མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཕུལ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བྱང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཊུ་ནེ་ཞི་ཡའི་དམངས་གཙོ་ཚོགས་པར་ཕུལ་ཡོད་འདུག

 

Untitled-5དེ་རིང་ནོར་ཝེའི་རྒྱལ་ས་ཨོ་སོ་ལོ་རུ་ཕྱི་ལོ་ ༢༠༡༥ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བྱང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཊུ་ནེ་ཞི་ཡའི་དམངས་གཙོ་ཚོགས་པར་ཕུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། ཚོགས་པ་དེ་ཊུ་ནེ་ཞི་ཡའི་དམངས་གཙོ་དོན་གཉེར་གྱི་ཚོགས་པ་གཙོ་བོ་བཞི་ལས་གྲུབ་པ་ཞིག་ཡིན་ཞིང་། ཊུ་ནེ་ཞི་ཡ་རྒྱལ་ཁབ་དུས་ཟིང་གི་མཐར་རུ་ལྷུང་སྐབས། ཚོགས་པ་དེས་ཕྱི་ལོ་ ༢༠༡༡ ལོར་ཆེས་ཐོག་མའི༼ཨ་རབ་དཔྱིད་ཀྱི་ལས་འགུལ༽ལ་ལམ་ལྷོང་ཆེན་པོ་བྱུང་བ་སོགས་ཞི་བའི་ཆབ་སྲིད་ལས་འགུལ་རྩ་འཛུགས་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་བར་ཆེད་བསྟོད་དུ་ཕུལ་བ་ཞིག་ཡིན་འདུག

 

ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཁ་སེ་ཁུལ་མིན་ཧྥེ་ཝི (Kaci Kullmann Five) ལགས་ཀྱིས། གཟེངས་རྟགས་འདི་གནང་དོན་ཊུ་ནེ་ཡའི་མི་མང་གིས་སོ་སོའི་སྤུན་ཟླའི་ཆེད་དུ་འཐབ་རྩོད་གནང་བཞིན་པར་སྔར་ལས་ལྷག་པར་བློ་སྤོབས་སྩོལ་བའི་རེ་འདུན་ཞིག་ཡིན་ཞིང་། གཟེངས་རྟགས་འདིས་ཁོ་ཚོར་རྒྱལ་ཁབ་གཞན་དག་ནང་བཞིན་ཞབས་འདེགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

 

ཊུ་ནེ་ཡའི་ངལ་རྩོལ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཧོའུ་སེན་ཨ་བྷ་སེ་ (Houcine Abassi) ལགས་ཀྱིས། གཟེངས་རྟགས་འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་སོང་། ངས་གཟེངས་རྟགས་འདི་ནི་རྒྱལ་ཁབ་ཆག་འཇིག་གི་ཀློང་དུ་ཚུད་པའི་མི་ལོ་གཉིས་ལྷག་རིང་དམངས་གཙོ་དོན་དུ་གཉེར་བའི་ཚོགས་པ་གཙོ་བོ་བཞིས་འབད་བརྩོན་ལྷོད་མེད་གནང་བར་དབུ་རྒྱན་དུ་སྤྲས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཅེས་བརྗོད་འདུག

 

ཊུ་ནེ་ཞི་ཡ་རྒྱལ་ཁབ་ཆུང་ཆུང་འདིར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ནི་རླབས་ཆེ་བའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༤ ལོར་རྒྱལ་ཁབ་འདིའི་དམངས་གཙོ་དོན་གཉེར་བ་ཚོར་སྔར་རྗེས་སུ་ཐེངས་གཉིས་ལ་དྲག་སྤྱོད་པའི་རྒོལ་རྡུང་ཁྲོད་དུ་མི་ ༦༠ དམར་གསོད་བཏང་བ་དང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཁག་ཐལ་བ་རྡུལ་དུ་བརླག་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཊུ་ནེ་ཡའི་ཞི་རྒོལ་བ་ཚོས་ཨ་རབ་ཀྱི་རྒྱལ་ཁམས་ཡོངས་སུ་འོས་ལངས་ཀྱི་མེ་སྟག་མཆེད་བཅུག་སྟེ། སྲིད་དབང་སྒེར་གཅོད་པ་ཚོ་སྲིད་སྟེགས་ལས་ཕབ་ནས་སྲིད་དབང་སླར་གསོ་ཐུབ་པ་བྱུང་བ་དང་། ཨ་རབ་ཀྱི་རྒྱལ་ཁམས་སུ་ཊུ་ནེ་ཡ་རྒྱལ་ཁབ་འདི་ནི་ཆེས་ཐོག་མར་དམངས་གཙོའི་རྩ་ཁྲིམས་དང་གྲོས་ཚོགས་གསར་དུ་བཙུགས་ཏེ། སྤྱི་ཚོགས་ཆབ་སྲིད་ཀྱི་དབང་སྒྱུར་འོག་ནས་དམངས་གཙོའི་ལམ་དུ་སྐྱོད་བཞིན་པའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist