མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་ཆེན་གཉིས་པའི་མཇུག་མ་རིང་པོ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
དམག་ཆེན་གཉིས་པའི་གཏེ་པོ་ཧེ་ཐི་ལིར་གྱིས། ཁྱོད་རྒྱལ་བ་ཡིན་ན་ཁྱོད་ཀྱིས་དེར་འགྲེལ་བཤད་རྒྱག་དགོས་པ་མ་རེད། གལ་སྲིད་ཁྱོད་ཕམ་པ་ཡིན་ན། ཁྱོད་རང་གིས་འགྲེལ་མི་དགོས་པར་གཞན་གྱིས་འགྲེལ་བཤད་རྒྱག་ངེས་རེད་ཅེས་པ་དེར་བསམ་བློ་ཞིག་བཏང་ན་་་་་་་་་་་

 
ཕྱི་ཟླ་ ༩ ཚེས་ ༣ ཉིན་གུང་ཁྲན་ཏང་གིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ་ ༧༠ འཁོར་བ་ཞེས་པའི་དུས་དྲན་ཞིག་འུར་འུར་ཟང་ཟིང་གིས་སྤེལ་ཏེ། གནམ་ས་གཉིས་ནས་དྲག་དམག་གི་དཔུང་ཤུགས་ངོམ་པ་དེས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཤིག་དྲན་པའི་ཡུལ་ཙམ་དུ་གྱུར་བའི་དགའ་ཚོར་ལས་ལྡོག་སྟེ། སྐྱི་གཡའ་བའི་དམག་ཆེན་གཞན་ཞིག་གི་འཐབ་འཁྲུག་མགོ་རྩོམ་གྱི་ཡོད་པའི་ཚོར་སྣང་ཞིག་བསྐྲུན་སོང་།

 
རྒྱལ་སྤྱིའི་མིག་མདུན་དུ་ཐོག་མར་ངོམ་སོ་བྱས་པའི་ཏུང་ཧྥོང་འཕུར་མདའ་ཨང་ ༣༡ པ་སོགས་སྤྱི་ལེ་ཆིག་ཁྲི་ལྷག་གི་འཕུར་ཤུགས་ལྡན་ཡོད་ལུགས་བརྗོད་པའི་དྲག་ཆས་དེ་ཚོར་བེད་སྤྱོད་ཀྱི་ནུས་པ་ཡོད་མེད་ལ་མ་ལྟོས་པར་རྒྱལ་སྤྱིའི་ཐོག་གུང་ཁྲན་ཏང་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་དང་། ཞི་ཅིན་ཕིན་གྱི་དབང་ཤུགས་ར་འཕྲོད་ཐབས་བྱས་པ་དེས་ཕྱི་དགྲའི་དཔུང་འཇོམ་ཞིང་ནང་དགྲའི་གཉའ་གནོན་པར་དྲང་ཕྱོགས་ལྡོག་ཕྱོགས་གཉིས་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐོན་ཡོད་པ་བརྗོད་དུ་མེད།

 
ཞི་ཅིན་ཕིན་གྱི་ཨ་རིའི་ནང་གི་གཞུང་དོན་སྐོར་སྐྱོད་ལ་འགོག་རྒོལ་ཆེན་པོ་ཐེབས་པ་སོགས་ཕྱི་ཡི་གནོན་ཤུགས་དང་ཁ་རྡུང་བཙན་པའི་ཐོག ཐེན་ཅིན་གྱི་འབར་གས་དོན་རྐྱེན་དང་མ་རྐང་ཁྲོམ་རའི་ཉམས་རྒུད། ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ཁེ་དབང་འཐབ་རྩོད་སོགས་ནང་ཁུལ་གྱི་རྩོད་རྙོག་ལ་རྣོ་ངར་རྒྱས་ཏེ། གུང་ཁྲན་ཏང་གི་སྲིད་དབང་ཡོམ་ཡོམ་བྱས་ནས་ནམ་ཞིག་ཐལ་སྐྱ་ཉིལ་ལེར་འཐོར་ཞིག་ཏུ་འགྲོ་ཉེན་ཆེ་བའི་སྐབས་འདིར། ལོ་ངོ་ ༧༠ ཡར་སྔོན་གྱི་རྨ་ཁ་ཞིག་བསྐྱར་དུ་དྲན་གསོས་པར་བྱས་ནས་དཔའ་ངར་ལྡན་ཞིང་། རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་ཀྲུང་ཧྭའི་བུ་རྒྱུད་ཚོ་ཞེས་མི་རིགས་རིང་ལུགས་ཀྱི་ངར་ཤུགས་སློང་གིན་ཡོད་པ་དེའི་དམིགས་ཡུལ་ཅི་ཞིག་ཡིན་ནམ།

 
ཅང་ཅི་ཧྲི་ཡིས་སྣེ་ཁྲིད་པའི་འཇར་འགོག་དམག་འཁྲུག་ཁྲོད་ཤི་འཐབ་བྱས་པའི་དམག་མི་རྒན་རབས་པ་ཁག་ཅིག་གིས། ཞི་ཅིན་ཕིན་གཞུང་གི་དུས་དྲན་དང་བསྟུན་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་པའི་བསྒྲགས་གཏམ་སྤེལ་ཏེ། བློ་ཕམ་གྱི་ངང་ནས་འཇར་འགོག་དམག་འཁྲུག་གི་རྒྱལ་ཁ་གོ་མིན་ཏང་གིས་བླངས་བ་ཡིན་ལ། དམག་འཁྲུག་ལ་རྗེས་དྲན་བྱེད་དགོས་ན་ཐོག་མར་ལོ་རྒྱུས་ཀྱི་བདེན་པའི་ཕྱོགས་ནས་ལངས་དགོས་པ་ལས་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱིས་རྫུན་བཟོ་བྱས་ན། རྒྱལ་ཁབ་ཀྱི་ངོ་ཚ་དང་འདག་མི་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཡིན་པའི་ཐ་ཚིག་བསྒྲགས་ཤིང་། ཞི་ཅིན་ཕིན་གྱི་སྐད་ཆ་སྟེ་ཚབ་བྱེད་མི་ཐུབ་པའི་རྒྱལ་ཁབ་ཀྱི་རྒྱུ་ནོར་དུ་འབོད་པའི་དམག་མི་རྒན་རབས་པ་ཚོར་འཚོ་བའི་མ་མཐའི་འགན་སྲུང་ཡང་མེད་པའི་སྐྱོན་བརྗོད་བྱས་ཡོད། དེ་བཞིན་གུང་ཁྲན་ཏང་གི་ཁ་གཏད་ན་ལངས་མ་འགྱེལ་དུ་ཡོད་པའི་ཐའེ་ཝན་སྲིད་འཛིན་མཱ་ཡེན་ཅིག་གིས་ཀྱང་། གོ་མིན་ཏང་སྲིད་གཞུང་གིས་འཇར་འགོག་དམག་འཁྲུག་ལ་སྣེ་ཁྲིད་པ་ནི་དོན་དངོས་ཀྱི་ལོ་རྒྱུས་ཡིན་སྐོར་ནན་བརྗོད་བྱས་སོང་།

 
རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་རྩོད་རྙོག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་གུང་ཁྲན་ཏང་གིས་ཧྥ་ཤི་སི་རིང་ལུགས་ལ་ངོ་རྒོལ་དམག་འཁྲུག་ཁྲོད་ཉི་ཧོང་གི་དམག་དཔུང་ཕམ་ཉེས་གཏོང་མཁན་གུང་ཁྲན་ཏང་ཡིན་ཞེས་འུར་སྒྲོག་བྱས་ཏེ། ཡོངས་གྲགས་སུ་རྒྱལ་སྤྱིའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་ཚོས་ཧྥ་ཤི་སི་རིང་ལུགས་ལ་ངོ་རྒོལ་གྱིས་ཉི་ཧོང་གི་དམག་དཔུང་ཕམ་ཉེས་གཏོང་མཁན་དེ་གོ་མིན་ཏང་དང་གུང་ཁྲན་ཏང་སོགས་གང་ཡང་མིན་པར་ཨ་རི་དང་སུའུ་ལེན་དམག་གི་མཉམ་འབྲེལ་བརྒྱུད་ཕམ་ཉེས་བཏང་བ་ཞིག་ཡིན་པའི་ངོས་འཛིན་དེར་ཅིའི་ཕྱིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དྲི་བ་མང་པོ་འདིའི་རྒྱབ་ལོག་ན་གུང་ཁྲན་ཏང་གིས་དོན་གྱིས་ཅི་ཞིག་སྔོག་གིན་ཡོད་དམ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༡ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༢ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese