མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོཊ་ཆེན་ཐེངས་གསུམ་པ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐོག་སེམས་ཁམས་འཁྲུག་རྐྱེན་དང་སེམས་ཁམས་བཅོས་ཐབས་གཉིས་བརྗོད་གཞི་གཙོ་བོར་བཟུང་སྟེ་ལག་ལེན་ཉམས་མྱོང་གི་ཤེས་བྱ་གང་མང་ཞིག་ཆོས་སྦྱིན་ཡོང་བའི་རེ་བ་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

 

Untitled-1དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་གོ་སྒྲིག་འོག སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སྨན་ཁང་ཁག་གི་གདན་ཞུས་སྐུ་མགྲོན་རྣམ་པ་དང་། དགོན་སྡེ་ཁག་གི་བླ་སྤྲུལ་རྣམ་པ། དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་དང་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་རྣམ་པ། གཞན་ཡང། ཕྱི་རྒྱལ་ཁག་ནས་ཡོང་བའི་ཚོགས་བཅར་བ་བཅས་མི་གྲངས་ ༤༠༠ མ་ཟིན་ཙམ་འཛོམས་འདུག

 

བགྲོ་གླེང་གི་ཐོག་མར་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པའི་དགོས་དམིགས་སོགས་ངོ་སྤྲོད་གནང་པ་དང་འབྲེལ། བགྲོ་གླེང་ཐེངས་དང་པོ་དང་གཉིས་པའི་བརྒྱུད་རིམ་དང་གྲུབ་འབྲས་སྐོར་ལ་ཁོང་གིས། བགྲོ་གླེང་ཐེངས་དང་པོའི་དམིགས་ཡུལ་ནི། ཕྱི་དངོས་པོ་ཁོ་ནར་བློ་ཁ་ཡོངས་སུ་ཕྱོགས་པའི་འགྲན་རྩོད་དང་འབྲེལ་བའི་ཚུལ་མིན་རྣམ་རྟོག་གི་ཤུགས་རྐྱེན་ལ་བརྟེན་ནས་སེམས་ཁམས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་ལྟར། སེམས་ཁམས་བདེ་སྲུང་དང་སེམས་ཁམས་ལེགས་བཅོས་གཙིགས་སུ་བཟུང་སྟེ་རྒྱ་ཁྱབ་ཀྱི་སློབ་གསོ་དང་ངེས་དོན་གྱི་ལག་ལེན་གཉིས་མངོན་འགྱུར་ཡོང་ཐབས་སུ། བོད་ལུགས་དང་ཕྱི་ལུགས་རིག་གཞུང་ཁག་གི་བཞེད་ཚུལ་ཕྱོགས་གཅིག་ཏུ་སྤུངས་ཏེ་རྒྱུས་ལོན་ཡང་དག་བྱས་པ་དང་། བགྲོ་གླེང་ཐེངས་གཉིས་པའི་དམིགས་ཡུལ་ནི། སེམས་ཁམས་འཕྲོད་བསྟེན་གྱི་བྱ་གཞག་ཡར་རྒྱས་གཏོང་ཐབས་དང་། ཕྱི་ནང་གི་རིག་གཞུང་འདྲ་མིན་གྱི་ལེགས་ཆ་བརྗེ་རེས། འགྲོ་བ་མིའི་སེམས་ཁམས་ལེགས་བཅོས་ཐད་ཆོས་ལུགས་འདྲ་མིན་དང་གསོ་རིག་འདྲ་མིན་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་འཚོལ་ཞིབ་བྱས་པ་ཡིན། དེ་རིང་བགྲོ་གླེང་ཐེངས་གསུམ་པའི་སྐབས་འདིར་སེམས་ཁམས་འཁྲུག་རྐྱེན་དང་སེམས་ཁམས་བཅོས་ཐབས་གཉིས་བརྗོད་གཞི་གཙོ་བོར་བཟུང་སྟེ་ལག་ལེན་ཉམས་མྱོང་གི་ཤེས་བྱ་གང་མང་ཞིག་ཆོས་སྦྱིན་ཡོང་བའི་རེ་བ་བྱེད་བཞིན་ཡོད་སྟབས། བགྲོ་གླེང་འདིར་གདན་འདྲེན་ཞུས་པའི་མཁས་དབང་རྣམ་པ་དང་། ཚོགས་བཅར་བ་ཡོངས་ཀྱིས་དགོངས་ཚུལ་ཅི་ཡོད་གནད་དོན་འདིར་སྨིན་ངེས་ཡིན་པའི་ཡིད་ཆེས་གཏིང་ཟབ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

 

DSC_8121སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ནང་ཆོས་ཀྱིས་མིའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུང་བཤད་གནང་དོན། དེ་རིང་གཙོ་བོ་སེམས་ཁམས་ཐོག་ལ་བགྲོ་གླེང་གནང་གི་ཡོད་སྟབས། ཏན་ཏན་མང་པོ་ཞིག་ལ་ཕན་ཐོགས་ཀྱི་རེད་དྲན་གྱི་ཡོད། ང་རང་གིས་དེའི་སྐོར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ཡོད་པ་མ་རེད་ཟེར་ན་སྐྱག་རྫུན་ཆགས་ཀྱི་ཡོད་པ་རེད། གོ་སྐབས་ཡོད་པ་རེད་དེ། ཡིན་ནའང་དུས་ཚོད་དེའི་སྒང་ལ་དམིགས་སུ་བཀར་ནས་བཏང་ཡོད་པ་མ་རེད། དེ་ནོར་འཁྲུལ་རེད། ང་རང་ཆུང་ཆུང་དུས་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་ཚོར་ཉན་གྱི་ཡོད་པ་དང་། སློབ་གྲྭའི་ནང་དུའང་ནང་ཆོས་སོགས་ལ་སློབ་སྦྱོང་བྱས་པ་ཡིན། རྗེས་སུ་སྤྱི་ཚོགས་ཀྱི་འགན་ཞིག་ཁུར་བསྡད་དུས། མི་མང་པོར་ཐུག་པ་དང་མཁས་དབང་མང་པོའི་ས་ནས་ཤེས་པ་དང་གོ་བའི་གོ་སྐབས་བྱུང་བའི་བརྒྱུད་རིམ་ལ་བརྟེན་ནས། ང་རང་སྒེར་གྱི་མི་ཚེར་ཆ་བཞག་པ་ཡིན་ནའང་། ཆུང་ཆུང་ཡིན་དུས་ནས་བསམ་བློའི་འཁྱེར་སོ་དང་འབྲེལ་བའི་ཐོག་ནས་སེམས་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་ཡོད་པ་དེ་ཏན་ཏན་གསལ་བོ་ཞིག་ཧ་གོ་ཡི་འདུག་ལ། དེ་བཞིན་ལུས་པོའི་བདེ་ཐང་ལའང་ཁྱད་པར་ག་འདྲ་ཞིག་འགྲོ་གི་ཡོད་མེད་དེ་ཚོ་ཡང་གང་ལ་གང་འཚམ་ཞིག་ཧ་གོ་ཐུབ་ཀྱི་འདུག ཅེས་སོགས་གསུངས་སོང་།

 

ཐེངས་འདིའི་བགྲོ་གླེང་གི་ཉིན་གྲངས་གསུམ་རིང་དོལ་པོ་སྤྲུལ་སྐུ་དང་བྱ་དོ་རིན་པོ་ཆེ་མཆོག་རྣམ་གཉིས་ནས་ནང་པའི་ལྟ་གྲུབ་སྐོར་ལ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་སྨན་རམས་པ་བསོད་ནམས་ལྷ་མོ་ལགས་དང་སྨན་རམས་པ་གནས་ཤར་རྡོ་རྗེ་རབ་བརྟན་ལགས་ནས་བོད་ཀྱི་གསོ་བ་རིག་པའི་སྐོར་དང་། རྩིས་རམས་པ་བསོད་ནམས་དཔལ་མོ་ལགས་དང་སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་གཉིས་ནས་བོད་ཀྱི་སྐར་རྩིས་རིག་པའི་སྐོར་ལ་གཏམ་བཤད་གནང་རྒྱུ་དང་། གཞན་ཡང་། སེམས་ཁམས་རིག་པའི་སྨན་པ་སྐུ་ཞབས་ཊི་རེ་ཨི་གྷན་ལགས་ཀྱིས་དེང་རབས་ཚན་རིག་དང་། ཕྱི་ལུགས་འབུམ་རམས་པ་ལྕམ་སོ་ནི་ཝུ་ཌན་ལགས་ཀྱིས་དེང་རབས་ཚན་རིག་སྐོར་ལ་གཏམ་བཤད་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༡ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. བཀྲ་ཤིས། says:
    ལོ་ 11 སྔོན།

    གཏིང་ཟབ་ལ་རྒྱ་ཆེ་བའི་ནང་དོན་རིག་པའི་གཏིང་སྔོག་ནས་ཚན་རིག་གི་སྙིང་བཅུད་བཏོན་པར་བསྔགས་བརྗོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese