མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྐབས་མཚམས་ལ་ཞུ་གཏུག་བྱས་པ་དེ་འཚམ་པོ་མཐོང་མ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་དངོས་གནས་བོད་པར་ཞེན་ཁོག་ཡོད་པ་ཡིན་ན། མ་འོངས་པར་ལམ་སྟོན་བྱེད་དགོས་པ་ལས་སྐྱོན་བརྗོད་སོགས་ཀྱི་ལམ་ཀར་ཕྱིན་པ་ཡིན་ན་ཚགས་ཚུད་པ་དེ་མ་ཚུད་པ་བཟོ་བའི་ཉེན་ཡོད་པ་རེད་ཟེར།

 

Sonam Choephelཉེ་སྔོན་ཨ་རི་དང་སུད་སི། སི་པིན། དབྱིན་ཇི། ཧྥ་རན་སི། འཇར་མན། ཁ་ན་ཌ་སོགས་རྒྱལ་ཁབ་ ༡༢ ཙམ་གྱི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign for Tibet)སོགས་ཀྱི་འགན་འཛིན་ཟུར་པ་དང་ལས་ཐོག ཚོགས་མི་དང་བོད་རིག་པ་བ་བཅས་མི་གྲངས་ ༢༧ ཙམ་གྱིས་རྒྱབ་སྐྱོར་མཚན་རྟགས་འཁོད་ཡོད་ཚུལ་འཁོད་པའི་སྙན་ཞུ་ཞིག་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་དང་བཀའ་ཤག་ལ་ཕུལ་ཡོད་འདུག

 

ཞུ་སྙན་དེའི་ནང་དོན་གཙོ་བོ་ཉེ་ལམ་དབུས་འོས་བསྡུ་ལྷན་ཁང་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པ་དང་། བཀའ་ཤག་སྐབས་ ༡༥ པའི་འོས་བསྡུའི་ལས་རིམ་སྐོར་ལ་སྒྲིག་གཞི་གསར་པ་ཞིག་གསལ་བསྒྲགས་བསྐྱངས་པ་དེ་དམངས་གཙོའི་འགྲོ་ལུགས་དང་མཐུན་གྱི་མེད་སྐོར་འཁོད་དང་། གནད་དོན་དེའི་ཐད་སྔོན་འགྲོའི་འོས་བསྡུའི་གོང་དུ་གསལ་བཤད་དགོས་སྐོར་སོགས་བཀོད་འདུག

 

འདི་གའི་གསར་འགོད་པས་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ལ་གོང་གི་སྙན་ཞུ་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། ཡི་གེ་དེ་འདྲ་ཞིག་ང་ཚོར་འབྱོར་སོང་། ཡིན་ནའང་སྙན་ཞུ་དེར་ཁོ་རང་ཚོས་མཚན་རྟགས་བསྐྱོན་ཡོད་པ་རེད་ཟེར་བ་མ་གཏོགས་མཚན་རྟགས་བསྐྱོན་ཡོད་པའི་ཡི་གེ་ང་ཚོས་མཐོང་མེད་སྟབས། ཁོང་ཚོས་ལབ་པ་ནང་བཞིན་ང་ཚོས་ལན་འདེབས་བྱེད་དགོས་པ་ཞིག་ལ་མཐོང་གི་མི་འདུག གང་ཡིན་ཟེར་ན། ང་ཚོ་འོས་བསྡུའི་ཁྲིམས་དང་སྒྲིག་གཞིར་འགལ་ནས་ནོར་འཁྲུལ་ཡོད་ན་ནོར་བ་ངོས་ལེན་བྱེད་དགོས་པ་རེད། ཡིན་ནའང་། ང་ཚོས་སྒྲིག་གཞི་དང་འགལ་བའི་ལས་ཀ་ཅི་ཡང་བྱས་ཡོད་པ་མ་རེད། ཕར་ཕྱོགས་དེའི་འདོད་པ་ཁེངས་དང་མ་ཁེངས་ཀྱི་ཐོག་ནས་ཡོངས་ཁྱབ་བཟོས་ཡོང་གི་ཡོད་པ་ཡིན་ན། དེ་ཁོ་རང་ཚོའི་རང་དབང་རེད། འོན་ཀྱང་། དེ་ལ་ལན་རྒྱག་དགོས་ཀྱི་ཡོད་དང་མེད་ང་ཚོས་བསམ་གཞིག་བྱེད་དགོས་པ་ཞིག་རེད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ། སྤྱིར་བཏང་ང་ཚོས་གནད་དོན་དེའི་སྐོར་ལ་བཀའ་བསྡུར་གནང་རྒྱུ་ལྷག་བསྡད་ཡོད་པ་རེད། གལ་སྲིད་འོས་བསྡུ་དང་འབྲེལ་བའི་ཐོག་ནས་གསལ་བཤད་དེ་འདྲ་ཞུ་དགོས་ཁེལ་ན། སྔོན་འགྲོའི་འོས་བསྡུ་ཚར་བའི་རྗེས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐུངས་ཏེ་གསལ་བཤད་བྱ་རྒྱུ་ཡིན། སྤྱིར་བཏང་ཁོ་རང་ཚོར་དེ་འདྲའི་དགོངས་ཚུལ་ཡོད་ན། སྔ་ས་ནས་དབུས་འོས་བསྡུ་ལས་ཁུངས་ལ་སྐད་ཆ་དྲིས་ན་འགྲིག་གི་རེད་ལ། འཛིན་སྐྱོང་བཀའ་ཤག་ལའང་སྙན་ཞུ་ཕུལ་ན་མ་འགྲིག་པ་ཡོད་པ་མ་རེད། ཡིན་ནའང་། འོས་བསྡུའི་ལས་རིམ་མགོ་བཙུགས་པའི་དུས་ཚོད་དང་བསྟུན་ཏེ། ཞུ་གཏུག་བྱེད་ཡོང་བ་དེ་ང་ཚོའི་ངོས་ནས་འཚམ་པོ་ཞིག་ཏུ་མཐོང་གི་མི་འདུག ཅེས་གསུངས་སོང་།

 

སྙན་ཞུའི་ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་རྣམས་རྒྱལ་སྤྱིའི་འོས་བསྡུའི་འགྲོ་ལུགས་དང་མཐུན་གྱི་མེད་སྐོར་བརྗོད་པ་དེར་ཁོང་གིས། རང་དབང་ཡོད་པའི་རྒྱལ་ཁབ་ཀྱི་འོས་བསྡུའི་འགྲོ་ལུགས་དང་ང་ཚོའི་འོས་བསྡུའི་འགྲོ་ལུགས་གཉིས་ཏག་ཏག་ཅིག་མཐུན་གྱི་ཡོད་པ་མ་རེད། ང་ཚོས་ང་རང་ཚོར་དཔག་པའི་རན་པ་དང་འཚམ་པ་ཞིག་གི་ཐོག་ནས་ལམ་སྟོན་བྱས་པ་ཞིག་རེད། ཡིན་ནའང་། རིམ་པས་ཡར་རྒྱས་གཏོང་བར་མང་ཚོགས་ནང་བསམ་ཚུལ་ག་རེ་ཡོང་གི་འདུག དེ་བཞིན་སྒྲིག་འཛུགས་དང་མཁས་དབང་རྣམ་པར་བསམ་ཚུལ་ག་རེ་ཡོང་གི་འདུག བསམ་ཚུལ་དེ་ཚོ་ཡར་བསྡུས་ཏེ་སྒྲིག་གཞིར་བསྐྱར་བཅོས་དང་གསར་འཇུག་བྱེད་པའི་ལམ་ཁ་དེ་ཡོད་དང་ཡོད་བཞིན་པ་ཞིག་ཡིན་སྟབས། དངོས་གནས་ཞེན་ཁོག་ཡོད་པ་ཡིན་ན། མ་འོངས་པར་ང་ཚོར་སྒྲིག་གཞི་འདི་ཚོའི་ནང་འདི་འདྲ་འདི་འདྲ་དགོས་པ་རེད། འདི་འདྲ་འདི་འདྲ་བྱུང་ན་ཡག་པོ་ཡོད་པ་རེད་ཅེས་ལམ་སྟོན་བྱེད་པར་ང་ཚོས་རེ་བ་རྒྱག་གི་ཡོད། དེ་ལས་ལྡོག་སྟེ་ང་ཚོར་སྐྱོན་བརྗོད་སོགས་ཀྱི་ལམ་དུ་ཕྱིན་ན། ཚགས་ཚུད་པ་དེ་ཚགས་མ་ཚུད་པའི་ལམ་ཁར་འགྲོ་བའི་ཉེན་ཁ་ཡོད་སྟབས། ང་ཚོ་ཏོག་ཙམ་བློ་ཕམ་ཡོང་གི་འདུག ཅེས་བརྗོད་བྱུང་།

 

བཀའ་ཤག་དང་དབུས་འོས་བསྡུ་ལས་ཁང་སོགས་ལ་ཕུལ་བའི་སྙན་ཞུའི་ནང་། ང་ཚོས་༧གོང་ས་མཆོག་གི་མཛད་པ་དང་དེ་བཞིན་ཁོང་གི་ལས་འཁྱུར་སྐབས་ཀྱི་གསུང་འཕྲིན་དེའི་གལ་ཆེའི་རང་བཞིན་ལ་ཧ་ཅང་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་ཅིང་། གསུང་འཕྲིན་དེའི་ཁོངས་སུ་བཙན་བྱོལ་གཞུང་གི་ལས་འགན་སྒྲུབ་རྒྱུ་ཙམ་ཞིག་མ་ཡིན་པར་ཡུན་རིང་མནར་གཅོད་འོག་ཡོད་པའི་བོད་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཇེ་ལེགས་སུ་ གཏོང་བའི་ཆེས་མཐོའི་འོས་འགན་ཅན་གྱི་ལས་སྣེའི་འོས་འདེམས་ལ་བཙན་བྱོལ་བོད་མི་ མི་རེ་ངོ་རེ་བཞིན་གྱིས་དྲང་བདེན་དང་རང་དབང་གི་ཐོག་ནས་ཆ་ཤས་ལེན་པའི་ཐོབ་ཐང་ ཡོད་པ་དེ་ཡང་འདུས་ཡོད་པ་ཡིན། ལྷག་དོན་དུ་བོད་མི་ཚང་མ་ལ་བོད་ཀྱི་འབྱུང་འགྱུར་སྐོར་ལ་བསམ་ཚུལ་འཛིན་པ་དང་ཤོད་པའི་ཐོབ་ཐང་ཡོད་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། ཅེས་སེམས་འཚབ་ཡོད་པའི་གནས་ཚུལ་ཁག་ཅིག་བཀོད་པའི་ནང་།

 

དབུས་འོས་བསྡུ་ལས་ཁང་ནས་ཉེ་ཆར་སྒྲིག་གཞི་ཞིག་སྤེལ་པ་དེས་འབྱུང་འགྱུར་བཙན་བྱོལ་ བོད་མིའི་འོས་འདེམས་ཁྲོད་སྨྲ་བརྗོད་རང་དབང་དང་། དེ་བཞིན་ཚོགས་སྡེ་དང་སྒེར་གྱི་འདུ་འཛོམས་ཐོབ་ཐང་ལ་ཚད་འཛིན་བྱས་འདུག སྒྲིག་གཞི་དེའི་ནང་དུ་དམིགས་བསལ་བ་གཅིག་མ་གཏོགས་གཞན་རང་དབང་ཅན་གྱི་ཚོགས་ པའམ་གང་ཟག་སྒེར་ངོས་ནས་སྐད་འབོད་ལས་དོན་སྤེལ་རྒྱུ་ལ་མ་དངུལ་གཏོང་བའམ་དྲིལ་ བསྒྲགས་བྱེད་རྒྱུ་ལའང་ཚད་བཀག་བྱས་ཡོད་པ་ཚུད་ཡོད། ཚད་བཀག་བྱས་པ་འདི་དག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲོད་དུ་བཞག་ཡོད་ པའི་རྒྱལ་སྤྱིའི་ཡོངས་གྲགས་འགྲོ་བ་མིའི་ཐོབ་ཐང་དང་མི་མཐུན་པ་ཆགས་ཡོད།

 

སྒྲིག་ གཞིའི་འོག་ནས་དམིགས་བསལ་སྤྲད་པའི་ཚོགས་སྡེ་ཁག་གི་རང་འདོད་ཐོ་གཞུང་དེ་ནི་ བཀའ་ཤག་གིས་བཟོས་ཤིང་། འདིས་ད་ཡོད་དབུ་ཁྲིད་དག་ལ་འོས་འདེམས་ཀྱི་ཁེ་ཕན་ཆེན་པོ་སྤྲོད་ཀྱིན་འདུག ཐོ་དེའི་ནང་མ་མཐའ་ལའང་ཚོགས་པ་གཅིག་གིས་ཡོངས་གྲགས་ཀྱི་ཐོག་ནས་ད་ཡོད་ཀྱི་དབུ་ ཁྲིད་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་བཀོད་འདུག

 

ཡང་ སྙན་ཞུའི་ནང་། འོས་བསྡུ་ལས་ཁང་གི་སྒྲིག་གཞི་དེར་གསལ་ཁ་མེད་པའི་དགག་བྱའི་སྐོར་འཁོད་པ་དེས་ གང་འདོད་ཀྱིས་དེ་ལ་འགྲེལ་བརྗོད་བྱེད་པའམ་ཕྱིས་འབྱུང་སྔོན་ཁྲིམས་ལ་ཁག་དཀྲི་ བྱེད་པའི་གོ་སྐབས་སྤྲད་ཡོད། དཔེར་ན་ཁྲིམས་གཞི་འདི་དག་གིས་སྐྱེ་བོ་སུ་ཞིག་གིས་ “གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་” དང་ཡང་ན། “སྤྱི་ཚོགས་བཅས་ཁྲོད་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་ རྐྱེན་སློང་” བཟོ་བ་བཀག་ཡོད་མོད། མིང་ཚིག་དེ་ལྟ་བུ་ལ་འགྲེལ་བརྗོད་བྱས་མེད་ལ། དེ་དག་ཐག་གཅོད་ཇི་ལྟར་བྱེད་རྒྱུ་ཡིན་པའི་སྐོར་ཡང་བཤད་མེད། སྒྲིག་འགལ་བྱུང་ན་འོས་མི་བྱེ་བྲག་པ་༼འོས་མི་དེས་ལས་ཀ་དེ་དག་བྱས་ཀྱང་རུང་མ་ བྱས་ཀྱང་རུང་༽ གང་དེར་བྱ་བ་དེ་འདྲ་ལ་བརྟེན་ནས་ཐོབ་པའི་འོས་ཤོག་ཡོད་ཚད་རྩིས་མེད་དང་ངོས་ ལེན་མེད་པ་ཡིན་པར་བསྒྲགས་རྒྱུ་དེའང་འོས་བསྡུ་ལས་ཁང་གི་འདོད་དབང་ཁོ་ན་ལ་ཡོད། ད་དུང་སྒྲིག་གཞི་འདིའི་ཧ་ཅང་གསལ་ཁ་མེད་པ་དང་ཕྱོགས་ཞེན་ཅན་གྱི་རྗོད་པ་འདིས་ དམངས་གཙོའི་བགྲོ་གླེང་དང་ཕྱོགས་འགལ་གླེང་བའི་སྤོབས་པ་ཞུམ་དུ་འཇུག་པའི་ཉེན་ ཁ་བཟོ་ཡི་ཡོད།

 

ད་ ཕན་མ་མཐའ་ལའང་ད་ཡོད་སྲིད་སྐྱོང་མིན་པའི་འོས་མི་ཞིག་གི་ངོས་ནས་འོས་བསྡུ་ལས་ ཁང་ལ་བསམ་འཆར་ཞུས་ཡོད་པ་རེད་ལ། དེ་ཡང་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་སྡིངས་ཆ་དེ་འོས་འདེམས་སྐད་འབོད་ཆེད་ སྤྱོད་མི་ཆོག་ཅེས་པ་དེ་ལ་ད་ཡོད་སྲིད་སྐྱོང་ལས་ཐོག་པས་རྒྱབ་འགལ་བྱས་སྐོར་ བཤད་ཡོད་ལ། འོས་བསྡུ་ལས་ཁང་ལ་སྒྲིག་འགལ་ཡོད་ཚད་ལ་ལྟ་རྟོག་བྱེད་པའི་མཐུན་རྐྱེན་མེད་པ་ དང་། འོས་བསྡུ་ལས་ཁང་གི་ལས་འདེབས་ཀྱིས་འདམ་གསེས་བྱས་ཏེ་སྒྲིག་གཞི་ལག་བསྟར་བྱེད་ སྲིད་པའི་ཉེན་ཁ་ཡོད་པ་བསྟན་ཡོད། ཅེས་དང་། འོས་བསྡུའི་སྒྲིག་གཞི་རྣམས་གཏན་འབེབས་ཡོངས་བསྒྲགས་མ་གནང་གོང་མི་མང་གི་བསམ་ ཚུལ་བསྡུ་ལེན་དང་། སྒྲིག་གཞི་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་འགྲོས་དང་མཐུན་གྱི་ ཡོད་མེད་ཐད་རང་དབང་ཅན་གྱི་ཁྲིམས་ལུགས་ཞིབ་བཤེར་བརྒྱུད་ངེས་གཏན་བཟོས་མེད་ སྐོར་སོགས་བཀོད་འདུག

 

སྙན་ ཞུའི་མཇུག་ཏུ། ང་ཚོའམ་འཛམ་གླིང་ཁྱོན་ཡོངས་ཀྱི་མི་སྣ་གཞན་མང་པོས་མུ་མཐུད་ནས་བོད་དོན་རྒྱབ་ སྐྱོར་བྱེད་རྒྱུ་དེ་ནི། ༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ཁྲོད་དུ་དམངས་གཙོའི་ལམ་ལུགས་ བཙུགས་པའི་འབད་བརྩོན་གྱི་མཛད་པ་དེའི་ལག་ལེན་དང་དགོངས་པ་གཉིས་ཀ་ལ་དབུས་བོད་ མིའི་སྒྲིག་འཛུགས་ཀྱིས་བཀའ་བརྩི་དང་ལེན་བྱེད་མིན་དེ་ལ་གཞི་བཅོལ་ཡོད་ཅིང་། དེ་ཡང་རང་དབང་དང་དྲང་བདེན། རིས་སུ་མ་བཅད་པའི་འོས་འདེམས་ཀྱི་བརྒྱུད་རིམ་ལ་མི་དམངས་ཀྱི་བློ་འགེལ་ཡིད་ གཙང་མ་ཞིག་བྱས་ཡོད་པ་དེས་ཁྱད་པར་དུ་ཕྱེས་པ་དེ་ལ་གཞི་བཅོལ་ཡོད། ང་ཚོས་སྐུ་ཉིད་ཀྱིས་གོང་བཀོད་ང་ཚོའི་སེམས་འཚབ་ཚང་མ་ལ་གང་མགྱོགས་ ༼ སྔོན་འགྲོའི་འོས་འདེམས་ཀྱི་ཡར་སྔོན་ལ་ ༽ བཟང་ཕྱོགས་ཀྱི་ལན་རེ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་བཀོད་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. དྲང་བདེན། says:
    ལོ་ 10 སྔོན།

    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign for Tibet) ཟེར་བ་དེ་སྐྱག་པ་འདྲ་ཞིག་ཡིན་འགྲོ། མིང་ཆེ་ཐག་ཆོད་ཅིག་འཁུར། བོད་པའི་ནང་དཀྲུག་ཤིང་དང་ཕྱོགས་རེས་རྐྱང་བྱས་པ་མ་གཏོགས། ད་བར་བོད་པའི་རྩ་དོན་ལ་ཕན་པའི་ལས་ཀ་ཞིག་བྱས་མྱོང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese