མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ཞི་བའི་ལས་འགུལ་སྤེལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཕྱི་དྲོར་དྷ་རམ་ས་ལའི་བོད་པའི་སྐྱེས་མ་ཁག་ཅིག་གིས་སྣེ་འཁྲིད་དེ་ཉེ་ལམ་རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་བསད་པའི་འདས་པོ་ཁོང་གི་ཆེད་དུ་མར་མེ་ཁྲོམ་སྐོར་གནང་སོང་།

 

12196125_842461612518567_5022052964353579270_nདེ་རིང་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་མེག་གྷན་ཁྲོམ་ཆུང་དུ། དྷ་རམ་ས་ལ་ཁུལ་གྱི་སྐྱེས་མ་ཁག་ཅིག་གིས་སྣེ་འཁྲིད་དེ། རེས་གཟའ་པ་སངས་ཉིན་གྱི་དགོང་མོ་བོད་པའི་ཕོ་གསར་གཅིག་རྒྱ་གར་ཡུལ་མི་གསུམ་གྱིས་གྲིས་བརྒྱབ་ནས་བསད་པ་ཁོང་གི་ཆེད་དུ། དྷ་སའི་བོད་རིགས་མང་ཚོགས་ ༤༠༠ ལྷག་འདུ་འཛོམས་གནང་སྟེ་མར་མེ་ཁྲོམ་སྐོར་གནང་སོང་། སྐབས་དེར་མེག་གྷན་རླངས་འཁོར་འབབ་ཚིགས་ནས་མགོ་བཙུགས་ཏེ། བོད་པ་དང་རྒྱ་གར་བ་དེ་དག་འཁྲུག་འཛིང་ཤོར་ཡུལ་དེར་ཞི་བའི་གོམ་བགྲོད་གནང་རྗེས། ཕྱིར་མེག་གྷན་ཁྲོམ་གཞུང་བརྒྱུད་གཙུག་ལག་ཁང་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་སོང་།

 

དེ་རིང་ཞོགས་པར་འདས་པོ་ཁོང་གི་ཕུང་བོ་མེར་བསྲེགས་གནང་རྗེས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་བཞུགས་སྒར་ཁུལ་གྱི་མང་ཚོགས་ཚོས་རྒྱུན་པར་བོད་པ་ཚོས་གུས་གུས་ཞུམ་ཞུམ་བྱེད་རྒྱུ་མང་དྲགས་པའི་མཇུག་འབྲས་ཡིན་སྐོར་དང་། ཁག་ཅིག་གིས་ད་རེབ་ཀྱི་གོ་སྐབས་འདི་དང་བསྟུན་ཏེ་བོད་པ་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་སྐོར་ཤོད་མཁན་བཅས་བྱུང་ཡོད་པ་རེད།

 

DSC_2126དོ་ནུབ་མར་མེ་ཁྲོམ་སྐོར་གོ་སྒྲིག་བྱེད་མཁན་བུད་མེད་གཅིག་གིས་གསར་འགོད་པར་འདི་ལྟར་བརྗོད་བྱུང་། དེ་རིང་ང་ཚོ་བུད་མེད་བདུན་གྱིས་དང་བླངས་ཐོག་ཁྲིམས་ཁང་ལ་སོང་ཏེ། སང་ཉིན་ཞི་བའི་ཐོག་མེག་གྷན་ཁྲོམ་ལམ་ནས་སྨོན་ལམ་འདོན་རྒྱུར་ཆོག་མཆན་ཞུས་པ་ཡིན། དྷ་སའི་ཆེས་མཐོའི་ཉེན་རྟོག་པ་ (SP) ལ་སྙན་ཞུ་བྲིས་ནས་ཆོག་མཆན་ཞུས་པ་ཡིན། སྐབས་དེར་མི་མང་པོ་དྷ་ཤོད་ཁྲིམས་ཁང་ལ་ཕེབས་ཏེ་གནས་ཚུལ་ཞུས་པ་དང་། དེ་ནས་མི་མང་གིས་ས་རྟགས་བསྡུ་རུབ་བྱས་ནས་འབོད་སྐུལ་ཞུས་པ་རེད། ཆེས་མཐོའི་ཉེན་རྟོག་པ་དེ་དཔེ་ཡག་པོ་འདུག ང་ཚོར་རྒྱབ་སྐྱོར་ཡག་པོ་གནང་སོང་། དེ་ནས་བདེན་དཔང་བྱེད་མཁན་བུ་མོ་དེར་ཆུ་ཚོད་ ༢༤ རིང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་སོང་། དེའི་རྗེས་ང་ཚོ་ས་གནས་ཆེས་མཐོའི་ལས་ཁུངས་ (SHO) ལ་ཕྱིན་ཏེ་བཀའ་འཁྲོལ་ཞུས་ཏེ་ཆོག་མཆན་ཐོབ་སོང་། དེར་བརྟེན། སང་ཉིན་བརྟན་བཞུགས་ཚར་པའི་རྗེས་ལ་མི་མང་མེག་གྷན་དུ་ཕེབས་ཏེ་སྨོན་ལམ་གདོན་རྒྱུ་དང་། ལག་ཏུ་བརྗོད་ཚིག་སྣ་ཚོགས་འཁོད་པའི་འཕྲད་དར་ཁ་ཤས་བསྣམས་ཏེ་སྨོན་ལམ་འདོན་དགོས་པ་རེད། དེ་ཚར་བ་དང་ང་ཚོས་མར་མེ་ཁྲོམ་སྐོར་ཞིག་བྱས་ནས་མཇུག་བསྒྲིལ་རྒྱུ་ཡིན། ཞེས་བརྗོད་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༡ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣

མཆན། 4

  1. ཐོས་པ་དགའ། says:
    ལོ་ 11 སྔོན།

    རྡ་ས་ཁུལ་གྱི་བོད་རིགས་མང་ཚོགས་ཀྱིས་ལས་འགུལ་ཤུགས་ཆེ་མ་སྤེལ་ན་དགའ། མི་གསོད་ལག་དམར་བ་རྒྱ་གར་ཉེན་རྟོག་པས་དེ་མ་ཐག་འཛིན་བཟུང་བྱས་འདུག ཁྲིམས་ལྟར་མི་བསད་པའི་ཉེས་ཆད་ལག་བསྟར་བྱེད་ཀྱིན་ཡོད་མེད་ལ་ངེས་པར་དུ་ལྟ་དགོས་པ་ལས། ཟས་བཅད་ངོ་རྒོལ་དང་། ཁྲོམ་སྐོར་སོགས་བྱས་ནས་མང་ཚོགས་རང་བཞིན་གྱིས་ལས་འགུལ་སྤེལ་བ་ནི་རྒྱ་གར་ས་གནས་ཡུལ་མི་ལ་ཕོག་ཐུག་འགྲོ་སྲིད་པས་ཚང་མས་ངེས་པར་དུ་གཟབ་དགོས། ས་གནས་ཡུལ་མི་དང་བོད་མིའི་བར་དུ་མཐུན་ལམ་ངེས་པར་ཡག་པོ་ཡོད་དགོས་པ་རེད། ལྷག་པར་དུ་འདི་འདྲའི་རིགས་ཀྱི་ལས་འགུལ་སྤེལ་ན་ནང་ཁུལ་ལ་གཏོར་རླག་བྱེད་མཁན་གྱི་མི་ངན་དེ་འདྲས་གོ་སྐབས་བཟུང་ནས་རྒྱ་གར་གྱི་ཡུལ་མི་དང་བོད་མིའི་བར་ལ་འཁྲུག་འཛིང་དང་། མི་མང་གཉིས་ཀྱི་བར་ལ་འགལ་རྐྱེན་བཟོ་མཁན་དེ་འདྲ་ཡང་འབྱུང་སྲིད་པས་ངེས་པར་དུ་ཚང་མས་ཡིད་གཟབ་གནང་དགོས་པ་རེད་སྙམ།

    Reply
  2. amadolma says:
    ལོ་ 11 སྔོན།

    སྐྱེས་མ་བདུན་ལ་མངགས་བརྗོད་ཡོད།་་་ཡིན་ནའི་ང་ཚོས་ཐལ་ཆེ་བའི་གནས་ཚུལ་མ་ལྷག་པ་བྱེད་དགོས།་་་ཉེས་ཅན་པ་ཁྲིམས་ལ་སྦྱར་དགོས་ལ་ཁྲིམས་ཆད་ནན་པོ་གཏོང་དགོས་པ་ལས་ཡན་པོར་འཇོག་མི་རུང་།་་་འོན་ཀྱང་རྒྱ་གར་བ་དམངས་ལ་དོ་ཕོག་མི་ཡོང་བ་བྱེད་དགོས།་་དེ་བར་བསམ་སྦྱོར་ངན་པས་དཀྲོག་རྐྱེན་གྱིས་དོན་རྐྱེན་གཞན་ལྷག་མི་སྲིད་པ་མིན་པས་ཚང་མས་ཐུགས་ཟབ་གནང་དགོས།

    Reply
  3. ཨ་སྤྲུག། says:
    ལོ་ 11 སྔོན།

    ཡུལ་མི་ལ་མ་གནོད་པར་གནང་གལ་ཆེའོ།

    Reply
  4. བསྟན་འཛིན says:
    ལོ་ 11 སྔོན།

    བུ་མེད་བདུན་པོ་རྗེས་སུ་ཡིན་རིང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese