མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་དབྱིན་ཡུལ་དུ་བསྐྱོད་འཆར།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཚེས་ ༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབྱིན་ཡུལ་ནང་སྲིད་འཛིན་གྱི་རྒྱལ་དོན་སྐོར་སྐྱོད་ཐོག་མ་དེ་བྱ་རྒྱུ་ཡིན་འདུག

 

download-2ཁ་སང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། དབྱིན་ཡུལ་གྱི་རྒྱལ་མོ་ཨ་ལེ་ཛ་བྷ་ཋི་ (Elizabeth II) མཆོག་གིས་སྲིད་འཛིན་ཞི་ཅིན་ཕིན་མགྲོན་འབོད་གནང་པ་ལྟར། ཟླ་འདིའི་ཚེས་ ༡༩ ནས་ ༢༣ བར་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབྱིན་ཡུལ་དུ་རྒྱལ་དོན་སྐོར་སྐྱོད་བྱ་རྒྱུ་ཡིན་པ་དང་། དེ་ནི་འདས་པའི་ལོ་ངོ་ ༡༠ ནང་གི་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པས་དབྱིན་ཡུལ་ནང་རྒྱལ་དོན་སྐོར་སྐྱོད་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་བསྐྱར་དུ་ཡུ་རོབ་གླིང་ལ་ཕྱི་འབྲེལ་འཛུགས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག

 

རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཝང་ཁྲའོ་ (Wang Chao) ཡིས། ཞི་ཅིན་ཕིན་གྱིས་ལོན་ཊོན་ (London) དང་མན་ཆེ་སི་ཊར་ (Manchester) སོགས་གྲོང་ཁྱེར་ཁག་ཅིག་ནང་སྐོར་སྐྱོད་བྱེད་སྐབས། དབྱིན་ཇིའི་རྒྱལ་མོས་སྣེ་ལེན་ཟབ་རྒྱས་གནང་སྟེ་དབྱིན་ཇིའི་རྒྱལ་བརྒྱུད་ཀྱི་རྟ་ཐོག་དམག་དཔུང་རྒྱས་ཤོམ་དང་གསོལ་སྟོན་བཤམ་རྒྱུ་ཡིན་པ་དང་། དེ་བཞིན་དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ཁེམ་རོན་ (David Cameron) དང་ཁ་གཏད་ཚོགས་པའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་བྱས་ཏེ། གྲོས་ཚོགས་ནང་གཏམ་བཤད་བྱ་རྒྱུ་དང་། ལོན་ཊོན་གྲོང་ཁྱེར་སྤྱི་ཁྱབ་པའི་གོ་སྒྲིག་འོག་ཞི་ཅིན་ཕིན་ལ་དགོང་མོའི་གསོལ་སྟོན་བཤམ་སྟེ་གཏམ་བཤད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

ཡང་ཁོང་གིས། ཐེངས་འདིའི་རྒྱལ་འབྲེལ་སྐོར་སྐྱོད་ནི་འདས་པའི་ལོ་ངོ་ ༡༠ རྗེས་སུ་ཕྱོགས་གཉིས་ཀྱི་འཐབ་ཇུས་དཔུང་རོགས་ཀྱི་འབྲེལ་ལམ་ཐེངས་གཉིས་པ་དེ་མགོ་བཙུགས་པ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྒྱུན་མཐུད་དང་མཐོར་འདེགས་གཏོང་བའི་དུས་ལ་བབས་ཡོད་པ་དང་། གསར་དུ་འཕེལ་རྒྱས་ཀྱི་གོ་སྐབས་ལ་གདོང་ལེན་བྱ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཆེས་མཐོའི་གྲོས་མོལ་སྣ་ཚོགས་དང་འཕྲུལ་ལས་བཟོ་རིགས་གོང་སྤེལ། ཚོང་འབྲེལ་དང་མ་དངུལ། དཔལ་འབྱོར་དང་རིག་གཞུང་སོགས་ཀྱི་ཐོག་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

དེ་རིང་བྷི་བྷི་སི་གསར་ཁང་གི་རྒྱ་ཡིག་སྡེ་ཚན་ནས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་ཞི་ཅིན་ཕིན་དབྱིན་ཡུལ་དུ་སྐོར་སྐྱོད་བྱ་འཆར་ཡོད་པ་དེ་དབྱིན་ཇིའི་སྲིད་གཞུང་གི་ཕྱོགས་ནས་བརྗོད་ན། དཔའ་འབྱོར་བསྡུ་རུབ་ཀྱི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དབྱིན་ཇིའི་སྲིད་གཞུང་དང་། མདོར་ན་ས་གནས་སྲིད་གཞུང་སོགས་ཀྱིས་ཞི་ཅིན་ཕིན་གྱི་སྐོར་སྐྱོད་ལ་མཐོང་ཆེན་བྱེད་བཞིན་སྐོར་དང་། ཞི་ཅིན་ཕིན་ནི་དབྱིན་ཡུལ་དུ་མགྲོན་འབོད་ཞུས་པའི་རྒྱ་ནག་གི་སྲིད་འཛིན་གསུམ་པ་དེ་ཆགས་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་མཐུད་ལས་ཁུངས་བརྒྱུད་ནས་གསང་བའི་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཞི་ཅིན་ཕིན་གྱི་རྒྱལ་དོན་སྐོར་སྐྱོད་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་ཀྱི་ཡོད་སྐོར་བཀོད་འདུག

 

རྒྱ་ནག་ལ་མཚོན་ན་དབྱིན་ཡུལ་ནི་རྒྱ་ནག་གི་ཤེས་ཡོན་ལག་རྩལ་དང་ཚོང་རོགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཧུའུ་ཅིན་ཐའོ་དབྱིན་ཡུལ་དུ་སྐོར་སྐྱོད་བྱས་པའི་ལོ་ངོ་ ༡༠ རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་སླར་ཡང་དབྱིན་ཡུལ་དུ་བསྐྱོད་རྒྱུ་དེ་འོས་ཤིང་འཚམ་པ་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཞིག་གིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། ཏཱ་ལའི་བླ་མ་དང་ལྷན་དུ་བོད་རྒྱའི་དཀའ་རྙོད་ཐད་གྲོས་མོས། ཧོང་ཀོང་དམངས་གཙོའི་ལས་འགུལ། རྒྱ་ནག་གི་ལྷོ་ཤར་གླིང་ཕྲན་རྩོད་གླེང་། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འགལ་བ། དེ་བཞིན་གཞུང་འབྲེལ་དྲ་ལམ་ཁག་གི་གསང་བ་རྐུ་ཁྱེར་སོགས་ཀྱི་མཚོན་པའི་རྩོད་རྙོག་རྣམས་འདུམ་འགྲིག་དགོས་པ་ལས། དབྱིན་ཇིའི་གཞུང་གིས་རྒྱལ་སྤྱིའི་རྩ་འཛིན་ཁག་སྣང་མེད་དུ་བསྐྱུར་ནས་རྒྱ་ནག་དང་ལྷན་དུ་ཁེ་ལས་ཁོ་ན་གཉེར་བར་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist