད་དོན་གྱི་བསམ་ཚུལ་མ་མཐུན་པ་ཐད་ཀར་ལངས་ཕྱོགས་མ་མཐུན་པར་ཁ་ཁར་གྱེས་པ་དེ་རེད། འདི་ལྟར་ཁ་ཁར་གྱེས་པའི་ངོ་བོ་དངོས་ནི་མུ་མཐུད་དུ་ཏཱ་ལའི་ཡིས་རྒྱུན་སྐྱོང་གིན་པའི’དབུ་མའི་ལམ’གྱི་ཁ་གཡང་དང་འཐབ་ཇུས་འོག་ནས’བོད་རང་བཙན’ལས་འགུལ་སྤེལ་རྒྱུ་ཡིན་ནམ།ཡང་ན་ཡོངས་གྲགས་སུ’བོད་རང་བཙན’གྱི་ཐལ་ཆེའི་ལངས་ཕྱོགས་ལ་རྒྱབ་བསྐྱོར་བྱེད་རྒྱུ་དེ་རེད། ༽

 

ཡིན་ནའང་།རྩོམ་ཡིག་ནང་གོང་དུ་བསྟན་པའི་མངོན་གསལ་དང་སྦས་གསང་གི་ཆ་ཙམ་ལས༼དབུ་མའི་ལམ༽དང༼རང་བཙན༽གཉིས་ངོ་བོ་གཅིག་ཏུ་བརྗོད་ཡོད་བཞིན་དུ་ནང་འགལ་རང་བཞིན་ཅན་གྱི་ཚིག་དུམ་གཅིག་བཀོད་འདུག༼ཐེངས་འདིའི་འོས་འདེམས་ལ་ལྟ་སྐབས།ཀླུ་མཁར་བྱམས་ལ་ཕྱི་སྡོད་བོད་མིའི་ཁྲོད་རྒྱབ་བསྐྱོར་གང་འཚམས་ཐོབ་ངེས་ཀྱང་འོས་ཐོབ་པའི་རེ་བ་ཆེར་མི་འདུག རྒྱུ་མཚན་ནི’བོད་རང་གཙན’ལ་ཡོངས་གྲགས་སུ་རྒྱབ་བསྐྱོར་བྱེད་པའི་རྒྱལ་ཁབ་འཛམ་གླིང་ནང་གཅིག་ཀྱང་མེད།‘བོད་ཀྱི་ལས་འགུལ’གྱི’མི་དཀར་སྐྱབས་མགོན’ཁྲོད་དུའང་མེད།གལ་སྲིད་ཀླུ་མཁར་བྱམས་ལ་འོས་ཐོབ་པ་ཡིན་ན། ནུབ་ཕྱོགས་པའི་རོགས་དངུལ་གཅོད་སྲིད། ཡིན་ནའང་།ཕྱོགས་གཞན་གཅིག་ནས་བཤད་ན།ཀླུ་མཁར་བྱམས་འོས་ཞུགས་བྱས་པ་འདིས་ཏཱ་ལའི་དང’དབུ་མའི་ལམ’རྒྱབ་བསྐྱོར་བ་ཚོ་དཀའ་ངལ་ལ་གཏད་འདུག༽

 

རྒྱ་ནག་གི་སྲིད་དོན་ནི་རིག་འཕྲུལ་གྱི་སྒྱུ་རྩལ་ཞིག་ཡིན་པས།གོང་དུ་བཀོད་པའི་སྔ་ཕྱི་ནང་འགལ་ཅན་གྱི་ཚིག་དུམ་དེ་གཉིས་ལས་གོ་སྐབས་གསར་བ་ཞིག་སྟོན་བཞིན་ཡོད། གལ་སྲིད་ཀླུ་མཁར་བྱམས་ལ་འོས་ཐོབ་པ་ཡིན་ན།རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་རྒྱབ་བསྐྱོར་ཡོད་མཁན་མི་སྒེར་རམ་ཚོགས་པ་གང་རུང་གི་མཛད་གཙོ་རེ་གཉིས་ལ་རྒྱ་ནག་ནང་བསྐྱོད་ནས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་བརྗོད་གཞི་ཁ་ཤས་སྟེང་སྐད་ཆ་བཤད་པའམ།རྒྱ་ནག་ནང་དུ་ཚོང་གི་གོ་སྐབས་སྤྲད་པའི་གྲ་སྒྲིག་ཨང་གསར་ཡོད་པའང་རྒྱ་གཞུང་གིས་དེང་སྐབས་ཐེ་ཝན་གོ་མིན་ཏང་ལ་བཟུང་བའི་སྲིད་ཇུས་ལས་ཤེས་ཐུབ། སྨྱུག་ཐོགས་པས་བསམ་བློ་བཏང་ན།གོ་སྐབས་དེ་དག་ནི་སྐད་ཆ་བཤད་རེས་དང་ཉན་རེས་ཀྱི་རིམ་པ་གཞན་ཞིག་ཡིན།གོ་སྐབས་ལེན་དགོས་ལ།རྒྱུ་དངོས་ཀྱི་བསླུ་བྲིད་འོག་ཚུད་མིན་ནི་མི་གཤིས་ཐུག་ཡོད་པས། རེ་འགའ་བྱུང་ཡང་ཞེད་དགོས་དོན་ཆེར་མེད།

 

ཡིན་ནའང་།གོ་སྐབས་དེ་ལོན་མིན་རྒྱུ་རྐྱེན་གཉིས་ལ་ཐུག་འདུགདཔེར་ན།དཔྱད་རྩོམ་དེའི་ནང་དུ་མུ་མཐུད་བསྟན་དོན།༼དེ་ལྟ་ནའང་།ད་ལོ་ཟླ་གསུམ་ཚེས་བཅུའི་ནེའུ་ཡོག་གི་འགལ་བ་ཡིན་ནའང་འདྲ།ཀླུ་མཁར་བྱམས་ནས་ཡོངས་གྲགས་སུ’རང་བཙན’གླེང་བ་ཡིན་ནའང་ཆོག ཏཱ་ལའི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་དང་གྲགས་འགུལ་མེད་པར་སྡོད་འདུག དེ་ནི་ལོ་སྔ་མའི་ཏཱ་ལའི་ཡི་རྣམ་འགྱུར་ལ་བསྡུར་ན་ཡ་མཚན་ཞིག་དང་།དེ་རིང་བར་ཏཱ་ལའི་ནས་ཅི་ཡང་བཤད་མ་སོང་། འདི་ནི་ཅི་འདོད་བྱེད་དུ་འཇོག་གིན་པ་ཞིག་ཡིན་ནམ། ཡང་ན་ཏཱ་ལའི་ཡིས’དབུ་མའི་ལམ’ལ་ལམ་འགྲོ་མ་བྱུང་བ་དང་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་བར་བརྟེན་ནས་ཀླུ་མཁར་བྱམས་ཆེད་དུ་སྔོན་ལ་དེད་ནས་གཅིག་གིས་གདོང་པ་ནག་པོ་འཁྲབ་པ་དང་གཅིག་གིས་གདོང་པ་དཀར་བོ་འཁྲབ་ནས’ཡུལ་གྱར་སྤྱི་ཚོགས’ཁྲོད’རང་བཙན’དང་ལེན་བྱེད་མཁན་ག་ཚད་འདུག་ལྟ་བསམ་བཞིན་པ་ཡིན་ནམ། ༽

 

འདི་ནས་ག་རེའི་བསྟན་ཡོད་དམ་ཞེ་ན།རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་བེད་སྤྱོད་བཏང་ནས་རང་བཙན་སྟོབས་ཤུགས་རྩ་མེད་གཏོང་འདུན་འཆིང་བཞིན་པ་གསལ་ཡོད། དེ་བས། གཡོ་སྒྱུ་འདིའི་འོག་ཏུ་མ་སོང་བར་བེད་སྤྱོད་ཡག་པོ་བཏང་བ་ཡིན་ན། དབུ་མའི་ལམ་ལ་གོ་སྐབས་མང་བོ་རེག་ཐུབ།དེ་ལས་ལྡོག་ན།རྒྱབ་ཤ་དཀར་བོའི་དེབ་ནང་གསལ་བ་ལྟར༼དབུ་མའི་ལམ་ལ་འདས་པའི་དུས་ཡུན་ནང་ངོས་ལེན་བྱེད་མ་མྱོང་བ་དང་ད་ལྟ་དང་མ་འོངས་པར་ངོས་ལེན་བྱེད་མི་སྲིད༽ཟེར་བ་རྒྱུན་སྐྱོང་ངེས་ཡིན།

 

གསུམ། མཉམ་གནས་འགྲན་རྩོད་དང་གཅིག་ཕན་གཅིག་གྲོགས།

 

སྤྱིར་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱེད་ན། ངེས་པར་དུ་ཁོང་གིས་བཏོན་པའི་སྲིད་ཇུས་ཏེ། ༼སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོགཞུང་སྲིད་བར་གནས་ཀྱི་འཆར་སྒོདད་པ་ལོག་སྤྱོད་ལ་ངོ་རྒོལ།བྲན་གཡོག་གཤིས་ཀ་ལ་ངོ་རྒོལ༽ལ་དབྱེ་ཞིབ་དང་སྐྱོན་བརྗོད་བྱེད་དགོས་མོད། དེང་གི་བར་ཧ་ལམ་བྱུང་མི་འདུག་ཅེས་བཤད་ཆོག་པའི་ཁོངས་སུ་འདུ།དེ་ལས་ལྡོག་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་དང་ཁ་བཏང་སོང་ཟེར་བ་དེ་རེད་ལ།དེ་ནི་ལོ་ལྔའི་ཡར་སྔོན་ཀླུ་མཁར་བྱམས་ལགས་ཨ་མདོའི་སྤྱི་འཐུས་དངོས་གཞིའི་འོས་འདེམས་ཁྲོད་སླེབས་པ་ནས་བྱུང་བ་ཞིག་ཡིན་པར་མ་ཟད།རྒྱབ་བསྐྱོར་རྒྱག་མཁན་དང་ངོ་རྒོལ་བྱེད་མཁན་གྱི་རྩོམ་དང་མཆན་ཡིག་ཕྱོགས་བསྡུས་བྱས་པའི༼ཀླུ་མཁར་བྱམས་ཀུན་གླེང༽ཞེས་དྲ་དེབ་རྫིག་ཐག་ཆོད་ཅིག་ཐོན་ཡོད་པ་རེད།

 

དེའང་བསྟོད་པ་ལས་སྐྱོན་བརྗོད་ལ་ངོས་ལེན་བྱེད་སྲོལ་ཧ་ཅང་དཀོན་པའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མིག་དཔེ་གསར་བ་ཞིག་རེད་ལ།བོད་པའི་སྤྱི་ཚོགས་འདི་བཞིན༼མཉམ་གནས་འགྲན་རྩོད༽ཅན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ན་མཐའ་མའི་འབབ་སའང་དེ་ལས་གཞན་མེད།

 

དོན་དངོས་སུ་བརྗོད་ན།ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་ཁ་བཏང་ཡོད་མེད་དམ། ཀླུ་མཁར་བྱམས་ལ་དད་པ་ཡོད་མེད་དེ་ཁ་གཡར་ས་ཙམ་ལས་འབབ་ས་དེ་དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཏོན་པ་ཡིན་པས།རང་བཙན་ལྟ་བ་ཁུར་ནས་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་པ་ནི་ཐམས་ཅད་མཁྱེན་པའི་མཚན་གནས་ལ་དོ་ཕོག་འགྲོ་བར་སེམས་ཁྲལ་ཡོད་མཁན་ཁག་ཅིག་དང་།སེམས་ཁྲལ་དེ་བཞིན་སྲིད་དོན་གྱི་དགོས་མཁོར་བེད་སྤྱོད་གཏོང་བཞིན་པ་རེ་འགའ་ཙམ་ལས་རྒྱལ་བ་རིན་པོ་ཆེ་མཆོག་གུ་དོག་པའི་ལྟ་ཚུལ་དེ་དག་ལས་ཡོངས་སུ་གྲོལ་ཡོད།དཔེར་ན།མི་ཚོགས་ཁྲི་སྟོང་མང་བོའི་དབུས་སུ་བཀའ་སློབ་བམ།དཔེ་ཁྲིད་གནང་སྐབས།ཁོང་གིས་ཕྱག་རོགས་སམ་གཡས་གཡོན་གྱི་ངོ་ཤེས་ཚོར་ཐུགས་ལ་མ་དྲན་པའི་མིང་དོན་གང་རུང་ཐད་སྐད་ཆ་འདྲི་བཞིན་ཡོད་ལ།དེ་ནི་རྒྱལ་བ་རིན་པོ་ཆེ་མཆོག་དོགས་སློང་བྱེད་མི་ཆོག་པའི༼ཐམས་ཅད་མཁྱེན་པ༽ཞིག་ལ་སྒྲུབ་མཁན་བསམ་མེད་ཚོར་ལན་ཡག་ཤོས་དེ་ཆགས་ཡོད་པར་མ་ཟད།བེད་སྤྱོད་གཏོང་མཁན་ཚོ་ངོ་གནོངས་དགོས་པའང་བཟོས་ཡོད།

 

སྔར་དགེ་ལུགས་པའི་ཁྲོད་དུ་རྗེ་བླ་མའི་གསུང་པོད་བཅོ་བརྒྱད་བརྒལ་མ་ཆོག་པའི་མི་མངོན་པའི་ཁྲིམས་རྒྱ་ཞིག་ཡོད་པ་དེའང་བར་སྐབས་ཤིག་ནས་མེད་པ་ཆགས་ཡོད་ལ། རྒྱལ་བ་རིན་པོ་ཆེ་མཆོག་ལ་གསུང་པོད་བརྒྱ་ལྷག་ཡོད་པ་ལྟ་བུས་མཚོན་ཐུབ། དེ་བས། ཀླུ་མཁར་བྱམས་ནས་དབུ་མའི་ལམ་ཐད་བཏོན་པའི་སྐྱོན་བརྗོད་ཁག་ནི་དོགས་སློང་དང་རང་བཙན་བཤད་མཁན་ཞིག་གི་སྒྲུབ་བྱ་ཆགས་ཡོད་པས།བརྒལ་བརྟག་གི་རིམ་པ་ཞིག་ནས་ལྟ་དགོས་པ་ལས་ཁ་བཏང་བའམ་ཟུར་ཟར་གོ་བ་བླངས་ན་ནོར་ཟིན་པའང་གསལ་ཡོད། ཡང་ཅིག་བཤད་ན།རྒྱལ་བ་རིན་པོ་ཆེ་ནི་སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་ཕྱག་ལེན་བསྟར་མཁན་བླ་མེད་ཅིག་ཡིན་པ་བསྟན་ཡོད་པས།ཆེ་བ་དང་བསྟོད་པ་ཡོང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

 

བཞི། མཉམ་གནས་འགྲན་རྩོད་དང་མ་འོངས་པའི་བོད།

རྩ་བའི་ཆ་ནས་མ་འོངས་པའི་བོད་ཀྱི་མདུན་ལམ་ནི་བོད་རྒྱ་ཆེ་མི་དམངས་ཀྱིས་ཐག་གཅོད་དགོས་པ་ནི་ས་རིས་ཐང་གསལ་རེད།ཡིན་ནའང་།བཙན་བྱོལ་བོད་པ་བྱིངས་ནི་རང་དབང་གི་ཡུལ་ལུང་དུ་ཡོད་པའི་ལས་འགུལ་སྤེལ་མཁན་དུ་གྱུར་ཡོད་པས།ཀླུ་མཁར་བྱམས་ཀྱི་སྲིད་སྐྱོང་འོས་ཞུགས་ཀྱི་བསྒྲགས་གཏམ་དང་གཞུང་འཛིན་སྲིད་ཇུས་གཉིས་ཐད་ནས་ལྟ་སྐབས། གྲ་སྒྲིག་གཅིག་དང་གོམ་སྟབས་གཉིས་སུ་སྤོ་བའི་འཆར་གཞི་ཧ་ཅང་གི་གསལ་བོ་རེད།

 

༡ རང་བཙན་དང་དབུ་མའི་ལྟ་བ་མཉམ་གནས་ཀྱི་གོམ་སྟབས་གསར་བ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་སྤོ་འགོ་འཛུགས་པར་ཤུགས་བསྣོན་དང་།འཆར་འགོད་བྱེད་ཀྱིན་པའི་སྒང་རེད་ལ།དེ་ནི་གཅིག་ཕན་གཅིག་གྲོགས་སུ་བསྐུལ་འདེད་བྱེད་པའི་ལམ་ཁ་ཞིག་ལས༼ང་བདེན་པ༽ལྟ་བུའི་མཁྲེགས་འཛིན་ལས་ཡོངས་སུ་གྲོལ་བ་ཞིག་ཡིན།

 

༢མཉམ་འབྲེལ་རྒྱལ་ཚོགས་ནས་འགོ་བརྩམས་ཏེ།བོད་ཀྱི་རྒྱལ་ཁབ་བསྐྱར་གསོའི་ལས་འགུལ་སྤེལ་བའི་གོམ་སྟབས་ཤིག་རྒྱག་འགོ་ཚུགས་ཟིན་པས།རྒྱ་ནག་གཞུང་གིས་དོ་སྣང་གསར་བ་སྤྲད་ངེས་པ་ནི་གོང་དུ་དྲངས་པའི་དཔྱད་བརྗོད་དེ་ལས་རྟོགས་ཐུབ་ལ།རྒྱ་གཞུང་གིས་རང་བཙན་དྲིལ་བསྒྲགས་ལ་ཁ་རྡུང་གཏོང་བ་དང་དབུ་མའི་ལམ་ལ་གུ་ཡངས་གང་འཚམས་ཡོང་ངེས་པ་གོང་དུ་བརྗོད་ཟིན་པ་ལྟར་ཡིན།ཁ་རྡུང་གཏོང་ཤུགས་ག་ཚད་ཆེ་རུ་སོང་བར་བསྟུན་ནས་བོད་དོན་ལ་དེ་ལྟར་དོ་སྣང་སྤྲད་མཁན་ཇེ་མང་དུ་འགྲོ་ཐུབ།

 

༣ཕྱི་ཚུལ་ནས་བལྟས་ན།རྒྱ་དམར་གཞུང་ནི་འཛམ་གླིང་གི་རྒྱལ་ཁབ་ཕྱུག་པོ་གཉིས་པ་དང་དོན་དག་ཆེ་མ་ཆུང་གསུམ་ཐད་ཤུགས་རྐྱེན་བསྐྲུན་མཁན་ཞིག་ཆགས་ཡོད། འོན་ཀྱང་། རྒྱུ་སྟོབས་ངོམ་སོ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ཐད་སེམས་འཚབ་སློང་མཁན་ཞིག་ཏུ་གྱུར་ཡོད་པར་མ་ཟད།རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་མི་འབོར་ས་ཡ་ཁ་ཤས་ཀྱིས་བདག་བཟུང་བྱས་ཡོད་པས། མི་འབོར་དུང་ཕྱུར་བཅུ་གསུམ་ལྟོ་ཆས་འདང་ཙམ་གྱི་རིམ་པ་ལས་བརྒལ་ཐུབ་མེད་པ་དང་།དབུལ་ཕྱུག་གི་ཧེ་བག་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་པ་དང་།རུལ་སུངས་འགོག་རྒོལ་ལ་ཁ་གཡར་ནས་དམར་ཤོག་ཚོགས་པའི་ནང་མི་ལས་གཞན་དག་ལ་རྒོལ་རྡུང་གཏོང་བཞིན་པར་བརྟེན་ནས་གཞུང་འཛིན་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་འགྲོ་བཞིན་ཡོད་ལ།མི་འགྱངས་པར་རྒྱ་ནག་ལ་འགྱུར་བ་ཐེབས་སྲིད་པའི་གནས་སྟངས་ཤིག་གི་འོག་ལྷག་ཡོད།

 

ཀླུ་མཁར་བྱམས་ཀྱི་གཞུང་འཛིན་སྲིད་བྱུས་ནང་འགྱུར་བ་འདི་བྱུང་མཚམས་གོ་སྐབས་ག་རེ་འཛིན་དགོས་མིན་ལ་བསྐྱར་ཞིབ་ཀྱིས་འཆར་འགོད་གནང་དགོས་པ་གསལ་ཡོད། དེ་ནི་མ་འོངས་པའི་གྲ་སྒྲིག་ཨང་གསར་གྱི་སྟ་གོན་ཡིན་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་བོད་རང་བཙན་རྩོད་པའི་སྟོབས་ཤུགས་མུ་མཐུད་རྒྱུན་གནས་བྱས་པ་ལས་ཉུང་མཐར་བོད་ཀྱི༼རང་ཐག་རང་གཅོད༽ཀྱི་གོ་སྐབས་ཤོར་གྱི་མེད།

 

གལ་སྲིད་རྒྱ་གཞུང་ལ་ངོས་ལེན་མེད་བཞིན་དུ་བཙན་བྱོལ་བོད་མི་བྱིངས་ནས༼ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང༽ཟེར་བ་ཁོ་ནར་ཤུགས་བརྒྱབ་ན། བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་པར་ཞོར་ནས་ངོས་ལེན་ཤོར་ཡོད་པས། ཧ་ཅང་གི་ཉེན་ཁ་ཆགས་ཡོད། འོན་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་ཁག་ཅིག་གིས་དེ་ལྟར་འབད་བརྩོན་བྱས་ཆོག་ལ། དེའང༼མང་ཁ་ཉུང་ལེན་དང་ཉུང་ཁེ་རང་འཇགས༽ཀྱི་རྩ་དོན་འོག་བཞག་ནས་ལྟ་བ་མཉམ་གནས་བྱེད་དགོས་པའི་གནད་ལ་ཐུག་ཡོད་པའི་ཁར། དེང་གི་ཐེ་ཝན་ཉམས་མྱོང་ལས་བཙན་བྱོལ་བོད་མིས་ཀྱང་དེ་ལྟར་ངེས་པར་དུ་བྱེད་དགོས་པ་མཚོན་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 7

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གཙོ་བོ་ངས་གང་འདོད་ཀྱི་ཡོད་ཟེར་ན་ད་བར་དྲ་ཐོག་ཏུ་རྩོམ་ཡིག་དང་འཆན་འགོད་མཁན་གང་མང་ཞིག་གིས་སྲིད་སྐྱོང་འོས་མིའི་ཐད་བསམ་ཚུལ་མང་པོ་གསུང་གི་འདུག་འདི་ནི་དགའ་འོས་པ་ཞིག་རེད་ཡིན་ན་ཡང་མང་ཆེ་བས་རང་བཙན་དང་དབུ་མའི་བར་འགར་བ་འདྲ་བརྗོད་བཞིན་འདུག་པ་འདི་དག་དག་ཞིག་མཐོང་མ་སོང་གང་ཡིན་ཟེར་ན་གཙོ་བོ་འུ་ཚོས་རང་བཙན་རྩོད་ན་རེད་དབུ་མ་རྩོད་ན་རེད་གང་ཡིན་ཡང་མི་རིགས་ཀྱི་འཐབ་རྩོད་ཡིན་དུས་དེ་ལ་ཡི་རངས་ཡོད།  འོན་ཀྱང་ཀླུ་མཁར་བྱམས་སོགས་གང་ཟག་ག་གེ་མོས་ཚོས་སྲིད་སྐྱོང་འོས་མིའི་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཉེས་མེད་སྐྱོང་འཛུག་བྱེད་པ་སོགས་དྲིན་ཅན་ལ་དྲིན་ལོག་བྱེད་མཁན་འདི་ཚོས་རིགས་ལ་གཞུང་སྒེར་གཉིས་ཀའི་ཐོག་ནས་དངོས་འཛིན་གསལ་བོ་བྱེད་དགོས་པ་རེད།  མ་གཏོང་མྱི་ངན་འདི་ཚོས་གང་འདོད་བཤད་པ་འདི་གནས་ལུགས་དང་མི་མཐུན་པར་མ་ཟད་ངན་སྤྱོད་རྒྱུན་དུ་ཁ་ལ་འཁྱེར་ནས་གང་འདོད་བཤད་པ་འདི་འོས་པ་ཞིག་མཐོང་མ་སོང་།  འདི་རིགས་ལ་དངོས་འཛིན་གསལ་བོ་གནང་དགོས་པ་གལ་ཆེན་རེད་ཅེས་བརྗོད་འདོད་བྱུང་།  གཞན་རང་བཙན་རང་དབུ་མ་གཉིས་ཀྱིས་འཐབ་རྩོད་ལ་ཡི་རངས་ཞུ་འོས་པ་རེད་འདོད་ཡོད།

    Reply
  2. ཐུབ་བསྟན says:
    ལོ་ 10 སྔོན།

    ཁྱེད་ཀྱིས་གསུང་སྟངས་བྱས་ན་ཁོང་ལ་འོས་མ་ཐོབ་ན་ཕལ་ཆེར་མི་དམངས་ལ་ནོར་ཁྲུལ་ཡོག་པ་འདྲ་བོ་ཅིག་གསུངས་སོང། མི་རིང་བར་འོས་ཤོག་གིས་ཁ་གྲགས་གི་རེད་

    Reply
  3. sakrda says:
    ལོ་ 10 སྔོན།

    མེ་སྟག་གིས་བཤད་པ་བདེན་པ་རེད། ཀླུ་མཁར་བྱམས་ཀྱིས་ཐད་གར་༧གོང་ས་མཆོག་ལ་ངོ་རྒོལ་བྱས་འདུག་པ་ཁ་གསལ་རེད། རྒྱལ་བཙོང་བ་རེད་ཟེར་བ་ཙམ་གྱི་དེ་ལ་བཅོས་བསྒྱུར་ཇི་ལྟར་བྱས་རུང་། ནག་ཉེས་ཆེན་པོ་བསགས་པ་རེད། ངོ་མ་ཐབས་སྐྱོ་ཞིང་བསམ་བློའི་གནས་ཚད་ཀྱང་ཆེས་ཐ་ཤལ་རེད། རྒྱལ་བཙོང་བ་ཟེར་བའི་ཚིག་དེ་ཁོག་ལ་དྲན་རུང་ཁ་ནས་འཐོན་པ་ཡ་མཚན་རེད། ངོ་མ་ཅན་གྱི་སྐྱག་པ་ནི་སྐྱག་པ་རང་ལས། ཇི་ལྟར་ལས་སྣོན་བྱས་ཀྱང་སྐྱག་དྲི་ཡལ་མི་སྲིད། མང་པོ་བཤད་ན་དགོས་མཚན་གང་ཡང་མཐོང་གི་མི་འདུག གང་ལྟར་ཀླུ་མཁར་བྱམས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོད་དོ་ཅོག་ལ་ཕན་པ་ལས་གནོད་མཁན་དང་། དཀྲུགས་ཤིང་འཕེན་མཁན་གྱིས་སྐྱེ་བུ་ཐ་ཆད་ཅིག་ལས་གཞན་ངོས་འཛིན་བྱ་ཐབས་བྲལ།

    Reply
  4. ལྡོང་སྲས། says:
    ལོ་ 10 སྔོན།

    རྩོམ་ཡིག་འདི་བོད་དོན་ལ་ཐོལ་བརྒལ་འཚོལ་བའི་སྒྲོམ་གཞིའི་འོག་བཞག་ནས་བྲིས་ཡོད་པས། བོད་དོན་ལ་འགྱུར་ལྡོག་ཅིག་དགོས་ཀྱི་འདུག་བསམ་མཁན་ཚོར་ཟུར་ལྟ་ཕུལ་བ་ཡིན་ལ། རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་ལྟ་བ་མཉམ་གནས་ཡོང་ན་དགེ་མཚན་ཅི་ཡོད་སྐོར་ཡིན། དེ་བས། དགག་པ་རྒྱག་མཁན་ཚོས་དོན་ཚན་རེ་རེར་དབྱེ་ནས་དབྱེ་ཞིབ་དང་བརྒལ་བརྟག་གནང་བར་དགའ་བསུ་ཡོད། ཡིན་ནའང་། གཤམ་དུ་བཀོད་པའི་མཆན་ཡིག་གཉིས་ནི་དད་པ་ལོག་སྤྱོད་ཀྱི་ཁྱབ་ཁོངས་ལས་འདའ་མེད་པས། དེ་དག་ལ་གཞན་དག་ནང་དུ་ལན་ཁ་གསལ་འདུག་པར་ཟུར་ལྟ་གནང་རོགས།

    Reply
  5. Tibet says:
    ལོ་ 10 སྔོན།

    ཀླུ་མཁར་སྲིད་སྐྱོངས་འོས་མི་འཁོར་བསྐྱོར་བྱས་པའི་སྡོམ་ནི། གོང་ས་མཆོག་རྒྱ་བཙོང་བའི་གྲས་སུ་བཞག་པ་དེ་རེད། ཚོང་གི་མ་རྩ་རྡིབ་ཚར་རེད། སུ་ཞིག་གིས་ད་ནས་ཀླུ་མཁར་བསྟོད་ཀྱང་རང་ཉིད་ཡང་དེའི་ཁུངས་སུ་བསྡུའོ།

    Reply
  6. Rangtsen says:
    ལོ་ 10 སྔོན།

    ཐོག་མར་ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་སྐབས་ཁོང་ལ་རྒྱབ་སྐྱོར་བྱས་ན་རང་བཙན་ལ་རྒྱབ་སྐྱོར་བྱས་བ་ཞིག་ཡིན་པར་བསམ་མཁན་མང་པ་དང་། དེའི་ཁྲོད་དུ་ན་གཞོན་མང་པོ་ཞིག་གིས་དེ་ལྟར་བསམ་གྱི་ཡོད་ཀྱང་། ནོར་ཝེའི་བརྙན་འཕྲིན་ཁང་གི་བཅར་འདྲིའི་ནང་དུ་རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བའི་ཕྱོགས་སུ་གཏོགས་གི་རེད་ཟེར་བའི་སྐད་ཆ་དེས་ན་གཞོན་མང་པོ་ཞིག་ལ་དོགས་པ་དང་ཐེ་ཚོམ་མང་པོ་ཞིག་སྤྲད་ཡོད་པ་མ་ཟད། ད་སྐབས་ཀླུ་མཁར་བྱམས་ཀྱི་གྲོགས་པོ་མང་པོ་ཞིག་ཀྱང་རང་བཞིན་གྱིས་ཁོང་ལ་རྒྱང་འགྱེད་དགོས་པ་བཟོས་འདུག དེ་ནི་ཁོང་གིས་དོན་མེད་པའི་སྐད་ཆ་བཤད་སྟངས་ནོར་འཁྲུལ་ཅན་གཅིག་གིས་རང་བཙན་རྩོད་མཁན་མང་པོ་ཞིག་ཆུ་ལ་གཡུག་པ་རང་རེད། དེ་བཞིན་བསྟན་རྡོར་དང་འཇམ་ནོར་གཉིས་ཀྱིས་ཀྱང་ཀླུ་མཁར་བྱམས་ཀྱི་དེ་འདྲ་ཞིག་ལབ་མེད་ཚུལ་གསལ་བཤད་བྱེད་གི་ཡོད་ཀྱང་། བརྙན་འཕྲིན་དེ་ཚང་མའི་མདུན་ལ་ལྟ་རྒྱུ་ཡོད་ཙང་གསལ་བཤད་དེ་དག་ལ་ཕན་ཐོགས་བྱུང་མེད། ད་སྐབས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རང་བཙན་ལ་འདོད་མོས་བྱེད་མཁན་ནང་དུ་ཀླུ་མཁར་བྱམས་ལ་ལྟ་ཚུལ་གཞན་ཞིག་ཡོང་གི་ཡོད་པ་ནི། ཁོང་སྲིད་སྐྱོང་ལ་འདུག་འདོད་དང་འཇོན་ཐང་གང་ཡང་མེད་པ་སོ་སོར་གསལ་ཆ་ཡོད་ཀྱང་ད་ཐེངས་ཀྱི་ཁྱབ་བསྒྲགས་འདི་བརྒྱུད་ནས་རང་ཉིད་ཁྱབ་བསྒྲགས་བྱེད་པ་ཞིག་ལས་གང་ཡང་མིན་པར་གླེང་མཁན་མང་དུ་སོང་ཡོད། རྒྱ་གར་ནང་གི་ཀླུ་མཁར་བྱམས་ཀྱི་ཁྱབ་བསྒྲགས་དང་གསུང་བཤད་ཁག་ལ་ཉན་དུ་ཡོང་མཁན་དང་དེའི་ནང་ཁོང་གི་ལྟ་བར་རྒྱབ་སྐྱོར་བྱེད་མཁན་ལ་དཔག་ན་ཧ་ལམ་ཀླུ་མཁར་བྱམས་ལ་འོས་ཤོག་གི་བརྒྱ་ཆ་༡༥ ལས་བརྒལ་ཐུབ་རྒྱུ་མིན་པ་ཤེས་ཐུབ་ལ། སྤེན་ཚེ་ལ་བརྒྱ་ཆ་༢༠ ཡས་མས། བཀྲ་དབང་ལ་བརྒྱ་ཆ་༡༥ ཡས་མས། སྲིད་སྐྱོང་བློ་སེང་ལ་བརྒྱ་ཆ་༥༠ བརྒལ་རྒྱུ་ཡིན་པ་ཤེས་ཐུབ་ཀྱི་ཡོད་པ་རེད། འདིས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན་རང་བཙན་ཁ་ལ་འཁྱེར་ནས་ཅི་ཙམ་བཤད་ཀྱང་གང་ཟག་དེ་ལ་ཡིད་རྟོན་དང་འཇོན་ཐང་མེད་ན་འོས་ཤོག་རེག་གི་མིན་པ་གསལ་པོ་རེད། དེ་ཐེངས་ཀྱི་འོས་འགྲན་ནང་འཇམ་དབྱངས་ནོར་བུ་དང་བསྟན་རྡོར། སྒོ་དྲུག་སྐལ་བཟང་ཕུན་ཚོགས་སོགས་རང་བཙན་ཕྱོགས་གཏོགས་ནས་ལངས་ཐུབ་ཡོད་ན་ཕེལ་ཆེར་འོས་ཤོག་གི་བརྒྱ་ཆ་༤༠ བརྒལ་ཐུབ་སྲིད་པ་རེད། ཐོག་མར་རང་བཙན་གྱི་མེ་ལྕེ་ཆེ་རུ་ཕྱིན་ཏེ་མི་ཚང་མར་རེ་བ་ཞིག་སྤྲད་ཡོད་ཀྱང་ད་སྐབས་མེ་ལྕེ་དེ་ཆུང་དུ་འགྲོ་གི་འདུག རང་བཙན་རྒྱལ་ལོ།། བོད་རྒྱལ་ལོ།།

    Reply
  7. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ལྷ་སྡེ་གནམ་ལོ་ཡག་གནས་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་བྲིས་ཡོད་འདོད་དམ་འདི་འདྲ་རྒྱུ་མཚན་དང་གཏན་ཚིག་གིས་སྟོངས་པའི་རྩོམ་ཉོག་འདི་འདྲ་བྲིས་ཚེ་ཁྱེད་ཀྱིས་སྔོན་མའི་མཁར་དང་དཔྱད་བརྗོད་འགས་ཤས་ལ་ཡང་རིན་ཐང་མེད་པར་རྟོགས་ཀྱི་འདུག་གང་ལ་ཟེར་ན་ཁ་སྟོངས་ནང་ནས་ཚིག་སྟོངས་སྒྲོགས་མཁན་ཀླུ་བྱམས་ལྟ་བུ་ལ་བོད་ཀྱི་སྲིད་སྐྱོང་གི་བཞུགས་ཁྲི་ཅི་ལྟར་དབང་ནི་རེད།  ཧམ་བཤད་ཚ་བོ་བྱེད་མཁན་ཞིག་སྲིད་སྐྱོང་ལ་དགོས་པ་ཡིན་ནམ་དེ་མིན་གཞན་རྒྱ་ནག་དམར་གཞུང་གིས་སྲིད་འཛིན་ཞིས་ཅེན་ཕུན་ལྟ་བུ་རྒྱ་ནག་དམར་གཞུས་གིས་ཁ་གཅིག་གྲགས་ཡིན་རུང་ཀླུ་བྱམས་ཀྱིས་བཤད་ཡ་འདྲ་ཞིག་འཇོན་རབ་མི་འདུག་ཀླུ་མཁར་བྱམས་ཚོགས་པ་ཆུང་ཆུང་མྱི་སུམ་བཅུ་ཙམ་ཡོད་པ་ཞིག་གིས་ཚོགས་གཙོ་ནས་དགོངས་ཞུ་བྱེད་དགོས་བྱུང་བ་འདི་དངོས་ཡོད་སོང་ཙང་འདི་འདྲ་མྱི་ཞིག་ཅི་ལྟར་སྲིད་སྐྱོང་ལ་འདུག་ཤེས་སམ་ངོ་མ་དགོད་ཤོར་བྱེད་རང་རེད།  རྗེས་མ་དཔྱད་བརྗོད་རེ་འབྲི་ཁུར་བྱས་ན་གནས་ལུགས་ལྡན་པ་རེ་འབྲི་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese