མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་རྒྱ་ནག་གི་རིག་གཞུང་དང་མཐུན་གྱི་མ་རེད་ཟེར་བ་དེ་སྐྱག་རྫུན་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དཔེ་མཛོད་ཁང་ཐུན་མོང་གི་གོ་སྒྲིག་འོག ༼ནང་ཆོས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་ཚོགས་འདུ༽ཞེས་པ་ཞིག་བསྐོངས་སོང་ལ། གཏམ་བཤད་པར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྩོམ་པ་པོ་ཝུ་ཇེ་ཁཱན་ཌི་ (Vijay Kranti) ལགས་དང་། ཐའེ་ཝེན་གྱི་རྒྱ་རིགས་མཁས་དབང་ཚིན་ཁྲིན་ཡཱན་ལགས་ (Dr.Tseng,Chien Yaun) སོགས་གདན་འདྲེན་ཞུས་འདུག

IMG_7729སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ནང་ཆོས་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་བལྟས་པ་ཡིན་ན་དེའི་ནང་ དོན་ཚན་ ༣༠ ཡོད་པ་རེད། ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ན་དེ་ཚོའི་ནང་གི་དོན་ཚན་གཅིག་ལའང་འགག་པ་རྒྱག་དགོས་དོན་གང་ཡང་མེད། དོན་ཚན་དེ་ཚོའི་ནང་ཐོབ་ཐང་མང་པོ་ཞིག་བཤད་ཡོད་ཀྱང་། ནང་ཆོས་ནང་ལས་འགན་སྐོར་ལ་མང་པོ་ཞིག་བཤད་ཀྱི་ཡོད་པར་བརྟེན། ལས་འགན་ཡོད་ན་ཐོབ་ཐང་ཡོད་པས་ཁྱབ་སྟབས། འདི་གཉིས་ཤོད་སྟངས་མི་འདྲ་བ་ཞིག་རེད་འདུག ང་ཚོ་ནང་ཆོས་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་བཤད་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་ཐོག་ནས་བཤད་རྒྱུ་དེ་ཁྲིམས་ལུགས་ཐོག་ནས་བཤད་དགོས་པ་ཆགས་ཡོད་སྟབས། གང་ལྟར་མི་ཡིན་ཕྱིན་ཆད་ལ་རང་དབང་དང་ཐོབ་ཐང་གཅིག་མཚུངས་ཡོད་དགོས་པ་རེད། ནང་ཆོས་ནང་མི་ཚང་མར་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུའི་སོན་ཡོད་པ་གསུངས་ཡོད་པ་ལྟར། འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་ནང་ལའང་མི་རིགས་དང་ཕོ་མོ། ཆོས་ལུགས་དབྱེ་འབྱེད་བྱ་རྒྱུ་མེད་པ་འཁོད་ཡོད་པ་རེད། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ནང་ནང་ཆོས་ལ་དོན་གཉེར་བྱེད་མཁན་མང་པོ་ཡོད་སྟབས། རང་སངས་རྒྱས་རྒྱུ་དང་རང་ལ་ཕན་ཐོགས་རྒྱུ་ཁོ་ན་མིན་པ་བྱས་ཏེ། སྤྱི་ཚོགས་ནང་ཡོང་ནས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་ནུབ་ཕྱོགས་ཀྱི་སྐད་ཆ་རེད་ཟེར་བ་དེ་རྩ་བ་ཉིད་ནས་མ་རེད། རྒྱ་ནག་ནང་ནང་ཆོས་ཤུགས་ཆེན་པོ་དར་ཡོད་སྟབས། རྒྱ་ནག་གཞུང་འབངས་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་ཁས་ལེན་བྱ་རྒྱུའི་གོམས་གཤིས་དང་བག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁྲི་དང་འགྲོ་བ་མིའི་ཐོབ་ཐང་ཐོག་གཏམ་བཤད་གནང་དོན། འགྲོ་བ་མིའི་ཐོབ་ཐང་ཡིན་ན་རེད། རང་གི་མཐར་ཐུག་གི་བདེ་སྐྱིད་ཡིན་ནའང་རེད། དེ་ལ་ཕྱིའི་མཐུན་རྐྱེན་དང་ནང་གི་མཐུན་རྐྱེན་འཛོམས་དགོས་ཀྱི་ཡོད་པ་རེད། ཕྱིའི་མཐུན་རྐྱེན་མང་པོ་ཞིག་རང་གི་ལག་པར་མེད་དུས་དཀའ་ལས་ཁག་པོ་ཞེ་དྲགས་ཡོད་པ་རེད། དཔེར་ན། བོད་པའི་འཐབ་རྩོད་ཡིན་ན་ཕྱི་རྒྱ་མིར་བསྟུན་དགོས་པར་བརྟེན། རྒྱ་ནག་གཞུང་གིས་མཁྲེགས་འཛིན་བྱས་ནས་ད་དུང་ཡིན་ཡང་ཐོབ་ཐང་དང་རང་དབང་མེད་སྟབས། ནང་ངོས་ནས་སོ་སོས་འཐུས་ཤོར་ཁྱོན་ནས་མ་ཤོར་བ་བྱེད་དགོས་པ་རེད། འགྲོ་བ་མིའི་ཐོབ་ཐང་རྒྱལ་སྤྱིའི་རྩ་ཁྲིམས་ནང་གཏན་འབེབས་བྱས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དངོས་སུ་ལག་བསྟར་བྱས་ཡོང་སྐབས། ཁྱེད་རང་གིས་འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་བ་ཙམ་མ་གཏོགས་དེ་ཆབ་སྲིད་རེད་ཟེར་བ་དང་། ཁྱེད་རང་གི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རིག་གཞུང་ཁ་ཁའི་ནང་བྱུང་བ་ཞིག་རེད། ང་ཚོའི་རིག་གཞུང་ནང་འདི་འགྲོ་ཡི་མ་རེད་ཟེར་བ་སོགས། རྒྱ་ནག་གཙོས་པའི་ཚང་མས་ལབ་ཀྱི་ཡོད་སྟབས། དེ་ལ་མཁས་པ་མང་པོས་དཔྱད་པ་བྱས་ནས་དཔྱད་རྩོམ་མང་པོ་བྲིས་ཡོད་པ་རེད། སྤྱིར་བཏང་ང་ཚོས་བསམ་བློ་བཏང་བ་ཡིན་ན། རྩ་ཁྲིམས་དང་གཞུང་གིས་བཟོས་པ་ཁོ་ན་མིན་པར་རང་བཞིན་ལྷན་སྐྱེས་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་མི་ཞིག་ཡིན་པའི་ཆ་ནས། སོ་སོས་བྱེད་ཆོག་པ་མང་པོ་ཞིག་ཡོད་པ་རེད། ནུབ་ཕྱོགས་པའི་དམངས་གཙོའི་ལྟ་གྲུབ་ནང་ (What Touches all must be affected by all ) ཁྱེད་རང་ལ་ཐུག་རེག་གཏོང་མཁན་གཞུང་སྒེར་སུ་ཡིན་ཡང་། ཁྱེད་རང་ལ་བསྒྱུར་བཅོས་གཏོང་རྒྱུའི་ཐོབ་ཐང་དགོས་པ་རེད་ཟེར་གྱི་ཡོད་སྟབས། གཞུང་གིས་ང་ཚོར་ཐེ་ཇུས་བྱེད་དགོས་པ་མ་ཟད། ང་ཚོར་ཐེ་ཇུས་བྱེད་སྐབས་ཐེ་ཇུས་བྱེད་མཁན་ལ་འགྱུར་བ་གཏོང་རྒྱུ་མི་མང་ལ་དགོས་པ་རེད་ཟེར་གྱི་ཡོད་སྟབས། ང་ཚོས་དེ་ཚོ་ཤེས་ན་སོ་སོའི་ཐོབ་ཐང་རྩོད་ལེན་བྱ་རྒྱུར་ཕན་ཐོགས་ཡོང་གི་རེད། ཅེས་བརྗོད་སོང་།

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྩོམ་པ་པོ་ཝུ་ཇེ་ཁཱན་ཌི་ (Vijay Kranti) ལགས་ཀྱིས་ “བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ནང་ཆོས།”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ངས་བོད་ནང་གི་བྱུང་རབས་གནས་ཚུལ་དག་དུས་མཚམས་གསུམ་ལ་དབྱེ་ནས་འཆད་རྒྱུ་ཡིན། རྒྱ་གཞུང་གིས་བོད་དབང་སྒྱུར་བྱས་རྗེས་བོད་མིའི་ཆོས་དད་དང་རིག་གཞུང་གི་རང་དབང་། འགྲོ་བ་མིའི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད། ཡང་སྒོས་བོད་བརྒྱུད་ནང་བསྟན་ལ་ཞེ་འཁོན་བཅངས་ནས་རྡོག་རོལ་གཏོང་ཡུལ་གཙོ་བོ་ཞིག་ལ་ངོས་འཛིན་བྱས་ཏེ། ད་དུང་ཡིན་ཡང་བོད་མིའི་ཐུན་མོང་མིན་པའི་རིག་གཞུང་དག་རྩ་མེད་བཟོ་དང་བཟོ་མུས་ཡིན། ༡༩༤༩ ནས་ ༡༩༥༩ ལོའི་བར་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་ལ་དྲག་གནོན་བྱས་ནས་བོད་བཙན་བཟུང་བྱས་པ་རེད། ༡༩༥༩ ནས་ ༡༩༩༠ ལོའི་བར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གཏོར་བཤིག་དང་ཆོས་དད་རང་དབང་བཙན་ འཕྲོག་བྱས་ཏེ། མི་གསོད་ཁྲག་སྦྱོར་གྱི་བྱ་ངན་བརྩམས་ཡོད་པ་རེད། ༡༩༩༡ ནས་ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་སྐད་ཡིག ཁོར་ཡུག་སོགས་རྩ་མེད་བཏང་སྟེ། བོད་རྒྱ་ཡུལ་དུ་འགྱུར་རྒྱུའི་སྲིད་བྱུས་རྒྱུན་འཁྱོངས་བྱས་སྟབས། ད་ལྟ་བོད་ཆག་འཇིག་གི་གནས་ལ་གྱར་དགོས་བྱུང་ཡོད་པ་རེད། ཅེས་བརྗོད་སོང་།

ཐའེ་ཝན་གྱི་རྒྱ་རིགས་མཁས་དབང་ཚིན་ཁྲིན་ཡཱན་ལགས་ཀྱིས་ “ རྒྱ་ནག་གི་ཁྱད་ཆོས་དང་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་”ཞེས་པའི་ཐོག་གཏམ་བཤད་གནང་དོན། འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་འཛམ་གླིང་ཡོངས་ལ་ཁྱབ་ཀྱི་ཡོད་རེད་ཟེར་བ་འདི། རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་ནུབ་ཕྱོགས་ཀྱི་རིག་གཞུང་ལ་བརྩིས་ཏེ། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་འགལ་ཟླ་ཆགས་ཀྱི་ཡོད་པའི་ལོག་འགྲེལ་རྒྱག་གི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་འགྲེལ་བཤད་རྒྱག་སྟངས་དེ་དྲང་མོ་མ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་གཏན་འབེབས་བྱེད་སྐབས། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་འཐུས་མི་མཉམ་ཞུགས་བྱས་ཡོད་པ་མ་ཟད། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་འགྲོ་བ་མིའི་ཐོབ་ཐང་ནང་ཁྱབ་ཡོད་པ་ཁས་ལེན་བྱས་ནས་རྩ་ཁྲིམས་བཟོས་ཡོད་སྟབས། ད་ལྟ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་འདི་ནུབ་ཕྱོགས་ཀྱི་རིག་གཞུང་ཡིན་སྟབས། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་མཐུན་གྱི་མ་རེད་ཟེར་བ་དེ་སྐྱག་རྫུན་རེད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་། འགྲོ་བ་མི་རིགས་སེམས་ཅན་གཞན་དང་མི་འདྲ་བར་སོ་སོས་བསམ་བློ་གཏོང་ཤེས་མཁན་དང་ཕན་ཚུན་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་འཁོད་ཡོད་པ་དེ། འཛམ་གླིང་གིས་དེ་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ནས་བྱུང་བ་ཞིག་ཡིན་པ་ཁས་ལེན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད་མ་གཏོགས། ཨེ་ཤ་ཡ་དང་ནུབ་ཕྱོགས་ཀྱི་ལྟ་སྟངས་གཉིས་འགལ་ཟླ་རེད་ཟེར་བ་དེ་དོན་དངོས་མ་རེད། ཅེས་བརྗོད་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese