མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་དྲི་བ་གཅིག་ཅེས་པར་ལན་འདེབས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཝཱ་ཎ་སློབ་ཟུར་ལྷུན་འགྲུབ་རྡོ་རྗེ།

སློབ་གྲོགས་འཇམ་དབྱངས་དོན་གྲུབ་ལགས་ནས་ཕྱི་ལོ་ ༢༠༡༥།༡༠།༡༢ ཉིན་དུས་བབ་དྲ་ཚིགས་སྟེང་། སྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐད་ཡིག་དང་བཅས་པའི་བསྟི་གནས་གལ་ཆེན་ཞིག་ཡིན་སྟབས། ཁོང་གིས་སློབ་མའི་འཚོ་དོད་ཀྱི་སླད་དུ་ཧིན་སྒོར་ཁྲི་འགའ་ཞལ་འདེབས་གནང་རྒྱུ་ཡིན་པ་མ་ཟད། སླད་ཀྱང་མཐུན་འགྱུར་རམ་འདེགས་བསྟུད་མར་གནང་འཆར་ཡོད་ཅེས་གསུངས་མོད། འོན་ཀྱང་། ཁོང་གིས་ད་ལྟ་བར་ཝཱ་ཎ་མཐོ་སློབ་ཏུ་ལོ་དྲུག་གི་རིང་སློབ་གཉེར་བྱས་ཀྱང་སྲིད་སྐྱོང་མཆོག་ནས་སློབ་མའི་ཞལ་ལག་ཡར་རྒྱས་དང་འཚོ་དོད་ཆེད་དུ་སྒོར་གཅིག་གནང་བ་མ་ཐོས་ཞེས་གདེང་སྤོབས་ཆེན་པོས་བཤད་པར་བརྟེན། གུས་པས་ཕྱི་ལོ་ ༢༠༡༣ ལོར་ཝཱ་ཎ་མཐོ་སློབ་ཀྱི་སློབ་ཕྲུག་བདེ་དོན་ཚོགས་པའི་ཚོགས་གཙོའི་ལས་གནས་ཐོག་སློབ་ཕྲུག་ལྟོ་ཚང་ལྟ་རྟོག་ཚོགས་པ་དང་མཉམ་དུ་ལས་ཀ་བྱས་སྐབས། ཤེས་རྟོགས་གང་བྱུང་དུས་བབ་ཀློག་མཁན་རྣམ་པར་དངོས་ཡོད་གནས་ཚུལ་ཅི་ཡིན་གསལ་བཤད་ཙམ་ལས། དེ་མིན་ཕྱོགས་རིས་དང་འཐེན་ཁྱེར་གྱི་དྲི་མས་མ་སྦགས་པར་ཞུ་བར། ལར་ནས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་ཞལ་ལག་གི་མཐུན་རྐྱེན་རྒྱ་གར་དབུས་གཞུང་གིས་གནང་གི་ཡོད་ཀྱང་། ཟླ་རེར་སློབ་མ་རེའི་སློབ་ཡོན་ཐོབ་སྐལ་ཉུང་སྟབས། ལོ་ལྟར་སློབ་ཕྲུག་ལྟ་རྟོག་ཚོགས་པར་བཟའ་ཆས་ཀྱི་རིན་གོང་འཕར་བའི་རྐྱེན་གྱིས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དངོས་ཡོད་ཡིན་ལ། དེ་སྔར་༸གོང་ས་མཆོག་གི་གསུང་ཆོས་དང་བསྟུན་ནས་ལྟོ་ཚང་འགན་བདག་རྣམ་པས་སློབ་མའི་ཟས་དོད་ཆེད་དུ་ཟ་ཁང་བཙུགས་དགོས་པའི་གནས་སྟངས་ཀྱང་བྱུང་ཡོད། གཙུག་ལག་སློབ་གཉེར་ཁང་ལ་མཚོན་ན་ལོ་རེར་རྒྱུགས་དུས་གཉིས་དང་། རྒྱུགས་དུས་རེ་ལ་ཡིག་རྒྱུགས་ཐེངས་རེ་བྱས་ནས་སློབ་དུས་རེ་ལ་ཡིག་ཚད་གཉིས་རེ་གཏོང་གི་ཡོད།

 

ཡིག་རྒྱུགས་གཏོང་སྐབས་ལྟོ་ཚང་ལྟ་རྟོག་ཚོགས་ཆུང་ནས་སློབ་མ་རྣམས་ལ་དམིགས་བསལ་ཞལ་ལག་གོ་སྒྲིག་བྱེད་སྲོལ་ཡོད་ཀྱང་། སྐབས་དེར་རྒྱ་གར་གཞུང་གིས་ཡིག་རྒྱུགས་ལ་དམིགས་ནས་ཆེད་མངགས་སློབ་མའི་ཟས་དོད་དངུལ་འབོར་མང་དུ་གཏོང་གི་མེད་སྟབས། སློབ་ཕྲུག་བདེ་དོན་ལྷན་ཚོགས་བརྒྱུད་ནས་ལྟོ་ཚང་ལྟ་རྟོག་ཚོགས་པར་རྒྱུགས་དུས་རེ་ལ་ཧིན་སྒོར་ ༥༠༠༠༠ བྱས་ནས་རྒྱུགས་དུས་གཉིས་ལ་བསྡོམས་སྒོར་ ༡༠༠༠༠༠ ཡས་མས་རག་གི་ཡོད་པ་མ་ཟད། བདེ་དོན་ལྷན་ཚོགས་ནས་ཡིག་རྒྱུགས་སླེབས་སྐབས་འཚོ་དོད་ཧིན་སྒོར་ལྟོ་ཚང་ཚོགས་པར་སྤྲད་རྗེས་ལྟོ་ཚང་ལྟ་རྟོག་ཚོགས་ཆུང་ནས་བླངས་པའི་བྱུང་འཛིན་དང་མཉམ་དུ་སློབ་ཕྲུག་ཚོས་དམིགས་བསལ་ཞལ་ལག་བཞེས་སྐབས་བརྒྱགས་པའི་འདྲ་དཔར་རྣམས་རང་གཞུང་ཤེས་རིག་ལས་ཁུངས་སུ་ངེས་འབུལ་ཞུ་དགོས།

 

གོང་གི་ཟས་དོད་ཆེད་དུ་འབྱོར་བའི་ཧིན་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་བརྒྱུད་ནས་ཨ་རི་བ་ཇོན་གྱིས་ཞལ་འདེབས་གནང་བ་ཡིན་འདུག ད་དུང་རོགས་སྐྱོར་འདི་དང་འབྲེལ་བའི་གནས་ཚུལ་རྒྱས་པ་མཁྱེན་འདོད་ན་ཝཱ་ཎ་མཐོ་སློབ་ཀྱི་སློབ་ཕྲུག་བདེ་དོན་ལྷན་ཚོགས་དང་། སློབ་ཕྲུག་ལྟོ་ཚང་ལྟ་རྟོག་ཚོགས་ཆུང་གཉིས་ཀྱི་ཡིག་ཚང་དུ་འབྲེལ་གཏུགས་གནང་ན་གནས་ཚུལ་རྒྱས་པ་ཤེས་ངེས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

སྐར་མ ༢༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༡ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༨ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

མཆན། 8

  1. བསྟན་འཛིན། says:
    ལོ་ 10 སྔོན།

    སྐྱོན་འཛུགས་ཡང་བྱས་རྒྱབ་སྐྱོར་ཡང་བྱས། སྲིད་སྐྱོང་གི་འགན་འཁུར་བཞེས་ནས་ལག་བསྟར་མམ་བྱས་པའི་སྐྱོན་འཛུགས་དང་སྲིད་སྐྱོིང་སྔོན་འགྲོའི་འོས་བསྡུ་ནང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་མང་ཤོས་ཕེན་པ་རྒྱབ་སྐྱོར་ཡང་བྱས། དེ་འདྲ་ཅི་ཡིན་ན།།།

    Reply
  2. sonam chodon says:
    ལོ་ 10 སྔོན།

    ཁོང་གིས་དེ་འདྲ་སྤྲད་ཐུབ་ཀྱི་མེད་ཚེ་གང་བྱེད་ནས་རྫུན་གསུངས་ཀྱི་ཡོད་རེད། ང་ཚོར་དྲང་བདེན་དགོས་པ་ལས་རྫུན་དགོས་ཀྱི་མེད།

    Reply
  3. sonam chodon says:
    ལོ་ 10 སྔོན།

    གོང་དུ་སློབ་ཕྲུག་ཁོང་གིས་གསུངས་པ་དེར་དངོས་བདེན་རེད། སློབ་ཕྲུག་ཁོང་ལ་རྒྱབ་སྐྱོར་ཡོད།

    Reply
  4. Tenzin Samdup says:
    ལོ་ 10 སྔོན།

    ཨ་ལས་བྱས་ན་བློ་བཟང་སེང་གེ་ལགས་ཀྱི་ཟླ་རེའི་གླ་ཕོགས་ནས་ཐད་ཀར་སྤྲོད་དགོས་སམ་

    Reply
  5. གཡུ་སྒང་དགེ་འདུན། says:
    ལོ་ 10 སྔོན།

    ཟས་དོད་ཆེད་ཧིན་སྒོར་འབུམ་གཅིག་ཡས་མས་རག་གི་ཡོད་ཅེས་པ་དེ་བློ་བཟང་སེངྒེས་སྤྲད་པ་ཞིག་མ་རེད། ཨ་རི་བ་ཇོན་གྱིས་སྤྲད་པ་རེད་འདུག རྩོམ་མཇུག་ཏུ་ཁ་གསལ་བཀོད་འདུག

    Reply
  6. ཡ་ལོ། says:
    ལོ་ 10 སྔོན།

    གསལ་བཤད་ལེགས་པོ་གནང་འདུག་་བཀའ་དྲིན་ཆེ།

    Reply
  7. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    རོགས་རམ་འདི་བློ་སེང་གིས་སྤྲད་པ་ཁ་གསལ་མི་འདུག་གདའ།

    Reply
  8. བོད་ཕྲུག་རྒོད་པོ། says:
    ལོ་ 10 སྔོན།

    འཚོ་སྣོན་གྱི་རོགས་རམ་འདི་བློ་སེང་བརྒྱུད་ལན་གཅིག་རག་པ་ཞིག་གི་སྐོར་བཤད་ཀྱི་ཡོད་པ་ཡིན་ནམ། ཡང་ན། ལོ་རྟག་པར་རག་གི་ཡོད་པ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese