མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་སྨད་ཞུ་མཁན་ཡོང་གི་ཡོད་པ་དེ་རང་དབང་ཆེ་དྲགས་པའི་རྐྱེན་གྱིས་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་འོས་མི་གསར་པ་ལྷག་པ་ཚེ་རིང་ལགས་ཀྱིས་ཁོང་དབུས་གཙང་སྤྱི་འཐུས་ལ་ལངས་ཏེ་ཞབས་འདྲེན་མ་ཞུ་བ་ཞིག་དང་། སྔ་ཕྱི་བར་གསུམ་དུ་བོད་མི་སྤྱི་བོ་གནམ་བསྟན་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱས་ནས་ལངས་པ་ཡིན་སྐོར་བརྗོད་བྱུང་།

 
   དྲི་བ། ཁྱེད་རང་གི་འདས་པའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

 
  12162245_10153686901104485_1596644370_o ལན། ང་ཕྱི་ལོ་ ༡༩༨༣ ལོར་བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་ལམ་ཕུག་གྲོང་ཚོའི་ནང་སྐྱེས་པ་རེད། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་བསླེབས་ཏེ། ཐོག་མར་རྡ་སྟེང་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་བར་སློབ་སྦྱོང་བྱས་རྗེས། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྤེལ་ཀོབ་བོད་ཁྱིམ་ནས་སློབ་ཐོན་བྱས་པ་ཡིན། དེའི་རྗེས་བྷེང་ལོར་སན་ཌི་ཇོ་སེབ་ (St. Joseph’s college of Arts and Science) ནང་སློབ་སྦྱོང་བྱས་ཏེ། དེའི་རིང་ས་གནས་གཞོན་ནུའི་དྲུང་ཆེ་སྐབས་གཉིས་དང་ཚོགས་གཙོ་སྐབས་གཅིག མང་གཙོ་ཚོགས་པའི་དྲུང་ཆེ་སྐབས་གཅིག་གཙོས། དེ་མིན་མཐོ་སློབ་ནང་བོད་པའི་གླེང་སྟེགས་བཙུགས་པ་སོགས་ཀྱི་འགན་ཁུར་བླངས་ཏེ། སོ་སོས་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་ཀ་ག་ཚོད་འཇོན་འཇོན་གཅིག་བྱས་པ་ཡིན། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ལ་སླེབ་སྐབས། སྲོག་འབེན་ལ་བཙུགས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ ལོ་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་དབུས་རྒྱུན་ལ་བདམས་ཏེ། རིག་གཞུང་འགན་འཛིན་གྱི་འགན་ཁུར་བ་ཡིན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ ལོ་བར་བོད་ཀྱི་དང་བླངས་ཞབས་ཞུ་ཁང་གི་འགན་འཛིན་བགྱིས་ཏེ། བོད་ནས་ཕེབས་པ་དང་རྒྱ་གར་ནང་བཞུགས་མཁན་མི་སྣ་རྒན་གྲས་མང་པོ་ཞིག་ལ་ཆུང་དུས་སློབ་སྦྱོང་གོ་སྐབས་མ་རག་སྟབས། ཤེས་ཡོན་གྱི་གོ་སྐབས་ཕུལ་བ་དང་འཚོ་སྣོན་མཁོ་སྒྲུབ་བྱེད་རྒྱུ། དྭ་ཕྲུག་ཚོར་སློབ་ཡོན་འཚོལ་ཐབས་སོགས་ཀྱི་ལས་ཀ་མང་པོ་ཞིག་བྱས་པ་ཡིན། ཕྱི་ལོ་༢༠༡༡ ལོར་དཀའ་ངལ་ལ་མ་འཛེམས་པར་གཏམ་བརྗོད་ཀྱི་ཚན་པ་ཞིག་བཙུགས་ནས་ད་བར་ས་གནས་ཁག་ ༤༨ ཙམ་ཞིག་ཏུ་སྐོར་སྐྱོད་ཕྱིན་པ་ཡིན།

 
   དྲི་བ། ཁྱེད་རང་སྐབས་ ༡༦ པའི་སྤྱི་འཐུས་འོས་མིར་ལངས་དགོས་པའི་རྒྱུ་མཚན་དང་མ་འོངས་པར་དབུས་གཙང་རྒྱ་ཆེའི་མི་མང་གི་འཐུས་མི་ཚད་ལྡན་ཞིག་ཆགས་ཐུབ་པར་འཆར་གཞི་དང་འཇོན་ཐང་ག་རེ་ཡོད།

 
ལན། སྤྱིར་བཏང་སོ་སོ་ལྟ་བུ་ཡིན་ན་རྒྱབ་ལོགས་ལ་ཆོལ་ཁ་ཆོས་ལུཊ་དང་། ལུང་ཚན་དང་སྐྱིད་སྡུག་གང་གིས་ཀྱང་རྒྱབ་སྐྱོར་མེད་པའི་ཐོག་ནས་རང་ཉིད་ཀྱི་འཇོན་ཐང་དང་། ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས་སྤྱི་འཐུས་ལ་ལང་རྒྱུའི་མིག་དཔེ་གསར་པ་ཞིག་གཏོད་དེ། དབུས་གཙང་གཅིག་པུ་ཙམ་མིན་པར་མདོ་དབུས་ཁམས་གསུམ་གྱི་མང་ཚོགས་ཚོས་སྤྱི་འཐུས་ཟེར་མཁན་དེའི་ལས་འགན་ག་རེ་ཡིན་པ་ངོ་སྤྲོད་ཐུབ་ཆེད་ལངས་པ་ཡིན། འདི་ག་རེ་བྱས་ནས་ཞུ་ཡི་ཡོད་ལབ་ན། དེང་དུས་བཙན་བྱོལ་སྤྱི་ཚོགས་ནང་མི་མང་ཚོར་ཐོས་རྒྱ་དང་མཐོང་རྒྱ་ཡག་པོ་མེད་པའི་རྐྱེན་བྱས་ནས་གྲོས་ཚོགས་ནང་སུ་ཁ་བདེ་བ་ཡོད་པ་དེ་འཇོན་ཐང་ལ་བརྩིས་ཏེ། སྤྱི་འཐུས་འོས་མིར་བླུགས་པ་ལ་སོགས་པ། དེ་མིན་ལུང་ཚན་རིང་ལུགས་དང་ཤོག་ཁག་རིང་ལུགས། མ་རྩ་རིང་ལུགས་དང་བཙན་རྒྱལ་རིང་ལུགས་སོགས་རྣམ་པ་མི་འདྲ་བ་མང་པོ་ཞིག་གི་ཐོག་ནས་སྤྱི་འཐུས་ལ་ལྡུག་བཞིན་ཡོད་སྟབས། དེ་ཚོའི་རྐྱེན་པས་གྲོས་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་གྱི་འཐེན་འཁྱེར་བྱུང་སྟེ་མི་མང་གི་བདེ་སྡུག་དང་གཞུང་གི་སྲིད་བྱུས་སྐྱོང་མ་ཐུབ་པ་སོགས་ཀྱི་གནས་སྟངས་མང་པོ་ཞིག་བྱུང་བཞིན་ཡོད་སྟབས། མ་འོངས་པར་འོས་བསྡུ་ལས་ཁང་ངོས་ནས་སྒྲིག་གཞི་ཞིག་བཟོས་ཏེ། ལུང་ཚན་དང་སྐྱིད་སྡུག ཤོག་ཁག་སོགས་ཀྱིས་སྤྱི་འཐུས་འོས་མི་མ་བཏོན་པའི་རེ་བ་དང་ཡིད་ཆེས་གཞིར་བཞག་རང་ཉིད་ཀྱིས་འཇོན་ཐང་བཏོན་དགོས་པར་མཐོང་སྟེ། ད་རེས་དབུས་གཙང་སྤྱི་འཐུས་ལ་ལངས་པ་ཡིན། ད་བར་རང་ཉིད་ལོ་ངོ་ ༢༣ ལྷག་རིང་རྒྱ་གར་སྤྱི་ཚོགས་ནང་བསྡད་པར་བརྟེན། བཙན་བྱོལ་སྤྱི་ཚོགས་དང་བོད་ནང་གི་གནས་ཚུལ་མང་པོ་ཞིག་ལ་ཞིབ་འཇུག་མི་ཉུང་བ་ཞིག་བྱས་ཡོད་སྟབས། དབུས་གཙང་སྤྱི་འཐུས་ལ་ལངས་ཏེ་ཞབས་འདྲེན་མ་ཞུ་བ་ཞིག་དང་། སྔ་ཕྱི་བར་གསུམ་དུ་བོད་མི་སྤྱི་བོ་གནམ་བསྟན་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུས་ནས་ལངས་པ་ཡིན།

 
   དྲི་བ། སྤྱི་འཐུས་ཤིག་གིས་གཡོལ་དུ་མེད་པའི་འོས་འགན་གཉིས་དང་འདོར་དགོས་པའི་རྩ་བའི་གནད་དོན་ལྔ་བགྲང་ན་གང་དག་བགྲང་ས་རེད།

 
    ལན། སྤྱི་འཐུས་ཟེར་མཁན་དེའི་འོས་འགན་གཙོ་བོ་གཉིས་ག་རེ་རེད་ཞུས་པ་ཡིན་ན། མར་མང་ཚོགས་ལ་གཡོག་པོ་རྒྱུག་ཐུབ་པ་ཞིག་དང་སྒང་གི་སྲིད་བྱུས་ཀྱི་ཁ་ལོ་བསྒྱུར་དགོས་པ་དེ་གཉིས་རེད་བསམ་གྱི་འདུག འདོར་དགོས་པའི་གནད་དོན་ཁག་ལྔ་ནི། དང་པོ། སྤྱི་འཐུས་ཟེར་མཁན་དེ་ལྷག་བསམ་རྣམ་དག་དང་དྲང་པོའི་སྤྱོད་པ་དང་མ་བྲལ་བ་ཞིག་དགོས་ཀྱི་རེད། གཉིས་པ། རྒྱལ་ཁབ་དང་མི་རིགས་ལ་རྒྱལ་ཞེན་ཡོད་མཁན་ཞིག་དགོས་ཀྱི་ཡོད་སྟབས། དེ་ལས་འདོར་བའི་མི་ཞིག་སྤྱི་འཐུས་ལ་བསླེབ་པ་ཡིན་ན་ཡོང་གི་མ་རེད། གསུམ་པ། ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལུང་ཚན་དང་ཤོག་ཁག་གི་འཐེན་འཁྱེར་ཤུགས་ཆེན་པོ་འགྲོ་བ་ཡིན་ན། དེ་ཚོའི་བསླུ་བྲིད་འོག་མ་ཚུད་པ་གཞི་བརྟན་པོ་འཛིན་མཁན་ཞིག་ཡིན་དགོས་པ་རེད། བཞི་པ། ཤེས་ཡོན་ཚད་དང་ལྡན་པ་ཞིག་དགོས་པ་རེད། ལྔ་པ། བཙན་བྱོལ་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་དང་། མིང་ཆད་ངན་པ་དང་ཁྲིམས་འགལ་གྱི་ལས་ཀ་བྱས་པའི་མི་ཞིག་མིན་པ་ཞིག་དགོས་པ་རེད། དེ་འདྲ་བྱུང་བ་ཡིན་ན་སྤྱི་འཐུས་དེས་ཕྱག་ལས་ཚད་དང་ལྡན་པ་ཡག་པོ་ཞིག་གནང་ཐུབ་ཀྱི་རེད་བསམ་གྱི་འདུག

 
    དྲི་བ། ང་ཚོའི་སྤྱི་ཚོགས་ནང་སྤྱི་འཐུས་ཀྱི་སྡིངས་ཆ་དེ་མི་སྒེར་གྱི་མདུན་ལམ་འཚོལ་ས་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱེད་ས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པས། ཁྱེད་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་སྡིངས་ཆ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

 
   ལན། ཕྱི་ལོ་ ༡༩༦༠ ལོར་༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་སྟེ། སྤྱི་འཐུས་ཀྱི་སྡིངས་ཆ་འདི་བསྐྲུན་ནས་མ་འོངས་མདུན་ལམ་གྱི་ཁ་ཕྱོགས་བསྐྲུན་ས་ཞིག་ཆགས་ཡོད་ཀྱང་། ད་ལྟའི་ཆར་མི་མང་པོ་ཞིག་གིས་སྤྱི་འཐུས་ཟེར་བ་འདི་དབང་ཆའི་འཐབ་རྩོད་བྱེད་ས་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་ས་ཞིག་ཡིན་པའི་རྣམ་པ་ཆེན་པོ་ཞིག་མཐོང་བསྡད་ཀྱི་ཡོད་པ་རེད། འདི་མཐོང་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། ད་ལྟ་གྲོས་ཚོགས་ནང་ལུང་ཚན་རིང་ལུགས་དང་མ་རྩ་རིང་ལུགས། ཤོག་ཁག་རིང་ལུགས་ཀྱི་ལྟ་བ་མང་པོ་ཞིག་སླེབ་ཀྱིན་ཡོད་སྟབས། མི་མང་པོ་ཞིག་གིས་ཕ་མེས་ཀྱི་འཇོན་ཐང་ལ་བརྟེན་ནས་ཕྲུ་གུ་སྤྱི་འཐུས་ལ་ལྡུག་གི་ཡོད་པ་དང་། མང་པོ་ཞིག་གིས་སོ་སོའི་ལུང་ཚན་དང་ཤོག་ཁག་ལ་བལྟས་ནས་སྤྱི་འཐུས་ལ་ལྡུག་གི་ཡོད་པ། དེ་མིན་མང་པོ་ཞིག་གིས་ཚོང་པ་དང་རྒྱུ་དངོས་ལ་བལྟས་ནས་སྤྱི་འཐུས་ལ་ལྡུག་གི་ཡོད་སྟབས། དེ་ཚོའི་རྐྱེན་པས་གྲོས་ཚོགས་ནང་གནོན་ཤུགས་བྱུང་སྟེ་འཆམ་མཐུན་མེད་པ་དང་འཐེན་འཁྱེར་ཡོང་བ་སོགས། མི་གཅིག་གིས་ལྷག་བསམ་རྣམ་དག་བྱེད་དགོས་བསམས་ཀྱང་། ཤུལ་འཛིན་དང་དབང་ཆའི་འཐབ་རྩོད་དེས་ཁོ་རང་གི་བསམ་བློའི་ཀུན་སློང་ལ་འགྱུར་བ་གཏོང་རྒྱུའི་རྨང་གཞི་ཞིག་འདིང་གི་ཡོད་སྟབས། རང་བཞིན་གྱིས་དེ་འདྲ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་རྙིང་ཞེན་གྱི་བསམ་བློ་དེར་ང་ཚོ་གཞོན་སྐྱེས་ཚོས་བསམ་བློ་གསར་པ་ཞིག་འཁྱེར་ནས་བསྒྱུར་བཅོས་གཏོང་རྒྱུའི་འོས་འགན་དང་འགན་འཁྲི་ཆེན་པོ་ཞིག་ཡོད་སྟབས། རང་ཉིད་ཀྱིས་དེ་འདྲའི་བསམ་ཚུལ་ཞིག་འཁྱེར་ནས་སྤྱི་འཐུས་ལ་ལངས་པ་ཡིན།

 
   དྲི་བ། དབུས་གཙང་སྤྱི་འཐུས་ལས་ཐོག་རྣམ་པས་བོད་ཕྱི་ནང་གི་དབུས་གཙང་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་ཀྱི་འདུག་གམ། མི་འདུག་ན་ཕྱོགས་གང་དག་ནས་ཚབ་བྱེད་ཐུབ་ཀྱི་མི་འདུག ཁྱེད་རང་ལ་དེའི་ཐད་ཚབ་བྱེད་ཐུབ་པའི་ཤེས་ཡོན་དང་ནུས་འཇོན་ག་རེ་ཡོད།

 
   ལན། ངས་ད་ལྟའི་དབུས་གཙང་སྤྱི་འཐུས་རྣམ་པས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བདེ་སྡུག་སེལ་ཐུབ་ཀྱི་མི་འདུག་བསམ་གྱི་ཡོད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་བསླེབས་པ་ནས་བཟུང་སྟེ། ད་བར་དཀའ་ངལ་དང་བདེ་སྐྱིད་ཀྱི་འཚོ་བའི་གནས་བབ་གང་འདྲ་ཞིག་བྱུང་ཡོད་ཀྱང་། ང་ཚོའི་མངོན་འདོད་གཙོ་བོ་དེ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འགན་ཁུར་དགོས་པ་རེད། ད་བར་གྲོས་ཚོགས་རབ་དང་རིམ་པ་མང་པོ་ཞིག་ཕེབས་ཡོད་ཀྱང་། འདིའི་ཐོག་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་མ་ཐུབ་པའི་རྐྱེན་གྱིས། བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ལས་པའི་ཉམས་རྒུད་ཆེན་པོ་ཕྱིན་ཡོད་སྟབས། བོད་དང་བཙན་བྱོལ་དམིགས་བསལ་དབུས་གཙང་ཁུལ་ནས་ཐུཊ་གསོ་དང་ལས་འགུལ་སྤེལ་བཞག་པ་ཞིག་ད་བར་སོ་སོས་གོ་མ་མྱོང་། བོད་ནང་ཡིན་ན་སོ་སོས་རང་འཁུར་རང་ལེན་ཐོག་ཧུར་ཐག་འབད་ཐག་བྱས་ཡོད་པ་རེད། རང་ཉིད་འདྲ་པོ་དབུས་གཙང་སྤྱི་འཐུས་ལ་བསླེབ་པ་ཡིན་ན། མ་འོངས་པར་བོད་ཟེར་བ་འདི་གནས་ཐུབ་ཆེད་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ཡུན་གནས་ཐུབ་རྒྱུར་འབད་བརྩོན་ཆེར་བསྐྱེད་བྱས་ཏེ། བོད་མི་རིགས་འདི་གསོན་པོར་གནས་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།

 
   དྲི་བ། ད་ལྟའི་བོད་མི་མང་སྤྱི་འཐུས་ལས་ཐོག་རྣམ་པར་མེད་པ་ཁྱེད་རང་ལ་ཡོད་པའི་ལེགས་ཆ་གསུམ་དང་སྐྱོན་ཆ་གཉིས་བགྲང་ན་ག་རེ་ཡིན་ནམ།

 
  ལན། ད་བར་སྐབས་བཅོ་ལྔ་བར་གྲོས་ཚོགས་བསླེབས་ཡོད་ཀྱང་། གྲོས་ཚོགས་ནང་སྤྱི་འཐུས་མང་པོ་ཞིག་རང་འཇགས་ལྷག་བསྡད་ཡོད་སྟབས། ངས་སྤྱི་འཐུས་ནང་དགོས་མཁོ་ཆེ་བ་བསྒྱུར་བཅོས་མ་ཕྱིན་པ་གསུམ་འདྲ་པོ་ཞིག་མཐོང་གི་འདུག ངས་དེ་ཚོ་སྤྱི་འཐུས་སོ་སོས་རང་ཉིད་ཀྱི་ཁེ་དབང་ལ་གཙིགས་ཆེན་འཛིན་པ་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དང་པོ། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཤུགས་ཆེན་ཡོད་སྟབས། རང་ཉིད་ལ་དེའི་ཐོག་འཐབ་རྩོད་བྱེད་ཐུབ་པའི་ནུས་པ་ཡོད། གཉིས་པ། སྤྱི་འཐུས་ཟེར་བ་དེ་མི་མང་གི་གཡོག་པོ་དང་སྲིད་བྱུས་ཀྱི་ཁ་ལོ་བསྒྱུར་ཐུབ་མཁན་ཞིག་དགོས་ཀྱི་ཡོད་ཀྱང་། གྲོས་ཚོགས་ནང་ཞལ་བདེ་པོ་འདྲ་པོ་ཞིག་གསུངས་པ་རེད་མ་གཏོགས། ས་གནས་ཀྱི་གནས་ཚུལ་དང་དཀའ་སྡུག་ལ་སོགས་པར་གྲོས་གླེང་ཞིབ་ལྷུག་བྱེད་མ་ཐུབ་པའི་རྐྱེན་གྱིས། ད་ལྟ་གཞུང་གི་སྲིད་བྱུས་འཛིན་མཁན་དང་འཛིན་སྐྱོང་བཀའ་ཤག མི་མང་བཅས་ཀྱི་བར་ལ་འགལ་ཟླ་ཆེན་པོ་ཞིག་ལྷག་བསྡད་ཀྱི་ཡོད་སྟབས། ངར་མི་མང་དང་གཞུང་གཉིས་རྡོག་རྩ་ཆིག་སྒྲིལ་ངང་མཉམ་ལས་བྱེད་ཐུབ་པའི་གདེང་ཚོད་ཡོད། གསུམ་པ། བཙན་བྱོལ་སྤྱི་ཚོགས་ནང་ལ་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་ཞན་པོ་ཆགས་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ཉམས་རྒུད་བྱུང་ཡོད་སྟབས། འདི་ཚོའི་ཐོག་ད་བར་གྲོས་ཚོགས་ནང་གླེང་སློང་བྱུང་མེད་པ་དག་ཡོང་བ་བྱ་རྒྱུ་དང་། ལྷག་པར་དུ་གྲོས་ཚོགས་ར་བ་འདིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་ཁ་འཐོར་བོད་མིར་བོད་དགེ་ཆེད་གཏོང་དང་། བོད་ཀྱི་རིག་གཞུང་ངོ་སྤྲོད་བྱ་ཆེད་འགན་ཁུར་ཁྱོན་ནས་གནང་གི་མེད་སྟབས། འདིའི་ཐོག་རང་ཉིད་ལ་ནུས་པ་སྤུངས་ཐུབ་པའི་གདེང་ཚོད་དང་སྤོབས་པ་ཡོད། ངའི་ཞན་ཆ་ག་རེ་རེད་ཟེར་ན། དང་པོ། ད་ལྟ་ང་གཞོན་སྐྱེས་འཚར་བཞིན་པ་ཞིག་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་བྱུས་ལ་ཉམས་ཞིབ་བྱས་ནས་འགྲོ་མཁན་ཞིག་ཡིན་སྟབས། ང་ལ་སྤྱི་འཐུས་རྒན་པ་ཚོ་ལྟར་འཛིན་སྐྱོང་དང་ཁྲིམས་ལུགས་ཀྱི་ཉམས་མྱོང་དང་རྒྱུས་མངའ་མེད། གཉིས་པ། ད་ལྟ་ང་སྤྱི་འཐུས་གསར་པར་ལངས་ཀྱི་ཡོད་སྟབས། གཞུང་གིས་འཛིན་སྐྱོང་དང་བོད་རྒྱ་འབྲེལ་མོལ་སོགས་ཀྱི་ཐད་ད་བར་ཉམས་ཞིབ་དང་དོ་སྣང་ཞིབ་ཚགས་པོ་དེ་འདྲ་གང་ཡང་བྱེད་རྒྱུ་བྱུང་མེད་པ་དེ་ཞན་ཆ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

 
   དྲི་བ། ང་ཚོའི་སྤྱི་ཚོགས་ཁྲོད་དབུ་མ་དང་རང་བཙན་བར་གྱི་འགལ་བ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཁྱེད་ཀྱིས་བལྟས་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་དང་། བོད་མི་མང་སྤྱི་འཐུས་ཤིག་ལ་དེའི་ཐད་འགན་འཁྲི་ག་རེ་ཡོད་པ་རེད་བསམ་གྱི་འདུག

 
  ལན། དབུ་མའི་ལམ་གྱི་འཐབ་རྩོད་བྱེད་མཁན་ཚོས་༧གོང་ས་མཆོག་གིས་ལམ་སྟོན་གནང་བ་གཞིར་བཟུང་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་རང་བཙན་འཐབ་རྩོད་བྱེད་མཁན་ཚོ་ཡིན་ན། སོ་སོས་ལྟ་གྲུབ་འདི་འཛིན་པའི་ཐོག་ནས་རང་བཙན་གྱི་འཐབ་རྩོད་བྱས་ནས་ཕེབས་ཀྱི་ཡོད་པ་རེད། རང་ཉིད་ལྟ་བུ་ཡིན་ན་རང་བཙན་འཐབ་རྩོད་བྱེད་མཁན་ཞིག་ཡིན་ཡང་། རང་བཙན་རྩོད་མཁན་ནང་སྤྱི་ཚོགས་ཀྱི་གནས་བབ་དང་མ་མཐུན་པའི་བཀའ་མོལ་མང་པོ་ཞིག་གསུངས་ཏེ། དེས་༧གོང་ས་མཆོག་ལ་མཚན་སྨད་འགྲོ་རྒྱུའི་ཐལ་ཆ་ཆེན་པོ་ཞིག་འགྲོ་ཡི་ཡོད་པའི་རྣམ་པ་ཤུགས་ཆེན་པོ་ཞིག་བསླེབས་ཀྱི་ཡོད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་གྱི་མི་སྣ་ཁ་ཤས་ཀྱིས་ལྷག་བསམ་རྣམ་དག་དང་། ཡང་ཁ་ཤས་ཤིག་ཀྱིས་དབང་ཆ་འཛིན་པའི་ཐོག་ནས་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་སྟེ་སྤྱི་ཚོགས་ནང་། རང་བཙན་འཐབ་རྩོད་བྱེད་མཁན་ཚང་མ་ནག་ཉེས་ཅན་ཡིན་པ་ལྟ་བུ་དང་། ཡང་རང་བཙན་རྩོད་མཁན་ཚོས་དབུ་མའི་ལམ་རྩོད་མཁན་ཚོ་ཚད་ལས་བརྒལ་བའི་མ་འགྲིག་པ་ཡིན་པ་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་སྒང་ལ་ཕུ་དཀྲུག་མདའ་དཀྲུག་བཟོ་ཡི་འདུག མི་མང་ཚོར་སྤྱི་འཐུས་ཚོས་དེ་ཚོའི་ཐོག་བློ་གཟུ་པོར་གནས་པའི་ཐོག་ནས་འགྲེལ་བཤད་བརྟན་པོ་ཞིག་བརྒྱབ་སྟེ། འཕྱར་གྲུ་མཉམ་འདེགས་ཐོག་གང་ཅིའི་ལས་ཀ་གནང་ཐུབ་པ་བཟོ་དགོས། སྤྱིར་བཏང་༧གོང་ས་མཆོག་དང་བོད་མིའི་འཐབ་རྩོད་ལ་མཚན་སྨད་ཞུ་མཁན་མང་པོ་ཞིག་ཡོང་གི་ཡོད་པ་དེ། བཙན་བྱོལ་སྤྱི་ཚོགས་ནང་རང་དབང་ཆེ་དྲགས་པའི་རྐྱེན་གྱིས་འགོག་རྐྱེན་དེ་འདྲ་ཡོང་གི་ཡོད་པ་རེད་བསམ་གྱི་འདུག

 
   དྲི་བ། དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞི་མང་པོ་ཞིག་གསལ་བསྒྲགས་གནང་སྟེ། ད་ལྟ་སྔོན་འགྲོའི་འོས་བསྡུ་སླེབ་གྲབས་ཡོད་སྟབས། ཁྱེད་ཀྱིས་འོས་བསྡུ་ལས་ཁང་གིས་མང་ཚོགས་ཀྱི་འདོད་བློ་ཚིམ་པ་ཞིག་ལག་བསྟར་གནང་སོང་བསམ་པ་བྱུང་ངམ་ཡང་ན་འཐུས་ཤོར་ཕྱིན་སོང་བསམ་བྱུང་།

 
   ལན། དབུས་འོས་བསྡུ་ལས་ཁང་ངོས་ནས་སྐབས་བཅོ་ལྔ་པའི་བཀའ་ཤག་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་འདིར་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད་ཀྱང་། ངས་སྒྲིག་གཞི་དེ་ཚོ་བཟོས་པ་ལྟར་ལག་ལེན་བསྟར་བདེ་པོ་ཞིག་ཁྱོན་ནས་མཐོང་གི་མི་འདུག སྲིད་སྐྱོང་གི་འོས་མི་ལྟ་བུ་ཡིན་ན། ཧིན་སྒོར་འབུམ་བརྒྱད་དང་། སྤྱི་འཐུས་ཀྱི་འོས་མི་ཡིན་ན་ཧིན་སྒོར་འབུམ་གསུམ་ལས་གཏོང་ཆོག་གི་མེད་པ་གསུངས་ཡོད་ཀྱང་། རྩིས་ཁྲ་གང་འདྲ་བཟོ་མིན་གང་ཟག་སྒེར་སོ་སོར་ཡོད་སྟབས། ལག་ལེན་བསྟར་ཐུབ་པ་ཞིག་རེད་མི་འདུག ཕྱོགས་གཞན་ཞིག་ནས་འོས་མི་བྱེ་བྲག་པས་འོས་བསྡུའི་ཁྱབ་བསྒྲགས་བྱེད་ཆེད་༧གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་སོགས་བེད་སྤྱོད་གཏོང་ཆོག་གི་མེད་པ་གསུངས་ཡོད་ཀྱང་། འོས་མི་མང་པོ་ཞིག་གིས་༧གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་གི་ཡོད་སྟབས། ངས་མཚན་བདེ་སྤྱོད་བཏང་བ་དང་སྐུ་པར་བེད་སྤྱོད་བཏང་བ་གཉིས་བར་ཁྱད་པར་གང་ཡང་མེད་པ་འདྲ་པོ་མཐོང་གི་འདུག དེ་མིན་སྒྲིག་གཞི་བཟོས་པ་དེ་ཚོ་ཕྱག་བསྟར་གནང་ཐུབ་པ་ཞིག་ཡིན་ན། རྗེས་སུ་ཡིད་རངས་ཞུ་དགོས་པ་རང་ཡིན་ཡང་། ཕྱག་བསྟར་གནང་མ་ཐུབ་པ་ཡིན་ན་མི་མགོ་གྲུང་བ་གདེང་ཚོད་དང་སྤོབས་པ་ཡོད་པ་དེ་ཚོས་ག་རེ་གནང་གནང་འདྲ་པོ་ཆགས་ཏེ། ས་ཁུལ་མང་པོ་ཞིག་ཏུ་སེམས་ཁུར་ཆེ་བ་བྱེད་མཁན་ཚོར་སྐྱོན་འཛུགས་དང་། མི་ཉམ་ཆུང་བ་ཚོར་སྐྱོན་བརྗོད་བྱ་རྒྱུ་བྱེད་ཆོག་ཆོག་བདེ་པོ་ཆགས་ཡོད་འདུག  མ་འོངས་པར་འོས་བསྡུ་ལས་ཁང་གིས་སྒྲིག་གཞི་བཟོ་སྐབས་ཕྱག་བསྟར་དང་འགན་གང་འདྲ་འཁུར་ཐུབ་ས་རེད་བསམ་ནས་མ་བཟོས་ན། ད་ལྟ་ནང་བཞིན་ཆོ་མེད་པ་འདི་འདྲ་ཆགས་ཀྱི་རེད་བསམ་གྱི་འདུག

 
   དྲི་བ། ཁྱེད་རང་བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས། བོད་དོན་བདེན་མཐའ་མྱུར་ཏུ་སེལ་དགོས་ན། བོད་མིའི་སྒྲིག་འཛུགས་ནས་ཐབས་ལམ་གང་འདྲ་ཞིག་འཚོལ་དགོས་པ་རེད་བསམ་གྱི་འདུག

 
   ལན། ངས་ད་བར་བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་འཛོན་ཚོད་ལ་དཔག་པའི་འཐབ་རྩོད་དང་ཞིབ་འཇུག་བྱས་པར་གཞིགས་ན། ད་ལྟའི་ཆར་བོད་ཀྱི་བདེན་མཐའ་གསལ་དང་མི་གསལ་ཟེར་བ་དེ། རྒྱ་ནག་གི་སྟོབས་ཤུགས་ཉམས་དང་མ་ཉམས་ཤིག་ལ་རག་ལུས་ཡོད་པ་ལས། དབུ་མ་དང་རང་བཙན་གྱི་ལངས་ཕྱོགས་བཟུང་སྟེ་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་དོན་བྱ་རྒྱུ་གང་ཡང་མི་འདུག་བསམ་གྱི་ཡོད། དེར་བརྟེན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སྡོད་སྐབས། མ་འོངས་པར་རྒྱ་ནག་གི་སྟོབས་ཤུགས་ཉམས་ནས་བོད་ཀྱི་བདེན་མཐའ་སེལ་རྒྱུར་གོ་སྐབས་རག་སྐབས་གྲ་སྒྲིག་ཅིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ༧གོང་ས་མཆོག་གིས་བོད་ཟེར་མཁན་གྱི་འཐབ་རྩོད་དེ་མི་ཐོག་ཅིག་གི་འཐབ་རྩོད་མ་རེད། མི་རིགས་ཤིག་གི་འཐབ་རྩོད་ཅིག་ཡིན་སྐོར་གསུངས་ཡོད་སྟབས། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱིས་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཐོག་ནས་ལས་དོན་བསྒྲུབ་དགོས་པ་དེ། ད་ལྟ་སྔ་མ་དྲགས་ཀྱང་ཕྱི་དྲགས་ཡོད་མ་རེད་བསམ་གྱི་འདུག

 
  དྲི་བ། ཁྱེད་རང་བོད་དོན་ཆེད་སྐུ་ལུས་མེར་སྲེག་གནང་མཁན་ཞིག་ཡིན་པའི་ཆ་ནས། བོད་ཕྱི་ནང་གཉིས་ནས་སྐུ་ལུས་མེར་སྲེག་གནང་མཁན་གྱི་གྲངས་འབོར་ཐད་ཁྱད་པར་ཏོག་ཙམ་ཡོང་གི་ཡོད་པ་དེར་དགོངས་ཚུལ་ག་རེ་ཡོད། ཁྱེད་རང་གིས་ཕྱི་ལོ་ ༡༩༩༨ ལོ་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ག་ཚོད་ཅིག་གིས་སྐུ་ལུས་མེར་སྲེག་གནང་ཡོད་པར་ངོས་འཛིན་གནང་གི་ཡོད།

 
   ལན། བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་སྲེག་གནང་མཁན་གྱི་གྲངས་འབོར་དེ། བཀའ་ཤག་དང་གྲོས་ཚོགས་སོགས་ཀྱིས་ཉམས་ཞིབ་གནང་སྟེ། གྲངས་འབོར་མང་པོ་ཞིག་བཏོན་གནང་ཡོད་པ་རེད། ཁ་ཤས་ཀྱིས་ ༡༤༨ དང་འགའ་ཞིག་གིས་ ༡༣༧། ༡༤༠ ལྷག་ཙམ་གསུངས་ཀྱི་ཡོད་སྟབས། སོ་སོ་རང་ཉིད་ལྟ་བུར་མཚོན་ན་ད་བར་བོད་ནང་སྐུ་ལུས་མེར་སྲེག་གནང་མཁན་ ༡༤༨ བྱུང་བར་ངོས་འཛིན་ཞུ་ཡི་ཡོད། ཡིན་ཡང་ང་ཚོས་ཤེས་པ་དང་མ་ཤེས་པ་ག་ཚོད་ཡོད་མེད་བཙན་བྱོལ་སྤྱི་ཚོགས་ནང་ལ་གོ་ཐོས་མ་བྱུང་བའི་གྲངས་འབོར་ག་ཚོད་ཅིག་ཡོང་གི་ཡོད་མེད། བོད་ནང་དམ་དྲག་གི་རྐྱེན་པས་ད་ལྟའི་ཆར་ང་ཚོ་སུ་ཞིག་གིས་ཀྱང་ཚོད་དཔག་ཐིག་མ་ཐུབ་པ་ཞིག་རེད།  བཙན་བྱོལ་སྤྱི་ཚོགས་ནང་ཆ་བཞག་པ་ཡིན་ན། ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་གཙོས་པའི་རྒྱ་གར་ནང་མི་བཞི་དང་། བལ་ཡུལ་ནང་དགེ་འདུན་པ་གཉིས་བཅས་ང་ཚོ་ཁྱོན་མི་དྲུག་བྱུང་ཡོད་ཁོངས་ནས། ད་ལྟ་གསུམ་སྐུ་འཚོ་བཞུགས་ཐུབ་མེད་པ་རེད།

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese