མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལའི་འོས་བསྡུ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་འདུས་སྡོད་བྱེད་སའི་ཕྱི་རྒྱལ་གྱི་ཡུལ་གྲུ་དང་རྒྱ་གར་དང་འབྲུག་བཅས་ཀྱི་ས་ཁུལ་ཁག་ཏུ་ཉིན་བརྒྱ་དུས་གཅིག་ལ་སྐབས་བཅོ་ལྔ་པའི་བཀའ་ཤག་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་ཅིང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་དྷ་ས་གཙུག་ལག་ཁང་གི་འོས་བསྡུའི་ས་ཚིགས་སུ་བཞུགས་སྒར་ཁུལ་གྱི་བོད་མི་ཚོ་འཚང་ཁ་ཤིག་ཤིག་གིས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པར་འདུ་འཛོམས་གནང་སོང་།

WeChat_1445172681གཙུག་ལག་ཁང་གི་རྭ་བའི་གཡས་ཕྱོགས་སུ་མདོ་སྟོད་ཆོལ་ཁ་དང་། གཡོན་ཕྱོགས་སུ་དབུས་གཙང་དང་མདོ་སྨད་ཆོལ་ཁའི་འོས་བསྡུའི་སྤྱིལ་བུ་བཟོས་འདུག་ལ། དབུས་སུ་འོས་སྒམ་གསུམ་བཞག་ཡོད་པའི་ནང་ཆོལ་ཁ་གསུམ་དབྱེར་མེད་ཀྱི་འོས་འཕེན་པ་ཚོས་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་ཤོག་འཕེན་ཡུལ་བཟོས་འདུག ཐེངས་འདིའི་འོས་ལྡུག་མཁན་མང་ཤོས་དབུས་གཙང་ཆགས་འདུག་ལ། ཐོ་འགོད་བྱེད་མཁན་ཡང་གླིང་སྐོར་གྱི་ནུབ་ལམ་བར་ཟིན་འདུག དེ་བཞིན། མདོ་སྟོད་ལའང་བང་རིང་པོ་ཞིག་བསྒྲིགས་འདུག་པ་དང་། ལྷག་པར་དུ་མདོ་སྨད་ཆོལ་ཁར་སྐབས་སྔོན་མ་དག་ལས་འོས་འཕེན་པ་མང་དུ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་འདུག

ད་ལོར་དྷ་ས་ཁུལ་དུ་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་བོད་མི་ཁྲི་གཅིག་ལྷག་བྱུང་ཡོད་པའི་ཁྲོད་ནས་མི་ ༦༠༠༠ ལྷག་དབུས་གཙང་དང་། མི་ ༢༥༠༠ ནས་ ༣༠༠༠ བར་མདོ་སྟོད། མི་ ༡༠༠༠ ལྷག་མདོ་སྨད་ཆགས་ཡོད་ཅིང་། འོས་བསྡུའི་ས་ཚིགས་ཁག་ ༡༠ ཙམ་གོ་སྒྲིག་བྱས་ཡོད་པ་དག་ནི། གངས་སྐྱིད་མཆོད་རྟེན་ཐང་དང་། དྷ་ས་གཙུག་ལག་ཁང་། དྷ་སྟེང་བོད་ཁྱིམ་དང་དྷ་ཤོད་བོད་ཁྱིམ། ནོར་གླིང་། ས་ར། ཤུག་གསེབ། གྷོ་པལ་པུར། བརྒྱུད་བསྟོད། ཤེས་རབ་དགའ་ཚལ་སློབ་གླིང་བཅས་རེད།

ད་རེབ་མདོ་སྟོད་སྨད་ཀྱི་མི་མང་རྒན་དར་གཞོན་གསུམ་མང་ཆེ་བ་ཕེབས་ཐུབ་ཡོད་ཀྱང་། དབུས་གཙང་ཆོལ་ཁའི་ཁོངས་ནས་མི་རབས་རྒན་པ་དང་གཞོན་པ་མ་གཏོགས། མི་རབས་འབྲིང་བ་མང་ཆེ་བ་དགུན་དུས་ཀྱི་བལ་གོས་འཚོང་བར་ཕྱིན་ཡོད་སྟབས། དར་མའི་མི་རབས་མང་ཆེ་བས་འོས་ཤོག་ལྡུག་ཐུབ་མེད་སྐོར་གླེང་མཁན་འདུག

ཐེངས་འདིར་འོས་བསྡུ་ལས་ཁང་གིས་འོས་བསྡུའི་ས་ཚིགས་ཁག་ཏུ་ལས་བྱེད་དང་ལྟ་རྟོགས་བྱེད་མཁན་མང་པོ་གོ་སྒྲིག་ཞུས་ཡོད་ཀྱང་། འོས་བསྡུའི་སྒྲིག་གཞིའི་ནང་གང་ཟག་ཅིག་གིས་ཡིག་རྨོངས་པ་གཅིག་ལ་མ་གཏོགས་ཡི་གེ་འབྲི་རོགས་བྱེད་མི་ཆོག་པ་གསལ་ཡོད་ཀྱང་། མདོ་སྟོད་དང་དབུས་གཙང་གི་འོས་བསྡུའི་སྤྱིལ་བུའི་ནང་མི་གཅིག་གིས་མི་གཞན་མང་པོར་ཡི་གེ་འབྲི་རོགས་བྱེད་མཁན་བྱུང་ཡོད་ཀྱང་། དེ་ལ་སྟངས་འཛིན་འགག་འགོག་བྱེད་མཁན་མི་འདུག

དེ་རིང་གི་འོས་བསྡུའི་ས་ཚིགས་སུ་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ཕེབས་འདུག་ལ། བཙན་བྱོལ་བོད་མིའི་འོས་བསྡུར་རྟོག་ཞིབ་ཆེད། ཨེ་ཤ་ཡའི་འགྲོ་བ་མའི་ཐོབ་ཐང་དང་དམངས་གཙོའི་སྒྲིག་འཛུགས་ཁག་ཅིག་གི་སྐུ་ཚབ་ཀྱང་ཕེབས་འདུག ད་རེབ་ཀྱི་འོས་བསྡུའི་སྟེང་སྲིད་སྐྱོང་འོས་མི་ ༥ བྱུང་ཡོད་པ་ལས། བློ་བཟང་སེང་གེ་མཆོག་དང་བཀྲ་ཤིས་སྟོབས་རྒྱལ། ཨ་ཚོགས་ཀླུ་མཁར་བྱམས་གསུམ་དྷ་རམ་ས་ལའི་འོས་བསྡུའི་ནང་ཞུགས་ཡོད།

སྐབས་དེར་གསར་འགོད་པས་འོས་འཕེན་པ་ ༡༠༠ ལ་སྲིད་སྐྱོང་གི་འོས་མི་སུ་ལ་འོས་བླུགས་ཡོད་མེད་དྲིས་པར། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ ༤༩ དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ ༤༨ ། བཀྲ་ཤིས་དབང་འདུས་ལགས་སུ་ ༢ ། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་ ༡ ། བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་ལྡུག་མཁན་གཅིག་ཀྱང་བྱུང་མི་འདུག

IMG_2859(1)གསར་འགོད་པས་འོས་བསྡུའི་ས་ཚིགས་སུ་སྲིད་སྐྱོང་གི་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་བསྡུ་འདི་གནད་འགག་གང་འདྲ་ཆགས་ཡོད་མེད་དང་། སྲིད་སྐྱོང་གི་རྒྱལ་ཁ་འཐོབ་རྒྱུའི་གདེང་ཚོད་ག་ཚོད་ཡོད་དྲིས་པར་ཁོང་གིས། འོས་བསྡུ་འདི་གནད་འགག་ཆགས་ཡོད་སྟབས། ད་ནང་ཞོགས་པ་ནས་མི་ཚང་མ་འཚང་ཀ་ཤིག་ཤིག་བྱས་ནས་འོས་ལྡུག་པར་ཡོང་ཡོད་པ་མ་ཟད། ང་རང་ཡིན་ཡང་ནང་མི་ཆ་ཚང་ཁྲིད་ནས་ཡོང་བ་ཡིན། འོས་བསྡུ་འདི་ལོ་ལྔ་རེའི་མཚམས་སུ་སླེབ་ཀྱི་ཡོད་སྟབས། གནད་འགག་ཆགས་ཡོད་པ་རེད། གནད་འགག་ག་རེ་རེད་ཟེར་ན། གཅིག་ནས་ཆབ་སྲིད་ཀྱི་ཚོར་བ་རེད། མི་མང་ལ་ཆབ་སྲིད་ཀྱི་ཚོར་བ་དགོས་ཀྱི་ཡོད་སྟབས། ཁྱབ་ཆེ་ཆུང་ལ་མ་ལྟོས་པར་མི་སྡེའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོར་བ་ཡོད་བསྡད་པ་ཞིག་རེད། གཉིས་ནས་དེ་དང་མཉམ་དུ་རེ་བ་གཅིག་དང་དམིགས་ཡུལ་གཅིག་ཡོད་སྟབས། ཕྱོགས་གང་ཐད་ནས་བལྟས་ཀྱང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ད་ལྟའི་སྐབས་ལ་ང་ལ་རྒྱལ་ཁ་འཐོབ་མིན་ཞུ་ཚོད་ཐིག་གི་མི་འདུག་ཀྱང་། ད་ནང་ཞོགས་པ་ནས་བཟུང་ང་སྣང་བ་སྐྱིད་པོ་འདུག ཅེས་བརྗོད་བྱུང་།

IMG_2838ཡང་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་སྲིད་སྐྱོང་འོས་མི་སུ་ལ་འོས་བླུག་ཡོད་མེད་དང་ཁོང་ལ་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པར་གདེང་ཚོད་ཡོད་མེད་དྲིས་པར་ཁོང་གིས། འོས་ལྡུག་རྒྱུ་དེ་ང་རང་གིས་ང་རང་ལ་བླུགས་པ་ཡིན། ང་རང་གི་གདེང་ཚོད་དེ་ང་རང་གིས་ཧ་གོ་ཡི་རེད། གདེང་ཚོད་མེད་ན་ངས་ང་རང་ལ་འོས་བླུག་གི་མ་རེད། འོས་བླུག་སྐབས་ང་ལ་ཚོར་སྣང་ག་རེ་བྱུང་ཟེར་ན། མི་མང་གིས་དམངས་གཙོ་ཟེར་བ་འདི་ག་ཚོད་ཅིག་ཁས་ལེན་མིན་དང་། དེ་བཞིན་ཤེས་ཡོན་དང་ཆབ་སྲིད་ཀྱི་དབྱེ་བ་དེ་ཕྱེ་ཐུབ་ཡོད་དང་མེད་ཟེར་བ་འདི་གཉིས་ཆགས་ཡོད་སྟབས། ཆབ་སྲིད་དང་ཤེས་ཡོན་གྱི་དབྱེ་བ་ཕྱེ་ཐུབ་ན་ང་ལ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་། ད་དུང་ཤེས་ཡོན་དང་ཆབ་སྲིད་གཉིས་དབྱེ་བ་འབྱེད་མ་ཐུབ་པར་ག་རེ་ཡིན་ཡང་རྡོག་རྡོག་དེ་ཤེས་ཡོན་རེད་ལབ་ན་དེ་ཚོད་ཀྱིས་བསམ་བློ་གཏོང་སྟངས་ལ་ཁྱད་པར་འགྲོ་ཡི་རེད། ད་ཐེངས་སྔོན་འགྲོའི་འོས་བསྡུའི་སྐབས་ང་ལ་འོས་ཤོག་ག་ཚོད་འཐོབ་མིན་དེ་མང་ཚོགས་ལ་བསམ་བློའི་གོ་རྟོགས་གང་འདྲ་ཡོད་མིན་ལ་རག་ལས་ཡོད་པ་རེད། ང་ལུག་རྫི་ཞིག་ཡར་ལངས་པ་དེས་མང་ཚོགས་ལ་དམངས་གཙོའི་གོ་རྟོགས་ཡག་པོ་ཞིག་སྤེལ་ཡོད་བསམ་གྱི་ཡོད་པ་ལྟར། དེ་མཚུངས་མང་ཚོགས་ལའང་ཚོར་སྣང་དེ་བྱུང་ཡོད་ན་ང་ལ་འོས་ཡག་པོ་རག་དགོས་རྒྱུ་རེད། ཅེས་བརྗོད་བྱུང་།

མང་ཚོགས་འོས་འཕེན་པ་ཞིག་ལ་མི་སུ་ལ་སྲིད་སྐྱོང་གི་འོས་ཤོག་བླུགས་པར་དྲིས་པར་ཁོང་གིས། ངས་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་མ་བྱས་པའི་ཐོག་ནས་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བླུགས་པ་ཡིན། གང་ཡིན་ཟེར་ན། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མི་ཚེ་གང་ཚང་བོད་སྤྱི་པའི་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད། མི་དྲང་པོ་དང་གཡོ་ཟོལ་མེད་པ་དྲང་ཚུགས་བརྟན་པོ་འཛིན་མཁན་ཞིག་ཡིན་སྟབས། ང་རང་གིས་སྲིད་སྐྱོང་གི་འོས་མི་དེ་ཁོང་ལས་གཞན་སུ་ཡང་མེད་པར་མཐོང་གི་ཡོད། ཅེས་བརྗོད་སོང་།

ཡང་དབུས་གཙང་གི་འོས་འཕེན་པ་ཞིག་ལ་སྤྱི་འཐུས་འདེམས་སྐབས་དཀའ་ངལ་གང་བྱུང་དང་། སྲིད་སྐྱོང་སུ་བདམས་སྐོར་དྲིས་པར་ཁོང་གིས། སྤྱི་འཐུས་འོས་མི་མང་པོ་ཞིག་ཆགས་ཡོད་སྟབས། ཁ་ཤས་ཀྱི་ད་ལྟའི་སྡོད་གནས་དང་ལས་གནས་མ་ཤེས་པའི་དབང་གིས་འོས་ལྡུག་སྐབས་དཀའ་ངལ་འཕྲད་བྱུང་། ངས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་བླུགས་པ་ཡིན། ཁོང་ལོ་ཆུང་ཆུང་ཡིན་ཡང་དཀའ་ལས་མང་པོ་ཞིག་བརྒྱབ་ནས་གཞུང་གི་ལས་དོན་བསྒྲུབས་སོང་བསམ་ནས་འོས་བླུགས་པ་ཡིན། ཞེས་བརྗོད་བྱུང་།

བོད་མི་གཞན་ཞིག་ལ་སྲིད་སྐྱོང་སུར་བླུགས་པ་དང་བླུགས་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། ངས་བཀྲ་ཤིས་དབང་འདུས་ལགས་སུ་བླུགས་པ་ཡིན། གང་ཡིན་ཟེར་ན། ང་མངའ་རིས་ཡིན་སྟབས་མངའ་རིས་ཀྱི་དབུས་ས་གཉིས་ཀྱིས་མིང་འདོན་ཞུས་པའི་སྲིད་སྐྱོང་འོས་མིར་རྒྱབ་སྐྱོར་བྱས་ནས་འོས་ཤོག་བླུགས་པ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. གཅན བཟོད་རྒྱམ། says:
    ལོ་ 11 སྔོན།

    སྤྱིར་བཏང་བརྒྱ་ཆའི་ཆ་ནས་སྔོན་དཔག་བྱེད་སྟངས་དེ་འདྲ་རེད། ཡག་པོ་འདུག

    ཨོ་རེད། དུས་བབ་ཚང་ལ་འདྲི་རྒྱུ་ཞིག་འདུག ཁྱེད་ཚང་ན་སྲིད་སྐྱོང་འོས་མི་ལྔ་བོར་འོས་འཕེན་ས་ཞིག་བཟོས་འདུག ངས་བདུན་ཕྲག་གསུམ་ལྷག་ལ་ཉིན་ལྟར་ཆད་མེད་དུ་དེར་འོས་ཤོག་འཕངས་ཏེ་བརྟག་དཔྱད་བྱས་པ་ཡིན། འོན་ཀྱང་འོས་གྲངས་ཀྱི་བརྒྱ་ཆའི་ཐོབ་གྲངས་དེར་འགྱུར་བ་མེད་པར་རྟག་པའི་ངོ་བོར་གནས་བསྡད་འདུག དེ་ག་རེ་ཡིན་ནམ། ལངས་ཕྱོགས་ཤིག་ཡིན་ན་ཅང་བཤད་རྒྱུ་མེད། དེ་མ་གཏོགས་དེར་བཟོ་བཅོས་ཞིག་བརྒྱག་རན་འདུག་མ་གཏོགས། མགོ་སྐོར་ཐེབས་ས་རེད།

    ངའི་མཆན་བུ་བཀོད་ནས་དུས་ཚོག་གཅིག་དང་ཕྱེད་ཙམ་ཕྱིན་སོང་ཡང་བཅུག་མི་འདུག དེ་བས་ཡང་བསྐྱར་བཀོད་པ་ཡིན།

    Reply
  2. བོད་ཀྱི་དུས་བབ། says:
    ལོ་ 11 སྔོན།

    གསར་འགོད་པས་འོས་འཕེན་པ་ ༡༠༠ ལ་སྲིད་སྐྱོང་གི་འོས་མི་སུ་ལ་འོས་བླུགས་ཡོད་མེད་དྲིས་པར། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ ༤༩ དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ ༤༨ ། བཀྲ་ཤིས་དབང་འདུས་ལགས་སུ་ ༢ ། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་ ༡ ། བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་ལྡུག་མཁན་གཅིག་ཀྱང་བྱུང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese