མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་མི་དང་འགན་འཁྲི།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
དེང་སང་དྷ་སའི་རི་གྲོང་གི་གྱང་ངོས་གང་སར་སྲིད་སྤྱིའི་འོས་མིའི་པར་རིས་ཁྱབ་བསྒྲགས་ཀྱིས་ཁེངས་ཤིང་།  ཕྲག་དོག་དང་ཞེ་འཁོན། འགྲན་སེམས་དང་འཐབ་རྩོད་ཀྱིས་རྩབ་ཧྲལ་བཏང་བའི་སྦྱར་ཡིག་མང་པོ་ལྷགས་རླུང་གིས་འཁྱེར་ཏེ་སྲང་ལམ་གྱི་ཟུར་དང་ཡུར་བུའི་འདམ་རྫབ་ནང་དུ་འཚང་ཁ་རྒྱག་པ་ལྟར་སྣང་ཞིང་། སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ནང་དུའང་ཚོགས་པ་ཆེད་འཛུགས་ཀྱིས་འོས་མི་ཁྱབ་བསྒྲགས་དང་བགྲོ་གླེང་སྣ་ཚོགས་བྱེད་ཀྱི་ཡོད་པ་མ་ཟད། ཞེན་ཁོག་དང་འུར་སྒྲོག དཀྲོག་གཏམ་དང་འཐེན་འཁྱེར་གྱིས་བསླངས་བའི་མེ་ལྕེ་རྒོད་པོ་ཞིག་ཀྱང་ཕྱོགས་གང་ས་ན་དམར་ལྷམ་ལྷམ་འབར་བཞིན་འདུག

 
སྤྱིར་བཏང་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱིའི་འོས་བསྡུར་མཚོན་ན། བཙན་བྱོལ་བོད་མིའི་འོས་བསྡུའི་ལོ་རྒྱུས་ཁྲོད་འོས་མི་མང་ཤོས་དང་། ལྟ་བ་ལངས་ཕྱོགས་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་ཕྱོགས་གང་ཐད་ནས་ཆེས་ཕུན་སུམ་ཚོགས་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པར་འདོད། ཡིན་ནའང་། ཆིག་སྒྲིལ་གྱི་འཛིན་སྐྱོང་ནུས་པ་དང་སྤྱི་མང་གི་འགན་འཁྲིའི་འདུ་ཤེས། ལྷག་པར་དུ་སྐབས་དོན་དཔྱད་ཞིབ་ཀྱི་གནས་ཚད་ཞན་དྲགས་པའི་རྐྱེན་གྱིས་ང་ཚོའི་སྤྱི་ཚོགས་འདི་འུར་སློང་ཆོག་ཆོག་དང་། གཡོ་འགུལ་ཐེབས་སླ་པོ་ཞིག་ཡོད་སྟབས། སྐབས་འཚོལ་བ་མང་པོས་གོ་སྐབས་འདི་བཟུང་ནས་ཕྱོགས་རིས་འཐེན་འཁྱེར་གྱི་ཚོ་ཁག་བསྒྲིགས་སྟེ་མང་ཚོགས་ཀྱི་བསམ་བློའི་ཁ་ལོ་བསྒྱུར་ཐབས་དང་། སྤྱི་ཚོགས་འདི་ཁ་འཐོར་ནས་ཡང་འཐོར་དུ་གཏོང་བཞིན་པ་འདིར་ཚང་མས་བསམ་གཞིག་དང་གཟབ་ནན་དགོས་ཀྱི་འདུག་ལ། དེ་ལས་ཀྱང་འོས་བསྡུའི་ཁྱབ་བསྒྲགས་འདི་དག་ཚོགས་སྡེ་ག་གེ་མོ་ཞིག་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་མིན་པས་རང་དབང་དང་དང་བླངས་ཀྱི་ཚོགས་སྡེ་ཚོས་ཀྱང་རང་འཁྲིའི་འོས་འགན་འཁུར་དུ་ལེན་པའི་དུས་ལ་བབས་འདུག

 
དབུས་འོས་བསྡུ་ལས་ཁུངས་ནས་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་མང་པོ་ཞིག་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ཟླ་བ་ ༣ ལྷག་ཕྱིན་པའི་རིང་། དགོས་དབང་གི་ཁ་གཡང་འབོད་མཁན་དང་རྒྱབ་ལྗོངས་ཀྱི་སློང་མོ་བྱེད་མཁན། དེ་བཞིན་རྒྱུ་རྐྱེན་སྣ་མང་གིས་གོ་སྐབས་འཚོལ་མཁན་སོགས་འོས་མི་ཧ་ཅང་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གནང་གི་འདུག་ལ། མང་པོ་ཞིག་ལ་སྤྱི་ཚོགས་ཞབས་ཞུ་དང་རང་ནུས་མཐོར་འདེགས་ཀྱི་རེ་སྙེག་ཤུགས་ཆེན་ཡོད་པ་བརྗོད་མི་དགོས་ཀྱང་། རེ་འགའ་ནི་ཚོགས་སྡེ་ག་གེ་མོའི་རྒྱུ་ཤུགས་དཔུང་ཤུགས་ཀྱིས་བསླངས་བའི་དཔོན་ཚུགས་ཅན་དང་། ཡང་ཁ་ཤས་ནི་རང་ཉིད་ཁྱབ་བསྒྲགས་ཙམ་ལ་དམིགས་ཏེ་རང་སྣང་གང་ཤར་གྱིས་ཀུ་རེ་རྩེད་མཚར་ཆེད་ལངས་བའི་འོས་མི་བྱབ་ཆུང་དེ་འདྲའང་ཡོད་པ་འདྲ།

 
སྤྱིར་བཏང་དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཡིན་ན་ཁྲིམས་སྒྲིག་ལྟར་འོས་ཞུགས་ཀྱི་ཐོབ་ཐང་ནི་ཚང་མས་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་གལ་ཆེན་ཞིག་ཏུ་ངོས་འཛིན་གྱི་ཡོད་ཀྱང་། ང་ཚོ་བོད་མི་རྣམས་གནའ་བོའི་དུས་ནས་ཁྲིམས་སྒྲིག་གི་ཁྱབ་ཁོངས་སུ་འདུས་ཤིང་ཁྲིམས་ཀྱིས་སྲུང་སྐྱོབ་དང་འདོད་འདུན་བསྒྲུབ་པ་ཧ་ཅང་དཀོན་པོ་ཡིན་སྟབས། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་དུའང་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་ཁྲིམས་ལ་དོ་སྣང་ཆུང་བས་དེར་རྩ་འཛིན་གྱི་འདུ་ཤེས་མེད་པར་རྒྱུན་དུ་ཨོར་འཐོམ་ཚ་བོ་བྱ་རྒྱུ་ནི། ལས་དོན་སྒྲུབ་པའི་ཐབས་ལམ་ཡག་ཤོས་སམ་སྟབས་བདེ་ཤོས་ལྟ་བུ་ཞིག་ཏུ་རྩི་བཞིན་ཡོད་པ་རེད། ངན་གོམས་འདིའི་དབང་གིས་ང་ཚོ་ག་དུས་ཡིན་ནའང་ཁྲིམས་ཀྱི་མདུན་སར་ལྐུགས་པ་ཆགས་ནས་གཉའ་ཞུམ་ཞིང་། ཁྲིམས་ཀྱི་ཁེ་དབང་ལས་རྒྱང་རིང་དུ་གནས་ཡོད་སྟབས། རང་གཅེས་འཛིན་གྱི་ཚོར་བ་ཇི་ལྟར་ཤུགས་ཆེ་བ་དེ་ཙམ་གྱིས་ཁྲིམས་མཐུན་གྱི་རང་སྲུང་ཐབས་ལམ་ལའང་གྲ་སྒྲིག་གང་ལེགས་དགོས་པ་ཧ་ཅང་གལ་ཆེའོ།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese