མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝང་ཆི་ཧྲན་ཞི་ཅིན་ཕིན་གྱི་ལམ་ཁ་འཕྱག་མཁན་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

ཝང་ཆི་ཧྲན་ནི་ཞི་ཅིན་ཕིན་གྱི་ལམ་ཁ་འཕྱག་མཁན་དང་མེ་གསོད་རུ་ཁག་གི་རུ་དཔོན་ཡིན་ལ། ཞི་ཅིན་ཕིན་གྱིས་གང་བྱེད་དགོས་ཀྱང་ཝང་ཆི་ཧྲན་གྱིས་སྔོན་ལ་ཞི་ཅིན་ཕིན་གྱི་འགྲོ་ལམ་གཙང་བཟོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

 

20150929204159994_smallཉེ་སྔོན་ཕྱི་སྡོད་རྒྱ་རིགས་སྐབས་དོན་དཔྱད་ཞིབ་པ་ཁྲིན་ཕོ་ཁོང་(Chen Pokong) གིས། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ནི་སྐུ་སྲས་ཚོགས་པའི་ཕྱོགས་སུ་གཏོགས་པ་མ་ཟད། ཁོ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་པ་དང་། གཉི་ག་གྲོང་གསེབ་ནས་སྡུག་བསྔལ་མྱོང་པ་གཅིག་མཚུངས་ཡིན་ལ། ད་ལྟའི་ཆེས་མཐོའི་དབང་ཆ་མཉམ་སྤྱོད་ཀྱི་ཉིན་མོར་ཡུན་རིང་རེ་སྒུག་བྱས་པ་རེད་ལ། ཝང་ཆི་ཧྲན་ལ་ནུས་སྟོབས་ལྡན་པ་དང་གསར་བརྗེའི་བསམ་བློ་ཡོད་སྟབས། རྒྱ་གཞུང་གི་ཆབ་སྲིད་རྒན་རབས་པ་ཚོས་དོགས་ཟོན་ནན་མོ་བྱས་ཀྱང་འགོག་ཐབས་མེད་པའི་གནས་སྟངས་འོག རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་དུ་འཛུལ་ཏེ། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་རུ་གྱུར་བ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་ཝང་ཆི་ཧྲན་གྱིས་དངོས་སུ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ལག་ཆ་འདི་བེད་སྤྱོད་བཏང་པ་དང་ཞི་ཅིན་ཕིན་གྱི་དམིགས་འབེན་ལའང་འོས་འཚམ་བྱུང་ཡོད་སྟབས། ཁོ་བོ་གཉིས་ནི་ལམ་འགྲོ་ཡོད་མཁན་གཉིས་རེད། ཅེས་བརྗོད་འདུག

 

ཟླ་འདིའི་ཚེས་ ༦ ཉིན་ ༼མཆུན་མདོག་མེ་ཏོག་ ༽ ཅེས་པའི་རྩོམ་ཡིག་ནང་། ཞི་ཅིན་ཕིན་ལ་གོ་གནས་ཐོབ་པ་དེར་རྒྱ་ནག་གི་ཚོགས་པ་ཚང་མས་མོས་མཐུན་བྱས་ཡོད་པ་མ་ཟད། ཧུའུ་ཅིན་ཐའོ་དང་ཝིན་ཅ་པའོ་གཉིས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པའི་འབྲས་བུ་རེད། འོན་ཀྱང་གོ་གནས་ཐོབ་ཙམ་གྱིས་དབང་ཆ་ཡོད་པས་མ་ཁྱབ། ཞི་ཅིན་ཕིན་ལ་སྲིད་དབང་ཐོབ་རྗེས་རི་རྡུང་སྟག་འཇིགས་བྱས་ཏེ་དབང་ཆ་འཕྲོག་རྩོད་བྱེད་སྐབས། ཝང་ཆི་ཧྲན་གྱིས་རང་སྲོག་བློས་གཏོང་གི་ཉེན་ཁ་བརྒྱུད་ནས་རམ་འདེགས་བྱས་པ་དང་། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལག་ཆ་བེད་སྤྱོད་དེ། ཚེར་ཤིང་རྩ་རྫོགས་ཀྱིས་ཁྲག་གི་བགྲོད་ལམ་གསར་པ་ཞིག་བཏོད་པ་རེད།

 

ཡང་རྩོམ་ཡིག་དེའི་ནང་། ཆེས་མཐོའི་དབང་འཛིན་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་ནི་འཇིག་ཉེན་ཆེ་བའི་ལས་དོན་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་ལ། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་ནི་ཕྱོགས་གཞན་གྱི་ཁེ་དབང་ལ་ལག་པ་འཆང་བ་ཡིན་པས། གཟབ་ནན་མ་བྱས་པར་ནོར་འཁྲུལ་ཤོར་ན་ཁེ་གྲགས་གཉིས་ཤོར་ཉེན་ཡོད་པ་མ་ཟད། མི་ཤི་དུར་སྦེད་བྱ་ཡུལ་མེད་པའི་གནས་སུ་ལྷུང་ངེས་རེད། དེར་བརྟེན་རྒྱ་གཞུང་གི་ལོ་རྒྱུས་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་གཙོས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་པའི་ལས་དོན་ཐོག་གཟབ་ནན་ཞེ་དྲགས་བྱེད་ཀྱི་ཡོད་སྟབས། ལས་འགན་གང་ཡང་མ་སྒྲུབ་པར་གོ་གནས་སྲུང་བ་དང་ལས་འགན་ཞིག་སྒྲུབ་པ་ལས་གང་ཡང་མ་བྱས་པ་དེ་རྒྱུན་ལྡན་ལྟ་བུ་རེད། ཅེས་བཀོད་འདུག

 

ཟླ་འདིའི་ཚེས་ ༨  ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་ཝང་ཆི་ཧྲན་དང་ཞི་ཅིན་ཕིན་གཉིས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་སྤེལ་བའི་ནང་། ཕྱི་སྡོད་རྒྱ་རིགས་ཚོས་ཝང་ཆི་ཧྲན་ནི་ཞི་ཅིན་ཕིན་གྱི་ལམ་གྱི་ས་རྡུལ་འཕྱག་མཁན་དང་མེ་གསོད་རུ་ཁག་གི་རུ་དཔོན་ཡིན་ལ། ཞི་ཅིན་ཕིན་གྱིས་གང་བྱེད་དགོས་ཀྱང་ཝང་ཆི་ཧྲན་གྱིས་སྔོན་ལ་ཞི་ཅིན་ཕིན་གྱི་འགྲོ་ལམ་གཙང་བཟོ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཞི་ཅིན་ཕིན་སྲིད་སྟེགས་སྟེང་བུད་དེ་ཐོག་དང་པོར་པའོ་ཞི་ལེའི་གྱོད་དོན་ཐག་བཅད་རྗེས། རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱི་མཛའ་འབྲེལ་ཟབ་མོ་ཡོད་པ་ཕྱིར་བསྒྲགས་བྱས་ཤིང་། ཁོང་གཉིས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་དུ་བསླེབས་རྗེས་ཝང་ཆི་ཧྲན་གྱིས་དཔལ་འབྱོར་ཆེད་ལས་རིག་པའི་ལས་འགན་འཁུར་མེད་པ་དང་། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ལག་ཆ་བེད་སྤྱོད་བཏང་ནས་ཞི་ཅིན་ཕིན་ལ་རམ་འདེགས་བྱེད་ཀྱི་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༨ པ་ཚོགས་པ་ནས་བཟུང་། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱིས་རུལ་སུངས་གཙང་བཤེར་ལས་འགུལ་མུ་མཐུད་ལག་བསྟར་བྱེད་པར་འཕངས་པའི་མདའ་ལ་ཕྱིར་འཐེན་མེད། རུལ་སུངས་གཙང་བཤེར་བྱེད་པ་ནི་ཕམ་ཉེས་མི་ཆོག་པའི་འཐབ་རྩོད་ཅིག་ཡིན་སྐོར་གྱི་གཏམ་གླེང་ཤུགས་ཆེན་བྱས་ཡོད། ཅེས་བཀོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༧ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༧ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese