མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་དེབ་སྐྱེལ་ལ་གོ་སྐབས་གཉིས་པ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་དེབ་སྐྱེལ་ལ་གོ་སྐབས་གཉིས་པ་འབུལ་རྒྱུ་ཡིན་སྟབས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ ཉིན་ནང་ཚུན་དུ་དེབ་སྐྱེལ་ཟིན་པ་དགོས་ཀྱི་ཡོད་འདུག

 

༡༡༡༡ཟླ་འདིའི་ཚེས་༦ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སྟེ། འོས་བསྡུའི་དེབ་སྐྱེལ་ལ་གོ་སྐབས་གཉིས་པ་ཞིག་གནང་སྐྱོང་ཡོང་བའི་རེ་བ་ཞུ་མཁན་བྱུང་བ་ལྟར། གོ་སྐབས་གཉིས་པ་ཞིག་འབུལ་རྒྱུ་དགེ་མཚན་ཆེ་བར་གཟིགས་ཏེ། དོན་ཚན་གསུམ་གཏན་འབེབས་གནང་ཡོད་སྐོར་གསུངས་འདུག་སྟབས། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ ནང་ཚུན་དུ་དེབ་སྐྱེལ་ཟིན་པ་དགོས་ཀྱི་ཡོད་འདུག

 

དེ་ཡང་གསལ་བསྒྲགས་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ཀྱི་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་སྒྲིག་གསལ་ཆ་ཚང་ཟིན་པ་དང། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཡང་ལེགས་གྲུབ་བྱུང་ཡོད། ཡིན་ནའང་ས་གནས་མང་པོ་ཞིག་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་ཁྱབ་ཁོངས་ས་གནས་སུ་དེ་སྔ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་ཞུ་མ་ཐུབ་པ་དང་། རང་ལོ་ ༡༨ ཧྲིལ་པོ་ལོན་པ་རེ་ཟུང་འདུག་པ་དེབ་སྐྱེལ་བྱ་རྒྱུའི་དུས་ཚོད་འཕར་མ་ཞིག་གནང་སྐྱོང་ཞུ་མཁན་ཡོང་འདུག་པ་དེ་དག་གི་ཆེད། སླར་ཡང་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་དུས་ཚོད་གཉིས་པ་ཞིག་འབུལ་རྒྱུ་དགེ་མཚན་ལ་དགོངས་ཏེ་གཤམ་གསལ་ལྟར་གཏན་འབེབས་ཞུས་པ་ཡིན།

 

༡༽ དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚེས་ལས་རིམ་ལྟར་ ༢༠༡༦།༠༣།༢༠ ཉིན་ཡིན་པ་དེའི་ཉིན་བོད་ཀྱི་ཆབ་འབངས་སུ་ཞིག་རང་ལོ་ ༡༨ ཧྲིལ་པོ་ལོན་གྱི་ཡོད་པ་དང། ཡང་དེ་སྔོན་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་མ་ཐུབ་པ་ཡོད་རིགས་དེ་དག་གིས་སོ་སོའི་ཕྱི་ལོ་ ༢༠༡༥ ལོའི་དཔྱ་ཁྲལ་འབུལ་འབབ་ཆ་ཚང་ཕུལ་ཟིན་ཡོད་མེད་ཞིབ་རྒྱུ།

 

༢༽ ས་གནས་འོས་བསྡུའི་འགན་འཛིན་གྱིས་ཁྱབ་ཁོངས་ཡོངས་ལ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་གཉིས་པ་དགོངས་བཞེས་གནང་སྐོར་དང་།   ཁྱབ་ཁོངས་མི་མང་འོས་འཕེན་དེབ་འགོད་ཆ་རྐྱེན་ཚང་བ་ཡོད་རིགས་ནས་དེབ་སྐྱེལ་བྱེད་དགོས་པའི་བརྡ་ཁྱབ་མ་ལེན་མ་འགྱོད་མེད་པ་ཁུངས་སོ་སོ་ནས་འགན་འཁུར་གྱིས་འཐུས་ཚང་ཞུ་དགོས་རྒྱུ།

 

༣༽ ས་གནས་སོ་སོའི་ཁོངས་སུ་འོས་འཕེན་པའི་དེབ་སྐྱེལ་གསར་པ་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་འདྲེས་མེད་ཇི་བྱུང་གི་གྲངས་ཐོ་ཁ་གསལ་སྙིང་བསྡུས་ཤིག་འདི་གར་གང་སྔ་གློག་འཕྲིན་སོགས་བརྒྱུད་ནས་སྙན་གསན་ཞུ་དགོས་རྒྱུ། ཞིབ་ཆའི་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟུར་འཛར་ (ཀ) ནང་གསལ་ལྟར་ཐོབ་ཁུངས་བཅས་ཆ་ཚང་འཛོལ་མེད་ཞིབ་བཀང་གིས་ ༢༠༡༦།༠༢།༢༨ འགྱངས་མེད་འབུལ་འཐུས་བཅས་ཀྱི་གསལ་བསྒྲགས་སུ། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese