མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོཊ་མཐའ་མཚམས་ཁུལ་དུ་དྲག་གནོན་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གཞུང་གིས་བོད་དང་ནང་སོག ཤིན་ཅང་སོགས་མཐའ་མཚམས་ས་ཁུལ་ཁག་ཏུ་དྲག་དམག་འབོར་ཆེན་ཆེད་གཏོང་བྱས་ཏེ་སྲུང་སྐྱོབ་ལ་ཁ་གཡར་ཏེ་དྲག་གནོན་བྱ་འཆར་ཡོད་འདུག

 

133356kiiq8rxzthxrhjtqའདི་ལོའི་ཕྱི་ཟླ་ ༩ པའི་ཟླ་མཇུག་ནས་བཟུང་རྒྱ་ནག་དབུས་གཞུང་གིས་ཁ་ཐག་རིང་ཞིང་བརྟན་ལྷིང་མིན་པའི་མཐའ་མཚམས་ཀྱི་བོད་དང་ནང་སོག ཤིན་ཅང་བཅས་ཀྱི་ས་ཁུལ་ཁག་ཏུ་ལྕགས་ཁྲབ་རླངས་འཁོར་གཏོང་མཁན་གྱི་དྲག་དམག་ཆེད་གཏོང་བྱས་ཏེ་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

 

རའོ་ཊུར་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མཐའ་མཚམས་ས་ཁུལ་ཁག་ཏུ་ལྕགས་ཁྲབ་རླངས་འཁོར་གཏོང་མཁན་གྱི་དམག་དཔུང་ཆེད་གཏོང་བྱེད་བཞིན་པའི་ལས་འཆར་འདི་ནི་ད་ལོའི་ཕྱི་ཟླ་ ༦ པ་ནས་མགོ་བཙུགས་ཡོད་པ་དང་། ལྕགས་ཁྲབ་དམག་དཔུང་གི་དམིགས་འབེན་གཏོད་ས་གཙོ་བོ་དེ་ཡང་བོད་དང་ནང་སོག དེ་བཞིན་ཤིན་ཅང་བཅས་ཀྱི་ས་ཁུལ་ཁག་ཅིག་ཡིན་ཞིང་། མི་འགྱང་བར་ས་ཁུལ་དེ་དག་ནང་ལྕགས་ཁྲབ་རླངས་འཁོར་གཏོང་མཁན་གྱི་དམག་དཔུང་འབོར་ཆེན་ཆེད་གཏོང་གིས་དྲག་གནོན་བྱ་འཆར་ཡོད་སྐོར་བརྗོད་འདུག

 

མཐའ་མཚམས་ས་ཁུལ་ཁག་ཏུ་ཆེད་གཏོང་བྱས་པའི་ལྕགས་ཁྲབ་རླངས་འཁོར་སྟེང་“མཐའ་མཚམས་སྲུང་བའི་འོས་འགན”ཞེས་བྲིས་ཡོད་པ་དང་། དྲག་པོའི་དམག་དཔུང་དེར་མཐའ་མཚམས་ཁག་ཏུ་ཉུལ་ཞིབ་བྱ་རྒྱུ་དང་མཐའ་མཚམས་ཀྱི་རྩོད་རྙོག་ཞི་འཇགས་གཏང་བ་སོགས་ཀྱི་འཆར་ཅན་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། དྲག་དམག་གི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་གཞུང་གི་དབང་སྒྱུར་སྲིད་ཇུས་སྲ་བརྟན་དང་དམིགས་ཡུལ་མངོན་འགྱུར་ཡོང་ཆེད་ཡིན་འདུག

 

ཉེ་ལམ་ནས་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་ཇུས་ཏེ། རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་བཞིན་པའི་གནས་སྟངས་ཅུང་ཛ་དྲག་པོ་ཆགས་ཡོད་པ་དང་། རྒྱ་ནག་གི་དམག་དོན་སྲིད་ཇུས་ཐད་ལའང་ཤན་ཤུགས་ཟློག་ཏུ་མེད་པ་ཐེབས་བཞིན་ཡོད་པ་མ་ཟད། ཐ་ན་རྒྱ་ནག་དབུས་གཞུང་གི་ཐེབས་རྩ་ཁག་དང་འབྲེལ་བ་གཏན་ནས་མེད་པའི་དམག་དཔོན་ཚོའི་རྒྱུ་ནོར་ལའང་ཞིབ་བཤེར་གྱི་ཉེན་ཁ་ཞིག་བསླེབ་ཀྱི་ཡོད་ཅིང་། ལྷག་པར་དུ་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པའི་སྲིད་ཇུས་ལ་རྒོལ་བའི་དཔོན་རིགས་ཚོའི་ཐོག་ལ་ལས་འགུལ་འདི་བསླེབ་ཉེན་ཡོད་འདུག

 

དེ་ཡང་ཧོང་ཀོང་རང་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཁ་སང་ཕྱི་དྲོར་རྒྱ་ནག་དབུས་མི་མང་ཁྲིམས་ཁང་ནས་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཟུར་བ་ཅང་ཅེ་མེན་ཟེར་བ་ཞིག་གིས་ས་སྣུམ་དང་སོལ་རླངས་ཐོན་ཁུངས་སོགས་ནས་ལྐོག་རྔན་ཕོན་ཆེན་བླངས་པའི་ནག་ཉེས་འོག ལོ་ ༡༦ གི་ཁྲིམས་ཐག་གཅོད་རྒྱུ་དང་། ལི་ཁྲོན་ཁྲིན་ཟེར་བ་ཞིག་གིས་གཞུང་རྒྱུ་ལྐོག་ཟ་བྱས་པའི་ནག་ཉེས་འོག ལོ་ ༡༣ གི་ཁྲིམས་ཐག་དང་རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་དང་། དཔོན་རིགས་འདི་གཉིས་འདི་ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཀྲུའུ་ཡོང་ཁང་དང་འབྲེལ་བ་ཡོད་སྐོར་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

༢༠༢༦/༠༥/༡༡
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese