མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲེམས་སྟོན་ཁང་ཟེར་བ་དེ་གནད་འགག་ཆེན་པོ་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་བཀའ་བློན་མཆོག་གིས་དམངས་གཙོའི་འཕེལ་རིམ་གྱི་འགྲེམས་སྟོན་དབུ་འབྱེད་གནང་སྐབས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་དམངས་གཙོའི་ལམ་ལུགས་ཐོག་འགྲོ་ཐུབ་པ་དེ་ནམ་ཡང་བརྗེད་ཉན་གྱི་མ་རེད་ཅེས་གསུངས་སོང་།

DSC_8082དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཐོག་གཙུག་ལག་ཁང་གི་ཉེ་འཁྲིས་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གི་དབུས་དྲུང་ཆེ་རྣམ་གཉིས་དང་། ཕྱི་ནང་གི་གསར་འགོད་པ་དང་ཕྱི་རྒྱལ་བ་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་འགྲེམས་སྟོན་དབུ་འབྱེད་ཀྱི་དར་སྣེ་གཅོད་འབྲེག་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་གྱི་པར་རིས་ཁག་ལ་རིམ་པས་གཟིགས་ཞིབ་གནང་རྗེས་གསུང་བཤད་གནང་དོན། འགྲེམས་སྟོན་ཁང་ཟེར་བ་དེ་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་གལ་ཆེན་པོ་རྩི་དགོས་དོན་ག་རེ་རེད་ཟེར་ན། མི་རབས་གཅིག་ནས་གཅིག་བརྒྱུད་དེ་སྤྱི་དོན་གྱི་ཉམས་མྱོང་དང་དྲན་པ་རྒྱུན་འཁྱོངས་བྱ་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་བསྡད་ཡོད་སྟབས། ང་ཚོའི་འགྲེམས་སྟོན་ཁང་འདིས་གཙོ་བོ་པར་རིས་དང་གློག་བརྙན་བརྒྱུད་དེ། བོད་དང་འབྲེལ་བའི་ལོ་རྒྱུས་དང་རིག་གཞུང་། དེ་བཞིན་བོད་ནང་གི་ཆབ་སྲིད་གནས་སྟངས་སྐོར་ལ་ངོ་སྤྲོད་ཞུ་བཞིན་ཡོད་པ་རེད།  བོད་ཀྱི་འགྲེམས་སྟོན་ཁང་ཟེར་བ་འདི། བོད་མིའི་སྒྲིག་འཛུགས་ཀྱི་ཡོད་ན་མེད་ན་ཞིག་ཆགས་ཡོད་སྟབས། ལོ་གཅིག་ནང་མི་སྟོང་ཕྲག་མང་པོ་བསླེབས་ཀྱི་ཡོད་པ་རེད། འདི་གཞི་རྒྱ་ཆེན་པོ་མེད་ཀྱང་འགྲེམས་སྟོན་བྱས་པ་དེ་ནང་དོན་དང་བརྗོད་གཞི། འགྲེལ་བཤད་བཅས་ཀྱི་ཐོག་ལ་ཡིན་ཡང་གང་ཐུབ་ཐུབ་ཀྱིས་གནད་ལ་ཁེལ་བ་སྤུས་དག་པོ་དང་། ཁྱད་ལས་ཀྱི་ངོ་བོ་གཅིག་ཡོང་བར་འབད་བརྩོན་ཞུས་དང་ཞུ་བཞིན་པ་རེད། ཅེས་དང་།

ཡང་དམངས་གཙོའི་འཕེལ་རིམ་གྱི་པར་རིས་དང་འབྲེལ་བའི་ཐོག་ཁོང་མོས། ད་ལྟའི་དམངས་གཙོའི་འཕེལ་རིམ་གྱི་པར་རིས་འགྲེམས་སྟོན་འདི། འཆར་གཞིའི་ནང་བསྒྲིགས་ནས་ཕྱག་ལས་གནང་སྟེ་དུས་ཚོད་ཏོག་ཙམ་ཕྱིན་ཡོད་ཀྱང་། ད་ལྟ་འོས་བསྡུ་ཆེན་མོའི་བརྒྱུད་རིམ་འགྲོ་དང་འགྲོ་བཞིན་པ་ཡིན་དུས། ང་ཚོས་དུས་ལ་བབ་པའི་གོ་སྐབས་འདི་བཟུང་ནས། བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་བྱུང་སྟངས་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཡག་པོ་ཞིག་ལ་མཐོང་སྟེ་དེ་རིང་དབུ་འབྱེད་ཞུ་ཡི་ཡོད་པ་རེད། དམངས་གཙོའི་འཕེལ་རིམ་འདི་ང་ཚོས་ཁག་བཞི་ལ་དབྱེ་ཡི་ཡོད་པ་རེད། དང་པོ། ཕྱི་ལོ་ ༡༩༦༠ ལོར་སྤྱི་འཐུས་ལྷན་ཚོགས་དབུ་འཛུགས་དང་། གཉིས་པ།  ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། གསུམ་པ། ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱ་རྒྱུ་བྱུང་པ་བཅས་ཀྱི་བྱུང་རིམ་ཞིག་དང་། མཐའ་མ་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་མི་མང་གིས་ཐད་ཀར་འོས་འདེམས་གནང་བའི་དབུ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་བཅས་ཀྱི་སྐོར་ལ་གསལ་བཤད་ཞུ་ཡི་ཡོད་པ་རེད། ང་ཚོས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དམངས་གཙོའི་ལམ་ལུགས་ཐོག་འགྲོ་ཐུབ་པ་དེ། ནམ་ཡང་བརྗེད་ཉན་གྱི་མ་རེད། དེ་རིང་ང་ཚོས་འགྲེམས་སྟོན་འདི་ཞུས་པ་དེས། ཕྱི་རྒྱལ་གྱི་མི་སྣ་གང་མང་མང་ཞིག་གིས་གཟིགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་མ་ཟད། ང་ཚོ་བོད་མི་དང་ཡང་སྒོས་བོད་རིགས་གཞོན་སྐྱེས་ཚོས་གཟིགས་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པར་རྩི་ཡི་ཡོད། ཅེས་གསུངས་སོང་།

དེའི་རྗེས་གསར་འགོད་པས་ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པའི་འགན་འཛིན་ལས་ཚབ་བསྟན་འཛིན་ཕན་བདེ་ལགས་སུ། འཕྲལ་སེལ་འགྲེམས་སྟོན་འདི་ཟླ་གསུམ་རེའི་མཚམས་སུ་བརྗེ་པོ་རྒྱག་གི་ཡོད་སྟབས། མ་འོངས་ལས་འཆར་གསར་པ་དེ་འདྲ་ག་རེ་གནང་འཆར་ཡོད་དྲིས་པར་ཁོང་གིས། འདི་ལོའི་ཟླ་དྲུག་པའི་ནང་འཕྲལ་སེལ་འགྲེམས་སྟོན་ཚན་པ་འདི་དབུ་འཛུགས་གནང་སྟེ། ཚན་པ་འདི་འཕྲལ་སེལ་འགྲེམས་སྟོན་རང་བྱས་ཡོད་པ་མ་ཟད། དེ་སྔོན་ང་ཚོས་ཐེངས་གཅིག་གཉིས་ཤིག་བརྗེ་པོ་བརྒྱབ་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་དམངས་གཙོའི་འཕེལ་རིམ་ཐོག་ལ་འདིར་འཕྲལ་སེལ་གྱི་འགྲེམས་སྟོན་ཞིག་མགོ་འཛུགས་ཞུས་ཡོད་པ་རེད། སྤྱིར་བཏང་བྱས་ན་དམངས་གཙོའི་འཕེལ་རིམ་གྱི་འགྲེམས་སྟོན་འདི། ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་འགྲེམས་སྟོན་ཞུ་རྒྱུ་བྱས་ཡོད་ཀྱང་། གཅིག་ནས་དུས་ཚོད་དང་གཉིས་ནས་ང་ཚོའི་འགྲེམས་སྟོན་ཕྱི་ཕྱོགས་ལ་ཕྱོགས་སྐྱོད་བྱེད་དགོས་པ་སོགས་ཀྱི་རྐྱེན་པས་ད་བར་མགོ་འཛུགས་ཐུབ་མེད་སྟབས། ད་ཐེངས་དམངས་གཙོའི་འོས་བསྡུ་འགྲོ་བཞིན་པ་དང་བསྟུན་ཏེ། འདི་དང་འབྲེལ་ནས་ང་ཚོས་འགྲེམས་སྟོན་འདི་གོ་སྒྲིག་ཞུས་པ་ཡིན། སྤྱིར་བཏང་འཕྲལ་སེལ་འགྲེམས་སྟོན་འདི་ང་ཚོས་དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་ནས་ཞུས་ཡོད་པ་རེད། ང་ཚོས་འཆར་གཞི་བྱས་ན་ཟླ་གསུམ་རེའི་ནང་འཕྲལ་སེལ་འགྲེམས་སྟོན་འདི་བརྗེ་པོ་རྒྱག་བཞིན་ཡོད་ཀྱང་། སྐབས་རེར་ཟླ་བ་གསུམ་ལས་མང་བ་འགྲེམས་སྟོན་ཞུ་དགོས་པ་ཆགས་ཀྱི་ཡོད་པ་རེད། འགྲེམས་སྟོན་འདི་ཐོག་མར་འཛུགས་སྐབས། ང་ཚོས་ཟླ་བ་གསུམ་བཞི་ནང་འགྲེམས་སྟོན་གསར་པ་དེ་འདྲ་སྟོན་རྒྱུ་དང་། དེ་མིན་ཕྱི་ཕྱོགས་ནས་མི་སྒེར་སོ་སོས་པར་རིས་དང་རི་མོ། རིག་རྩལ་སོགས་ག་རེ་ཡོད་པ་ཡིན་ཡང་འགྲེམས་སྟོན་བྱས་ན་འགྲིག་གི་ཡོད་པ་ཞུས་ཡོད་སྟབས། མ་འོངས་པར་འགྲེམས་སྟོན་ཚན་པར་འབྲེལ་བ་གནང་བ་ཡིན་ན། ང་ཚོས་དུས་ཚོད་གཏན་ཁེལ་གྱིས་གོ་སྒྲིག་གནང་ཐུབ་རྒྱུའི་འཆར་གཞི་སྒྲིག་གི་ཡོད། ཅེས་བརྗོད་བྱུང་།

ད་ལྟ་བོད་ཀྱི་འགྲེམས་སྟོན་ཁང་གིས་ཨ་རིར་སྐོར་སྐྱོད་གནང་བཞིན་ཡོད་སྟབས། དེའི་ནང་དོན་གང་ཡིན་དྲིས་པར་ཁོང་གིས། ད་ལྟ་ཨ་རིར་འགྲེམས་སྟོན་ཁང་གི་འགན་འཛིན་གྱིས་སྐོར་སྐྱོད་གནང་བཞིན་ཡོད་པ་མ་ཟད། འགྲེམས་སྟོན་གནང་བཞིན་པ་དེ་ཡང་། ད་ལོ་༧གོང་ས་མཆོག་དགུང་ལོ་བརྒྱད་བཅུར་ཕེབས་པའི་གྱ་སྟོན་དང་འབྲེལ་བའི་ཐོག་ནས་ཡིན་དུས། ཟླ་གཅིག་རིང་ཨ་རིའི་ས་ཁུལ་ཁག་བཞིའི་ནང་བསྐྱོད་ནས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་ཐོག་འགྲེམས་སྟོན་གནང་དང་གནང་རྒྱུའི་ལས་འཆར་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་འགྲེམས་སྟོན་གཟིགས་མཁན་པཱ་ཆོས་འཕེལ་ལགས་སུ་འགྲེམས་སྟོན་འདིར་བལྟས་རྗེས་ཚོར་སྣང་གང་བྱུང་དྲིས་པར་ཁོང་གིས། ང་དེ་རིང་མ་གཏོགས་འདིར་ཡོང་མྱོང་མེད། ཡིན་ཡང་ང་རང་གིས་བསམ་ཚོད་དང་གདེང་ཚོད་བྱས་ནས་ཞུས་པ་ཡིན་ན། ༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ལས་འགན་ཁུར་མཁན་གྱིས་ཁུར་མ་ཤེས་ན་གནས་ཚུལ་ལོགས་ཀ་རེད་མ་གཏོགས། ཕྱག་ལས་གནང་མཁན་གྱི་གནང་ཤེས་པ་ཡིན་ན་ཚད་ལས་བརྒལ་བའི་ཕྱག་ལས་གནང་རྒྱུ་འདུག་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༤ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese