མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་འཇང་དགུན་ཆོས་ཐེངས་དྲུག་པ་ལེགས་འགྲུབ་བྱུང་བ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

DSCN87731དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་འོག་རང་ཅག་རབ་བྱུང་འདུས་སྡེ་དགོན་པ་གྲྭ་ཚང་ཁག་གི་ནང་གཞུང་ཆེན་ཁག་གི་ནང་དོན་ཤེས་རྟོགས་ཡོང་སླད། མཚན་ཉིད་རིག་པའི་ལམ་ནས་སྦྱང་བ་བྱེད་དགོས་པ་གལ་ཆེན་ཡིན་པ་ལྟར། འདི་ག་བལ་ཡུལ་ཁུལ་དུ་ཡང་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་པའི་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་བཞིན་ཚོགས་དང་འཚོགས་བཞིན་པ་ཡིན། འདི་ལོ་ཡང་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་དྲུག་པ་འདི་ཉིད་ཕྱི་ལོ་ ༢༠༡༥ བོད་ཟླ་ ༨ ཚེས་ ༡༡ ཉིན་ནས་བདུན་ཕྲག་གཉིས་ཀྱི་རིང་གནས་མཆོག་མཆོད་བརྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་གསལ་བྱེད་སྐྱིད་གྲོང་བསམ་གཏན་གླིང་དགོན་གྱི་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པ་མཆོག་གི་གཙོས་ལས་བྱེད་ཡོངས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་འཇང་དགུན་ཆོས་ལ་ཕེབས་མཁན་སློབ་གཉེར་བ་ནི། གཞུང་དགོན་བསམ་གཏན་གླིང་གྲྭ་ཚང་གི་སློབ་གཉེར་བ། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་གི་སློབ་གཉེར་བ། ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་གི་སློབ་གཉེར་བ། སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། གྲུབ་དགོན་ཐུགས་རྗེ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་གི་སློབ་གཉེར་བ། བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་གྲྭ་ཚང་གི་སློབ་གཉེར་བ། འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་གི་སློབ་གཉེར་བ་དང་ཞེ་ཆེན་དགོན་པའི་སློབ་གཉེར་བ་བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་ ༤༥༠ ལྷག་མཉམ་འཛོམས་ཐུབ་པ་བྱུང་།

 

དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཐུབ་བསྟན་འཇིགས་སྒྲོལ་མཆོག་དང་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་༧སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པ་ལ་སོགས་པའི་ཁྱབ་ཁོངས་དགོང་པ་ཁག་གི་མཁན་རིན་པོ་ཆེ་དང་འགན་འཛིན་ཕྱག་མཛོད་རྣམ་པ། དགེ་བསྐོས། ཤེས་ཡོན་འགན་འཛིན། དཔེ་ཁྲིད་རྒན་ལགས། རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཁག་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་བཅས་ཚོགས་ཞུགས་པ་གྲངས་ཆིག་སྟོང་ལྷག་ལྷན་འཛོམས་ཐོག་ཐོག་མར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཆོད་སྤྲིན་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་། གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་གྲྭ་ཚང་གི་དབུ་མཛད་མཆོག་ནས་ཡན་ལག་བདུན་པ་མནྜལ་བཅས་དབུ་སྐུལ་གནང་བ་དང་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་མགྲོན་གཙོ་བོ་བཅས་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་འཚོགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཐུབ་བསྟན་འཇིགས་སྒྲོལ་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང་། དེ་རྗེས་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པ་གཉིས་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་པའི་བཀའ་སློབ་དང་རྒྱབ་སྐྱོར་བསྔགས་བརྗོད་བཅས་གནང་། དེ་ནས་ལྷན་ཚོགས་ཀྱི་དྲུང་ཆེ་ཨཱཅཱརྱ་ངག་དབང་མཐར་ཕྱིན་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་གཟབ་རྒྱས་ཕུལ་ནས་མཛད་སྒོ་མཇུག་སྒྲིལ་གནང་།

 

DSCN88891དེ་བཞིན་ཉིན་གྲངས་བཅུ་བཞིའི་རིང་སློབ་གཉེར་བ་ཡོངས་ནས་རྩོད་པ་དང་འཛིན་གྲྭ་རྩོད་པ། དམ་བཅའ་ཆེན་མོ་བཅས་ལ་ཉིན་ལྟར་རྩོད་པ་ལ་འབད་བརྩོན་ལྷོད་མེད་ངང་དྭོགས་གཅོད་ཀྱི་རྩོད་པ་ལྷུག་པོར་གནང་བ་དང། དམ་བཅའ་ཆེན་མོའི་སྐབས་གྲྭ་ཚང་ཕན་ཚུན་རྩོད་པ་གཏུག་གཤེར་ནན་པོའི་ངང་སློབ་གཉེར་བ་རྣམས་མཚན་ཉིད་ཀྱི་རྩོད་པ་ལ་སྤྲོ་བ་དང་འབད་བརྩོན་སྔར་ལས་ལྷག་པར་འཕེལ་བའི་ཐབས་ལམ་ཞུ་ཐུབ་པར་བྱུང་། མཚམས་རེར་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱང་ཆོས་རར་ཕེབས་ཏེ་རྩོད་པར་མཉམ་ཞུགས་གནང་བ་སོགས་བྱུང་ཡོད། ཆོས་ཐོག་འདིའི་སྐབས་དཔེ་ཁྲིད་རྒན་བཅུ་བཞི་དང་ཆོས་ཐོག་རྒན་པ་བཅུ། གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་དགོན་གྱི་དགེ་བསྐོས་དང་ཆོས་ཐོག་རྒན་པ་བཅས་ནས་རྩོད་པ་གཟིགས་རྟོག་ནན་པོར་གནང་བ་སོགས་འཇང་དགུན་ཆོས་ཐེངས་དྲུག་པ་འདི་ཉིད་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་བ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་དབུ་བཞུགས་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པ་རྣམ་གཉིས་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་དགོན་གྱི་ཕྱག་མཛོད་ཨཱཅཱརྱ་བསྟན་འཛིན་མཆོག་ནས་འཇང་དགུན་ཆོས་ཀྱི་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས་པ་དང་། དམ་བཅའ་ཆེན་མོའི་དམ་བཅའ་བ་གྲངས་གཉེར་བརྒྱད་ལ་གཟེངས་བསྟོད་ལེགས་འབུལ་གནང་བ་དང་དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྒྱུན་ལས་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་རྗེས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་འུར་འདོན་ངང་གསུངས་ནས་ཆོས་ཐོག་ལེགས་པར་མཇུག་སྒྲིལ་གནང་།

 

སྤྱིར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་རང་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་ཡར་རྒྱས་སྲ་བརྟན་ཡོང་སླད་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་དེ་བཞིན་སློབ་མ་རྩེ་ཕུད་རྣམས་དང་རྒྱུགས་སྤྲོད་ཐོན་པ་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུས་སུ་ལེགས་འབུལ་བྱ་དགའ་དང་ཕྱག་འཁྱེར་འབུལ་བ། དེ་བཞིན་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་གོ་སྒྲིག་དང་། འཇང་དགུན་ཆོས་ལོ་ལྟར་གོ་སྒྲིག་བྱེད་པ་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡོད་པ་བཅས་སོ། གཞན་ཡང་འདི་ལོ་དམིགས་བསལ་༧མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་མཚོན་པའི་སླད་དུ་ (Science Meets Dharma) ཚོགས་པ་དང་མཉམ་འབྲེལ་གྱིས་ཐེངས་དང་པོར་བལ་ཡུལ་ཁུལ་དུ་ཚན་རིག་ཟབ་སྦྱོང་བདུན་ཕྲག་གཉིས་རིང་དགེ་ལུགས་གཙོ་བོར་གྱུར་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སློབ་གཉེར་བ་ཞལ་གྲངས་ ༨༥ ཙམ་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

བལ་ཡུལ་དགེ་ལྡན་ཚོགས་ནས་ཕྱི་ལོ་ ༢༠༡༥ བོད་ཟླ་ ༨ ཚེས་ ༢༥ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese