མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་ནད་ཀྱི་འབྱུང་རྩ་དམར་ཟས་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་དུས་བབ་གསར་ཁང་གི་དཔྱད་རྩོམ། པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

28wed3web-superJumboའཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (W.H.O) ནས་འབྲས་ནད་ཀྱི་འབྱུང་ཁུངས་སྐོར་གྱི་མཐའ་མའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཁྲོམ་རའི་དམར་ཟས་ལ་རོལ་བ་ནི་འབྲས་ནད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་ཀྱང་། འབྲས་ནད་འདིའི་རིགས་ཀྱིས་རྒྱལ་སྤྱིའི་མི་མང་བྱིངས་ཀྱི་ཚེ་སྲོག་ལ་ཉེན་ཚབས་ཆེན་པོ་མེད་སྐོར་བརྗོད།

 

རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པའི་ (IARC) དཔྱད་གཞི་གཞིར་བཟུང་བའི་ཐོག ཟླ་འདིའི་ཚེས་ ༢༨ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་དེའི་ནང་མུ་མཐུད། ཁྲོམ་རའི་ཕག་ཤ་དང་ཤ་རྒྱུ། རྐང་ཤ་རློན་པ་སོགས་ཚྭ་སྐམ་གཏོང་བ་དང་སྙལ་སྦྱོར་བྱེད་པ། ཡང་ན་འབྲས་ནད་སློང་བྱེད་ཀྱི་སྐྱུར་ཚྭ་སོགས་བྲོ་རྫས་སྣ་ཚོགས་སྤྱོད་པ་ལས་རྒྱུ་མའི་འབྲས་ནད་ (colon cancer) དང་ཕོ་བའི་འབྲས་ནད་ (stomach cancer) རིགས་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་བ་དང་། གལ་ཏེ་ཁྲོམ་རའི་དམར་ཟས་ལ་སྐྱུར་ཚྭ་སོགས་བྲོ་རྫས་རིགས་ཇེ་ཉུང་དུ་བཏང་བ་ཡིན་ན། རྒྱུ་མའི་འབྲས་ནད་དང་ཕོ་བའི་འབྲས་ནད་རིགས་སྔོན་འགོག་ཐུབ་ཀྱི་ཡོད་སྐོར་བཀོད་འདུག

 

རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པས་ཕག་ཤ་དང་གླང་ཤ་མདོག་དམར་པོ་ཆགས་ཡོད་པའི་རིགས་ལས་རྒྱུ་ཆེན་རྒྱུ་ཆུང་གི་འབྲས་ནད་དང་། སྐྱེས་འཕེལ་མ་ལག་གི་རྨེན་བུ་དང་གཤེར་རྨེན་གྱི་འབྲས་ནད་རིགས་འབྱུང་གི་ཡོད་པར་ཚོད་དཔག་བྱས་ཏེ། ཁོ་ཚོས་ཧ་ལམ་བདུན་ཕྲག་གཅིག་མ་ཟིན་ཙམ་ནང་ཁྲོམ་རའི་དམར་ཟས་རིགས་ལས་འབྲས་ནད་སྣ་ཚོགས་འབྱུང་གི་ཡོད་པ་དང་། སྒོས་སུ་ཐ་མག་ལས་ཚབས་ཆེ་བའི་འབྲས་ནད་འབྱུང་གི་ཡོད་པ་དངོས་ར་གསལ་འཕྲོད་བྱུང་ཡོད་ཀྱང་། སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་ (Stanford University) གྱི་ནད་རིགས་སྔོན་འགོག་ཚན་པའི་འགན་འཛིན་སྐུ་ཞབས་རྗོན་ཨོན་ནེ་ཌེ་སི་ (John Ioannidis) ལགས་ཀྱིས། ངས་བསམ་ན། ང་ཚོས་མི་མང་ལ་དམར་ཟས་རིགས་རྩ་བ་ནས་བཟའ་མི་འོས་པའི་ཞེད་སྣང་སྐུལ་མི་རིགས་པར་འདོད། ཅེས་བརྗོད་པ་རེད།

 

རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པའི་སྡོམ་རྩིས་ལྟར་ན། འཛམ་གླིང་སྒང་ལོ་གཅིག་ནང་རྡོ་ཐའི་གནོད་སྐྱོན་ལས་མི་ས་ཡ་ ༡ ལྷག་གི་ཚེ་སྲོག་འཆོར་གྱི་ཡོད་པ་དང་། ཆང་རག་གི་གནོན་འཚེ་ལས་མི་འབུམ་ ༦༠༠ ལྷག དེ་བཞིན་ཞགས་ཚིལ་མང་བའི་ཤ་རིགས་ལས་མི་ཁྲི་ ༣༤ ཡས་མས་ཤིག་རྐྱེན་འདས་སུ་འགྲོ་བཞིན་ཡོད་འདུག

 

ཐེངས་འདིའི་འབྲས་ནད་ཀྱི་འབྱུང་ཁུངས་སྐོར་གྱི་མཐའ་མའི་ཞིབ་འཇུག་སྙན་ཐོ་དེ་ནི། རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པའི་རེ་སྐུལ་ལྟར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ ༡༠ ཡི་ཚན་རིག་པ་ ༢༢ མཉམ་འབྲེལ་གྱིས་འབྲས་ནད་ཅན་གྱི་སློབ་ཕྲུག་ ༨༠༠ ལྷག་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་མཐའ་འབྲས་ཤིག་ཡིན་པ་རེད། འོན་ཀྱང་ཚན་རིག་ལྷན་ཚོགས་འདིས་རྒྱལ་སྤྱིའི་ནད་རིགས་སྔོན་འགོག་གི་ཆེད་ལས་མཁས་པ་མང་པོའི་དགོངས་ཚུལ་མི་འདྲ་བ་སྣ་ཚོགས་གཞིར་བཟུང་བའི་ཐོག འབྲས་ནད་ཀྱི་འབྱུང་རྐྱེན་དང་སྔོན་འགོག་གི་བྱེད་ཐབས་གསར་བ་གང་ཡང་རྙེད་མེད།

 

དེ་ཡང་ཚན་རིག་ལྷན་ཚོགས་འདིས་མི་མང་གིས་འབྲས་ནད་སློང་བྱེད་ཀྱི་བཟའ་བཏུང་རིགས་གང་དག་བསྟེན་གྱི་ཡོད་པ་གཞིར་བཟུང་སྟེ་ནད་ཡམས་ལ་དཔྱད་ཞིབ་གནང་བ་ཡིན་པས། ཁོ་ཚོས་འབྲས་ནད་ཀྱི་འབྱུང་རྐྱེན་གཙོ་བོ་དེ་གང་ཡིན་པ་ངོས་འཛིན་ཐུབ་མེད་ཀྱང་། རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པས་དམར་ཟས་ལས་འབྲས་ནད་འབྱུང་གི་ཡོད་པ་ནི། རྡོ་ཐ་ལས་འབྲས་ནད་འབྱུང་གི་ཡོད་པ་ལྟར་ཧ་ཅང་གསལ་བོ་ཡིན་སྐོར་བརྗོད་འདུག

 

ཟས་བཅུད་མེད་ཅིང་ཚྭ་ཆུ་བརྒྱབ་པའི་ཁྲོམ་རའི་གླང་ཤ་དང་ཤ་རྒྱུ་སོགས་དམར་ཟས་རིགས་ལས་འབྲས་ནད་འབྱུང་གི་ཡོད་པར་འཛེམ་དོགས་གནང་མཁན་ཚོས། ཉིན་ལྟར་དམར་ཟས་ལོངས་སུ་སྤྱད་དེ་རང་ཉིད་ཀྱི་ཚེ་སྲོག་ལ་འཇིག་ཉེན་སློང་གི་ཡོད་ཅིང་། ཐེངས་འདིའི་བརྟག་དཔྱད་ཞིབ་འཇུག་བརྒྱུད། འབྲས་ནད་ཀྱི་འབྱུང་ཁུངས་དམར་ཟས་ཡིན་པ་ཅུང་མངོན་གསལ་བྱུང་ཡོད་ནའང་། ད་དུང་དེའི་རྒྱུ་རྐྱེན་གཙོ་བོ་ངོས་འཛིན་ཐུབ་ཡོད་པ་མ་རེད།

 

རྒྱལ་སྤྱིའི་འབྲས་ནད་ཞིབ་འཇུག་ཚན་པའི་ཞིབ་འཇུག་གི་གྲུབ་འབྲས་དེ་ཡང་ཉེ་ལམ་ཨ་རིའི་འབྲས་ནད་སྔོན་འགོག་མཐུན་ཚོགས་དང་འཛམ་གླིང་འབྲས་ནད་ཞིབ་འཇུག་ཐེབས་རྩ་ཁང་གཉིས་ཀྱི་དཔྱད་གཞི་ལ་གཞིར་བཞག་པ་ཞིག་ཡིན་ཞིང་། ཨ་རིའི་སྤྱི་མཐུན་སྲིད་གཞུང་གི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གི་ཆེད་མཁས་པ་ཞིག་གིས། མི་མང་གིས་ཟས་བཅུད་མེད་པའི་དམར་ཟས་རིགས་ལ་ལོངས་སྤྱོད་མི་རུང་ཚུལ་སློབ་སྟོན་གནང་བ་ལྟར། མཇུག་མཐར་མི་མང་ལ་དམར་ཟས་སྤོང་ཐབས་ཀྱི་བསླབ་བྱ་ལམ་སྟོན་མང་དུ་གཏོང་རྒྱུ་ནི་སྐབས་སུ་བབ་པའི་འོས་འགན་གཡོལ་དུ་མེད་པ་ཞིག་རེད།

 

མ་རྩོམ་འབྲེལ་ཐག http://www.nytimes.com/2015/10/28/opinion/meat-as-a-cause-of-cancer.html

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. སྐར་མདའ། says:
    ལོ་ 11 སྔོན།

    སྐྲན་ནད་ཀྱི་རིགས་ལ་དོ་སྣང་གནང་དགོས་པའི་བསྒྱུར་རྩོམ་འདི་ནི། གནད་འགག་གི་སྐད་ཆ་ཞིག་ཆགས་འདུག དམིགས་བསལ་བོད་པའི་སྤྱི་ཚོགས་ནང་ལ་གལ་ཆེན་ཡིན། བོད་རིགས་རྣམས་ཀྱི་དོན་དག་ཅིག་ཧ་གོ་ན་ཡང་། མིག་མཐོང་ལག་ཟིན་མ་བྱུང་ན། ཁ་ཡ་དེ་ཙམ་མི་བྱེད་པའི་རྒྱུན་སྲོལ་ངན་པ་གོམས་ལོབས་སུ་གྱུར་ཡོད་པས་ཡིན།

    Reply
  2. འགྱུར་མེད། says:
    ལོ་ 11 སྔོན།

    ཁམས་བདེ་སྐོར་གྱི་གནས་ཚུལ་སྤེལ་བ་དེ་ཡག་པོ་འདུག ཐུགས་རྗེ་ཆེ། འོན་ཏང་བསམ་ཚུལ་ཞུ་རྒྱུར་རང་རེའི་བོད་མིའི་སྤྱི་ཚོགས་ནང་དམར་ཟས་ལོངས་སུ་སྤྱོད་མཁན་ཧ་ཅང་མང་པོ་རེད། ཁོང་ཚོས་དམར་ཟས་བཟས་རྗེས་འདི་ལྟའི་ན་ཚ་ཡོང་གི་ཡོད་པ་མཁྱེན་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། དེས་ན་རང་རེའི་འཕྲོད་བསྟེན་ལས་ཁུངས་ཀྱིས་དེའི་སྟེང་དགོངས་པ་ཆེ་ཙམ་བཞེས་ནས་དམར་ཟས་མིན་པའི་ཁ་ཟས་སྤྱོད་དགོས་པའི་ལམ་སྟོན་དང་། དམར་ཟས་སྤྱོད་པའི་ཉེས་སྐྱོན་དང་མཇུག་འབྲས་སོགས་ཐེངས་གཅིག་ཙམ་མ་ཡིན་པར་ཡང་ཡང་ངོ་སྤྲོད་བྱེད་དགོས་པ་གནད་ཁག་ཆེན་པོ་རེད་འདུག་བསམས།

    Reply
  3. བློ་བཟང་ཐབས་མཁས says:
    ལོ་ 11 སྔོན།

    ད་དུང་བསྒྱུར་རྩོམ་དེའི་རིགས་མང་ཙམ་སྤེལ་ཐུབ་ན་ང་ཚོའི་སྤྱི་ཚོགས་འདིའི་ནང་ལ་ཕན་ཐོགས་ཆེན་པོ་འདུག་གང་ཡིན་ཞུས་ན་མི་རབས་རྒན་པ་དང་གྲྭ་བཙུན་མང་པོ་ཞིག་ལ་ཕྱིའི་སྐད་ཡིག་གི་འཕོང་བའི་རྐྱོན་གྱི་ཕྱིའི་གནས
    ཚུལ་མང་པོ་ཤེས་འདོད་ཡོད་ཀྱང་ཤེས་ཐུབ་ཀྱི་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese