མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲུག་ཆ་ཆེ་བའི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

དམངས་གཙོའི་གོམ་འགྲོས་འཁྱོར་བཞིན་པའི་བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་བསྡུའི་སྟེང་། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་དང་རྒྱ་གར་བདེ་སྲུང་མི་སྣ་སོགས་ཡོད་བཞིན་དུ་ས་གནས་ཁག་རེ་ཟུང་ནང་རྙོག་གླེང་ཕྲན་བུ་བྱུང་ཡོད་འདུག

 

DSC_8258བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་གི་སྒྲིག་གཞིའི་དགོངས་དོན་ལྟར། དེ་རིང་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པ་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་དང་། དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོང་མཆོད་རྟེན་ཐང་དུ། གཞུང་ཞབས་ལས་བྱེད་གཙོས་པའི་ཉེ་འཁོར་ཁུལ་གྱི་འོས་འཕེན་པ་ ༡༠༠༠ མ་ཟིན་ཙམ་གྱིས་སོ་སོའི་འདོད་མོས་བཞིན་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གནང་སོང་།

 

ཐེངས་འདིར་འོས་བསྡུར་དེབ་སྐྱེལ་གནང་མཁན་ཁྱོན་བསྡོམས་ ༨༧༡༧༩ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མཁན་ ༨༢༨༠༠ བྱུང་བ་དང་བསྡུར་ན། ད་རེབ་མི་ ༤༣༧༩ ལས་མང་བ་ཆགས་ཡོད་འདུག ད་རེབ་རྒྱ་བལ་འབྲུག་གསུམ་གཙོས་པའི་ས་གནས་ཁག་ཡོངས་སུ་འོས་བསྡུའི་ས་ཚིགས་ ༦༣༠ ཙམ་གོ་སྒྲིག་གནང་ཡོད་འདུག

 

བལ་ཡུལ་དང་འབྲུག་གཉིས་ནང་ཁ་སང་ནས་བཟུང་གསང་བའི་ཐོག་འོས་བསྡུ་གནང་གྲུབ་ཡོད་པ་མ་ཟད། བལ་ཡུལ་ནང་སྲིད་སྐྱོང་གི་འོས་གྲངས་མཐོ་ཤོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆགས་ཡོད་ཚུལ་གླེང་མཁན་བྱུང་ཡོད་འདུག ས་གནས་ཁག་གིས་འོས་གྲངས་རིམ་པ་བཞིན་ཁྱབ་བསྒྲགས་བྱ་འཆར་ཡོད་ཀྱང་། དབུས་འོས་བསྡུ་ལྷན་ཁང་གིས་ཕྱོགས་བསྡོམས་འོས་གྲངས་དེ་ཕྱི་ཟླ་ ༡༢ པའི་ཚེས་ ༢ ཉིན་ཁྱབ་བསྒྲགས་གནང་རྒྱུ་ཡིན་འདུག

 

དེ་རིང་དྷ་རམ་ས་ལའི་འོས་བསྡུའི་སྟེང་། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་ (Asia Democracy Network) ཞེས་པའི་སོག་རིགས་སྐུ་ཞབས་ཊོར་ཨོ་ཌི་(Tur-Od Lkhagvajav) ལགས་དང་། ཨེ་ཤ་ཡའི་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ (Asian Network for Free Elections) ཞེས་པའི་སྐུ་ཚབ་རན་ཝེ་ལན་ (Ryan Whelan)ལགས་གཉིས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུར་རྟོག་ཞིབ་གནང་བར་ཕེབས་འདུག

 

Screen Shot 2015-10-18 at 6.47.34 PMསྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གངས་སྐྱིད་མཆོད་རྟེན་ཐང་དུ་འོས་ལྡུག་པར་ཕེབས་པ་དང་བསྟུན་ཏེ། གསར་འགོད་པས་བཅར་འདྲི་ཞུས་པར་ཁོང་གིས། ད་རེབ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་ཀྱི་འོས་བསྡུ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། གཞུང་ལ་མཚོན་ལ་ལྷིང་འཇགས་པོའི་ཐོག་ནས་ཐེངས་གཅིག་བརྗེ་བོ་རྒྱག་ཐུབ་པ་ཡིན་ན། དམངས་གཙོ་ཚད་ལྡན་ཟེར་གྱི་ཡོད་པ་རེད། ངའི་རེ་བར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚང་མས་འོས་ལྡུག་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། འོས་བསྡུའི་ནང་འཛུལ་ཞུགས་བྱས་པ་དེས་རྒྱ་གཞུང་ལ་བརྡ་ལེན་ག་རེ་གཏོང་གི་ཡོད་པ་རེད་ཅེ་ན། མི་མང་གིས་དམངས་གཙོ་ལ་རྒྱབ་སྐྱོར་ཡོད་པ་དང་བོད་པ་ཚོས་དམངས་གཙོར་གདམ་ཀ་བྱེད་བཞིན་ཡོད་པ། གལ་ཏེ་བོད་ནང་གི་མི་མང་ལ་འོས་ཤོག་ལྡུག་པའི་ཐོབ་ཐང་གནང་ཡོད་ན། དེ་ནས་ཁོ་རང་ཚོས་བོད་ཀྱི་མགོ་ཁྲིད་འདེམ་པ་ལས་རྒྱ་ནག་གི་མགོ་ཁྲིད་འདེམ་རྒྱུ་མིན་པ་གསལ་བོ་ཞེ་དྲགས་རེད། ཅེས་གསུངས་སོང་།

 

འོས་ལྡུག་མཁན་སློབ་ཕྲུག་ཅིག་ལ་སྲིད་སྐྱོང་སུ་བླུག་པ་དང་སྤྱི་འཐུས་འོས་མིའི་ནང་ལ་བུད་མེད་དང་གྲྭ་བ་ཡོད་མེད་དྲིས་སྐབས། ཁོ་མོས་ངས་སྲིད་སྐྱོང་བློ་བཟང་སེང་གེ་བླུགས་པ་ཡིན། གང་ཡིན་ཞེ་ན། སྔོན་མ་ལོ་ ༥ ལ་ལས་ཀ་བྱས་པ་དང་རྨང་གཞི་འདྲ་བོ་ཞིག་བཏང་ཡོད་སྟབས་བསྐྱར་དུ་ལོ་ ༥ ལས་ཀ་བྱས་པ་ཡིན་ན་ཁོང་གི་འཆར་གཞི་ཡག་པོ་ཡོང་གི་རེད་དྲན་སོང་། དེ་ནས་ཁོ་སློབ་སྦྱོང་ཡང་ཚད་མཐོ་བོ་རེད། སྔོན་མ་ཡིན་ན་བློ་བཟང་སེང་གེ་ལ་ཉམས་མྱོང་ཡོད་པ་མ་རེད་ཅེས་མི་མང་པོས་ལབ་པ་རེད། ད་ལྟ་སྲིད་སྐྱོང་ལོ་ ༥ བྱས་ཡོད་དུས་ཉམས་མྱོང་ཡང་གང་འཚམ་བསགས་ཡོད་པ་རེད། ང་རང་གིས་སྤྱི་འཐུས་འོས་མི་ ༧ བླུགས་པའི་ནང་གྲྭ་བ་ ༡ དང་བུད་མེད་ ༢། མི་སྐྱ་ ༤ བཅས་ཡོད། ད་རེབ་ངས་འོག་ཤོག་བླུགས་པ་ཐོག་མ་ཡིན་སྟབས། ཚོར་སྣང་ཤུགས་ཆེན་པོ་བྱུང་སོང་། ནམ་རྒྱུན་རྒྱ་གར་ཚོས་འོས་ལྡུག་གི་ཡོད་པ་བརྙན་འཕྲིན་ལས་མཐོང་སྐབས། ངས་མ་འོངས་པར་སོ་སོའི་མགོ་ཁྲིད་ལ་འོས་ལྡུག་པའི་ཉི་མ་ནམ་ཞིག་ཡིན་ནམ་བསམ་གྱི་འདུག

 

འོས་འཕེན་པ་ཞིག་ལ་སྲིད་སྐྱོང་གི་འོས་མི་སུ་བདམས་མིན་དྲིས་བར། ངས་སྲིད་སྐྱོང་འོས་མིར་སྤེན་པ་ཚེ་རིང་བླུགས་པ་ཡིན། བློ་བཟང་སེང་གེ་ལས་སྤེན་པ་ཚེ་རིང་བླུགས་པའི་དོན་ཚན་གསུམ་མཐོང་གི་འདུག དོན་ཚན་གསུམ་དེ་ག་རེ་ཡིན་ཞེ་ན། དང་པོ་༧གོང་ས་མཆོག་གི་བཀའ་གསུང་ཇི་སྒྲུབ་ཞུ་བ་དང་། གཉིས་པ་རྒྱ་ནག་གི་ཕྱོགས་ནས་བལྟས་ཀྱང་ང་ཚོའི་སྲིད་སྐྱོང་ལ་ལྗིད་ཁོག་ཡོད་མཁན་ཞིག གསུམ་པ་མི་གཤིས་ཀྱི་ཆ་ནས་ཀྱང་སྤེན་པ་ཚེ་རིང་ཀུན་དང་མཐུན་པ་ཞིག་ཡོད་པ་རེད། ཅེས་བརྗོད་སོང་།

 

དེ་རིང་ཞོགས་པར་གངས་སྐྱིད་ཀྱི་འོས་བསྡུ་མགོ་འཛུགས་གནང་མ་ཐག འོས་འཕེན་པ་གཅིག་གིས་མི་གཞན་ཁ་ཤས་ཀྱི་འོས་ཤོག་སྟེང་ཡི་གེ་འབྲི་རོགས་བྱས་པ་འོས་བསྡུའི་ལས་བྱེད་ཚོས་མཐོང་སྟེ་བཀག་འགོག་བྱས་སྐབས་ཕན་ཚུན་བར་རྩོད་གླེང་ཕྲན་བུ་བྱུང་སོང་ལ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བླ་སྤྱིའི་འོས་བསྡུའི་ས་ཚིགས་སུའང་གྲྭ་བ་ཞིག་གིས་འོས་བསྡུའི་འགེངས་ཤོག་མང་པོ་ཞིག་འཕྲོག་རྩིས་བྱས་སྐབས། འོས་བསྡུའི་ལས་བྱེད་ཅིག་གིས་བཀག་འགོག་བྱས་སྐབས་གྲྭ་བ་དེས་འོས་བསྡུའི་ལས་བྱེད་དེར་ལག་པ་བརྐྱངས་སྟབས། རྒྱ་གར་ཉེན་རྟོག་པས་འདྲི་རྩད་བྱས་སྐབས་བློ་གསལ་གླིང་ནས་ཡིན་པ་ངོ་རྟགས་ཆོད་རྗེས་འཁྲིད་ཡོད་འདུག

 

ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་རན་ཝེ་ལན་ལགས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་མཐོང་སྣང་སྐོར་ལ། བོད་མི་མང་པོ་ད་ནང་ཞོགས་པ་སྔ་བོ་ནས་འདིར་འཛོམས་ཏེ་འོས་ལྡུག་རྒྱུར་དོ་སྣང་ཆེན་པོ་གནང་གི་ཡོད་པ་དེར་ང་རང་ཧ་ཅང་དགའ་བོ་བྱུང་སོང་། སྤྱིར་བཏང་རྒྱལ་ཁབ་སོ་སོའི་འོས་བསྡུའི་སྒྲིག་སྲོལ་དང་འགན་བབ་གཅིག་པ་མིན་སྟབས། ང་ལ་མཐོང་སྣང་གསར་བ་ཁག་ཅིག་ཀྱང་བྱུང་སོང་། དེ་དག་ཐད་ང་ཚོས་མུ་མཐུད་འཚོལ་ཞིབ་དང་རྒྱུས་ལོན་བྱེད་རྒྱུ་ཡིན། ཞེས་བརྗོད་སོང་། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་གི་སྐུ་ཚབ་ཊོར་ཨོ་ཌི་ལགས་ཀྱིས། ང་ཚོའི་སོག་ཡུལ་ལ་མཚོན་ན། སྔོན་ཆད་དམར་ཤོག་རིང་ལུགས་འོག་ནས་དམངས་གཙོ་མ་ཐོབ་པར་ལོ་ ༢༥ ཕྱིན་ཡོད་ལ། ལོ་ངོ་དེ་དག་རིང་ང་ཚོས་ཀྱང་དམངས་གཙོའི་ལམ་ལུགས་ལག་ལེན་བསྟར་བར་འབད་བརྩོན་བྱས་ཀྱང་། བོད་མིའི་འོས་བསྡུའི་ནང་སྲིད་སྐྱོང་དང་སྤྱི་འཐུས་འོས་འདེམ་བྱེད་སྟངས་ཐོག་བལྟས་ཡོང་ན། ང་ཚོའི་སོག་ཡུལ་གྱིས་བསླབ་བྱ་ལེན་དགོས་པ་མང་པོ་འདུག ཅེས་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 3

  1. ཡོ་བསྲང་། says:
    ལོ་ 8 སྔོན།

    ང་འདིར་ཞུགས་ཐོག་མ་ཡིན།
    གསར་འགྱུར་དུས་ལྟར་ཡི་རང་དང་། རྗེས་སུ་ཡངའདི་ལྟར་གནང་བར་ཞུ།

    Reply
  2. དཔལ་དོན། says:
    ལོ་ 8 སྔོན།

    ༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་ཆ་ཚང་གནང་བའི་རྗེས་ཀྱི་འོས་བསྡུ་ཐེངས་དང་པོ་རེད།

    Reply
  3. བཀྲ་ཤིས། says:
    ལོ་ 8 སྔོན།

    འདིའི་རིགས་འདི་ལ་རྩད་ཞིབ་ཡག་པོ་གཏོང་ཐུབ་ན་བཟང་། འདི་དག་གི་རྒྱབ་ལོག་ཆབ་པ་ཁྲབ་ཏོ་འགའ་རེའང་ཡོད་པར་ཐེ་ཚོམ་མེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist