མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་དཔོན་མདུན་དུ་མི་གསོད་ཉེས་ཅན་ངོ་རྟགས་ཆོད་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་དྷ་སའི་བོད་མི་ཚོས་ཉེ་ལམ་རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་བསད་པ་དེར་ཞི་བའི་རྔམ་སྟོན་ལས་འགུལ་ཞིག་སྤེལ་ཡོད་འདུག

 

DSC_2318དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༠༠ པའི་སྟེང་། དྷ་རམ་ས་ལའི་སྐྱེས་མ་སྐོར་ཞིག་གི་དང་བླངས་སྣེ་འཁྲིད་འོག མེག་གྷན་རླངས་འཁོར་འབབ་ཚིགས་སུ། བོད་རིགས་སེར་སྐྱ་མི་མང་ ༤༠༠ ལྷག་འདུ་འཛོམས་གནང་སྟེ། མ་ཎི་སྐྱོར་བཞིན་ལག་ཏུ་འཕྲད་དར་སྟེང་། “ ང་ཚོ་ལ་རྒྱལ་ཁབ་མེད་ཀྱང་། ཚེ་སྲོག་ལ་རིན་ཐང་འདྲ་མཉམ་སྤྲོད་དགོས།” ཞེས་པ་སོགས་ཀྱི་འབོད་ཚིག་འཁོད་དེ། ཉེ་ཆར་ཚེས་ ༣༠ ཉིན་གྱི་མཚན་མོར་རྒྱ་གར་ཡུལ་མི་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་ནས་བསད་པའིན་གནད་དོན་དེར། རྒྱ་གར་གཞུང་གིས་དྲང་བདེན་གྱི་ཁྲིམས་ཐག་ནན་པོ་གཅོད་དགོས་པའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་ལ། ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཙམ་ལ་མེ་ཁྲོམ་སྐོར་ཞིག་རླངས་འཁོར་འབབ་ཚིགས་ནས་མགོ་བཙུགས་ཏེ། བོད་པ་དང་རྒྱ་གར་བ་དེ་དག་འཁྲུག་འཛིང་ཤོར་ཡུལ་དེར་ཞི་བའི་གོམ་བགྲོད་གནང་རྗེས། ཕྱིར་མེག་གྷན་ཁྲོམ་གཞུང་བརྒྱུད་གཙུག་ལག་ཁང་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་སོང་།

 

སྐབས་དེར་དྷ་རམ་ས་ལའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་དོན། ད་རེབ་ཀྱི་གནས་ཚུལ་དེའི་བྱུང་རིམ་ག་རེ་རེད་ཟེར་ན། བོད་ནས་ཡོང་བའི་བོད་པའི་ཕོ་གསར་ཞིག་རྒྱ་གར་ཡུལ་མི་གསུམ་གྱིས་བསད་པ་དེ་ཚང་མས་མཁྱེན་གསལ་རེད། ང་ཚོས་གནས་ཚུལ་ཞིབ་འཇུག་བྱས་པ་ལྟར་ན། མི་དེ་གསུམ་གྱིས་ཉིན་དྲུག་བདུན་གོང་ལའང་བོད་པའི་ཕོ་གསར་གཉིས་ལ་ཉེས་རྡུང་བཏང་འདུག གནས་ཚུལ་དེ་དག་ཧ་ཅང་ཚབས་ཆེན་པོ་རེད། ཡིན་ནའང་ད་ལྟའི་ཆར་ང་ཚོ་ཚང་མའི་དམིགས་ཡུལ་གཙོ་བོ་དེ་གང་རེད་ཟེར་ན། སྤྱི་ཚོགས་དཀྲུག་ཤིང་རྒྱག་མཁན་དང་མི་གསོད་ཉེས་ཅན་དེ་གསུམ་ལ་ཁྲིམས་ཐོག་ནས་ཉེས་པ་ལྕི་མོ་ཞིག་གཅོད་དགོས་པ་དེ་རེད།

 

DSC_2218ད་ལྟའི་གནས་སྟངས་གང་རེད་ཟེར་ན། སྤྱིར་བཏང་ད་རེབ་མི་དེ་གསུམ་གྱི་ནག་ཉེས་དེ་རྒྱ་གར་གྱི་ཁྲིམས་ལྟར་བྱས་ན། ཉེས་ཁྲིམས་དོན་ཚན་ ༣༠༢ དང་ ༣༤ ཅན་དེ་ཕོག་ཡོད་པ་རེད། ༣༠༢ དེ་ཚེ་བཙོན་གྱི་ནག་ཉེས་ཆེན་པོ་ཞིག་རེད། ཀློད་གྲོལ་རྩ་བ་ཉིད་ནས་ཡོད་པ་མ་རེད། ལག་དམར་མི་གཅིག་ལས་མང་པ་ཡོད་ན་དེའི་ཉེས་ཆད་དོན་ཚན་ ༣༤ པ་དེ་ཆགས་ཡོད་པ་རེད། མི་གསོད་མཁན་གསུམ་དེ་ང་ཚོས་རྩ་བ་ནས་ཐར་བ་གཏོང་གི་མ་རེད། ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་གཏོང་དགོས་པ་དང་། དཔང་པོར་སྲུང་སྐྱོབ་བྱ་དགོས་པ་ཆ་ཚང་ང་གཅིག་པུའི་ལས་འགན་མ་རེད། ང་ཚོ་ཚང་མའི་ལས་འགན་ཡིན་སྟབས་ཚང་མས་ཧུར་ཐག་འབད་བརྩོན་གནང་རོགས་ཞེས་ནས་འབོད་སྐུལ་ཞུ་བཞིན་ཡོད།

 

ཁོས་མུ་མཐུད་དུ། ང་ཚོས་མཁྱེན་དགོས་པ་ཞིག་ལ་མེག་གྷན་ས་གནས་ཆེས་མཐོའི་ཉེན་རྟོག་པ་སུ་རེན་དྷར་ཊ་ཁོར་ (Surendar Takur) ལགས་ཀྱིས་ལས་ཀ་ཧ་ཅང་ཡག་པོ་བྱས་ཡོད་པ་རེད། ཁོ་རང་གིས་ཆུ་ཚོད་ ༡༢ ནང་ལ་རྒྱ་གར་མི་གསུམ་དེ་འཇུ་ཐུབ་ཡོད་པ་རེད། མི་གསུམ་དེ་ཐར་བ་གཏོང་ས་རྩ་བ་ནས་ཡོད་པ་མ་རེད། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤།༣༠ སྟེང་། བོད་པའི་བུ་མོ་ཁོ་རང་བཙོན་ཁང་དུ་སོང་སྟེ་རྒྱ་གར་ཁྲིམས་དཔོན་གྱི་མདུན་དུ། བོད་པའི་ཕོ་གསར་གསོད་མཁན་གྱི་རྒྱ་གར་བ་གསུམ་དེ་ངོས་འཛིན་བྱས་ཏེ་ངོ་རྟགས་ཆོད་ཡོད་པ་རེད། དེ་ལ་འགྱུར་བ་གཏོང་རྒྱུ་རྩ་བ་ནས་ཡོད་པ་མ་རེད། དེར་བརྟེན། གང་ལ་གང་ཙམ་ཁ་གསལ་བོ་ཆགས་ཚར་ཡོད་པ་རེད། ཁྲིམས་ཀྱི་ཐོག་ནས་ག་རེ་འགྲོ་དགོས་པ་དེ་འགྲོ་དགོས་པ་རེད། ང་ཚོའི་ངོས་ནས་སྤྱི་ཚོགས་ནང་ཟ་ངེ་ཟིང་ངེ་མི་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་ཐོག་དྷ་རམ་ས་ལར་ག་རེ་བྱེད་ཀྱི་ཡོད་མེད་ལ་ལྟ་བསྡད་ཡོད་པ་རེད། དེ་རིང་ང་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་དེ་རྣམ་འགྱུར་ཞིག་ཆགས་ཡོད་པ་རེད། ང་ཚོས་ད་ལྟའི་བར་དུ་ཞི་བའི་ཐོག་བྱེད་བཞིན་པ་དེ་ང་ཚོ་༧གོང་མཆོག་གི་མི་མང་ཡིན་པས་རེད། ཡུལ་མི་རྣམས་ལ་ཚིག་སྡུག་ཅག་དང་རྣམ་འགྱུར་མི་ལེགས་པ་མ་སྟོན་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད།

 

12191048_743451875787886_1828839905249024001_nད་ལྟ་རྒྱ་གར་ཉེན་རྟོག་པ་གཉིས་ཀྱིས་བུ་མོ་དེར་སྲུང་སྐྱོབ་བྱེད་མགོ་བཙུགས་ཚར་པ་ཡོད་རེད། བོད་པའི་བུ་མོ་སུ་ཡིན་པ་མི་མང་ཆེ་བས་ཧ་གོ་ཡི་ཡོད་ཀྱི་རེད། ཡིན་ཡང་མོ་རང་གི་པར་དང་མིང་སོགས་ཡར་མར་གཏོང་བའི་རིགས་རྩ་བ་ནས་མ་གནང་རོགས། སྤྱི་ཚོགས་བརྒྱུད་ལམ་རེ་ཟུང་ནང་བོད་པའི་བུ་མོ་དེ་རྒྱ་གར་བ་ཚོར་འབྲེལ་བ་ཡོད་ཚུལ་དང་། བོད་པའི་བུ་མོ་དེ་དང་རྒྱ་གར་ཕོ་གསར་དེ་གཉིས་སྔོན་མ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཡིན་སྟབས་ཕན་ཚུན་ངོ་ཤེས་ཡིན་ཚུལ་སོགས་རྗོད་ཀྱི་འདུག་པ་དེ་རྩ་བ་ནས་བདེན་པ་མ་རེད། རྒྱ་གར་ཕོ་གསར་དེ་བོད་ཁྱིམ་སློབ་མ་ཡིན་ཡང་། བུ་མོ་དེ་སུ་ཇ་སློབ་གྲྭའི་སློབ་མ་རེད། ཁོ་གཉིས་ལ་འབྲེལ་བ་རྩ་བ་ནས་ཡོད་པ་མ་རེད། ཅེས་ངོ་སྤྲོད་གནང་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 4

  1. སྣང་གསལ says:
    ལོ་ 10 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰི་ ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰི་ ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰི།

    Reply
  2. sodu says:
    ལོ་ 10 སྔོན།

    ཏྲེ་ཧོར་བྱམས་པ་ཡེ་ཤེས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་དང་སྦྲགས་ང་རང་བོད་རིགས་ཚོ་ཁ་མཁས་པོའི་ངང་མེག་གྷན་ཁུལ་སྡོད་བོད་རིགས་ལ་རྒྱུན་ཏན་མ་དགའ་བ་ལ་སོགས་རྙོགས་གླེང་ལངས་གྲབ་བྱས་མཁན་རིགས་ཀྱི་ཡོང་ཁུངས་ལ་དོགས་ཕོགས་དང་རྗེས་སོར་འགྱོད་པ་ཡོད་པ་ཞིག་བཟོ་ཐུབ་དགོས་རྒྱུ་དཔེ་གལ་ཆེན་པོ་མཐོང་གིས་འདུག གལ་ཏེ་ང་ཚོས་ངོས་ནས་འདི་འདྲ་ཞིག་བྱས་ཡོད་ན་ད་ག་བ་སླེབས་ཀྱི་རེད། ཚགས་པར་ད་ཧ་ཅང་ཅང་སྡུག་ངན་ན་ཕུང་པོ་ལམ་གཞུང་ལ་བཞག་སྟེ་ཡར་འགྲོ་མར་འགྲོ་ཡོངས་ལ་ངོ་སྤྲོད་བྱས་པ་སོགས་སྔོན་མ་ཅོང་ཏ་ར་ནང་ཆེན་གཞིས་ཆགས་ལ་ག་རེ་བྱས་སོང་དེ་ཡང་་ནག་ཉེ་བོད་པ་ལ་མེད་པ་ཡིན་ན་ཁོང་ཚོའི་རྒྱ་གར་ཁག་ཅིག་གི་གང་བྱས་སོང་། དེ་འདྲ་ཡིན་དུ་བོད་རིགས་རྣམས་ངེས་པར་དུ་ཐུགས་འཇགས་དང་སྦྲགས་ཡུལ་མི་མཉམ་མཐུན་པོ་དགོས་རྒྱུ་གལ་ཆེ་ན་ཡང་བོད་པ་ཁག་ཅིག་དཔེ་ཉེན་ཉེ་བོ་བྱས་པ་ནི་ཉིན་གཅིག་ཏག་ཏག་བཟོས་ཡོང་། ཁྱི་རྒྱ་གར་གཉིས་ལ་ངོ་ཚ་རྒྱུ་མེད་པ་གསལ་པོ་ཡིན་པ་ད་མི་ལོ་ལྔ་བཅུ་ལྷག་རྒྱ་གར་ལ་བསྡད་ཚར་དུ་ཉམས་མྱོང་ཡོད་དགོ་ཚོད་རེད། དེ་ལུགས་ཚང་མའི་བསམ་སྣོ་གཏོང་དགོས་ཡག་གལ་ཆེན་༷པོ་རེད་འདུག་བསམ།

    Reply
  3. མཻན་བུ། says:
    ལོ་ 10 སྔོན།

    “སྤྱིར་བཏང་ད་རེབ་མི་དེ་གསུམ་གྱི་ནག་ཉེས་དེ་རྒྱ་གར་གྱི་ཁྲིམས་ལྟར་བྱས་ན། ཉེས་ཁྲིམས་དོན་ཚན་ ༣༠༢ དང་ ༣༤ ཅན་དེ་ཕོག་ཡོད་པ་རེད།” དེ་ཙམ་མ་ཟད་བུ་མོར་བརྙས་བཅོས་དང་མ་རུང་བས་ཚིག་བེད་སྤྱད་ན་རྒྱ་གར་ཉེས་ཁྲིམས་ཨང་༢༩༤་དང་༥༠༩ ལ་སོགས་ཀྱང་ཕོག་དགོས་ངེས་ཡིན་པར་དེ་དག་ཐད་ཤུགས་སྣོན་རྒྱག་གལ་ཆེ།

    Reply
  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    ལས་ཀ་ཡག་པོ་འགྲུབ་འདུག་ཐུགས་རྗེ་ཆེ་ཞུ་བ་དང་།
    ད་མི་དམངས་ཀྱིས་ལག་དམར་བ་དེའི་ཚང་གི་མགྲོན་ཁང་དང་ཚོང་ཁང་ནང་དུ་བོད་མི་དང་འབྲེལ་ཡོད་ཀུན་ལ་འགྲུལ་སྡོད་དང་ཉོ་འཚོང་བྱ་རྒྱུ་མཚམས་འཇོག་དགོས་རྒྱུ་ཧ་ཅང་གི་གལ་ཆེ་རེད། ཐབས་ཤེས་འཇམ་པོའི་བཟོ་ལྟ་སྤྲད་དགོས་རྒྱུ་གལ་ཆེ་བ་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese