མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྗེས་མར་ལྡི་ལིར་ལས་འགུལ་ཞིག་སྤེལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨེ་ཤ་ཡའི་ལྷན་ཚོགས་ཐོག་ལོ་རྗེས་མའི་ཕྱི་ཟླ་བདུན་པའི་ནང་ལྡི་ལིར་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུར་གྲོས་འཆམ་བྱུང་ཡོད་འདུག

 

_DSC0097དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག དྷ་ས་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤ་ཡ་ཁུལ་གྱི་ལྷན་ཚོགས་ཐེངས་ ༤ པའི་གོ་སྒྲིག་འོག ཉིན་གསུམ་རིང་རྒྱལ་སྤྱིའི་སྒང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བར་མཉམ་འབྲེལ་གྱིས་ནུས་ཤུགས་ཆེར་སྐྱེད་ཀྱི་ཆོད་སེམས་ཐོག བོད་འཛམ་གླིང་གི་སྣེ་གསུམ་པ་དང་རྒྱ་གར་ཞུ་གཏུགས་ཀྱི་བདུན་ཕྲག དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཀློད་གྲོལ་ཡོང་ཐབས་སོགས་གནད་དོན་གསུམ་གྱི་ཐད་ལ་དམིགས་བསལ་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་པའི་སྐོར་ལ་ གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

 

ཚོགས་ཐོག་ཏུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱུན་ལས་ཚོགས་གཙོ་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། ད་རེབ་ཀྱི་ཚོགས་ཆེན་སྟེང་གཙོ་བོ་ལས་འགུལ་ཁག་ ༥ ཡི་གྲོས་གཞིའི་ཐོག་གྲོས་བསྡུར་བྱུང་ཡོད་པ་དང་། དེ་ཡང་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་བཙོན་པ། བོད་ནང་དུ་ལི་ཐིམ་ (Lithium) སོགས་གཏེར་ཁ་སྔོག་འདོན་དང་། བོད་རྒྱ་འབྲེལ་མོལ། རྒྱ་གར་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་སོགས་ཀྱི་སྐོར་ལ་ཚོགས་ཞུགས་པ་རྣམས་ཀྱིས་གོ་བསྡུར་ཞིབ་ཚགས་བྱས་མཐར་མང་མོས་ཐོག་ཨེ་ཤ་ཡ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་འགུལ་ལག་བསྟར་བྱ་རྒྱུའི་ལས་འཆར་ཁག་གསུམ་བདམས་ཡོད། དེ་དག་ནི། ༢༠༡༦ ལོའི་ཕྱི་ཟླ་ ༧ པའི་ནང་བདུན་ཕྲག་གཅིག་རིང་ལྡི་ལིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ལས་འགུལ་དེ་བརྒྱུད་ནས་རྒྱ་གར་གྲོས་ཚོགས་འཐུས་མིར་བོད་ཀྱི་གནད་དོན་ཐོག་ལས་དོན་སྒྲུབ་རྒྱུ་ནི་རྒྱ་གར་གྱི་ཁེ་ཕན་ལ་ཐུག་ཡོད་པ་དང་། གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་ཐུབ་པར་སྐུལ་འདེད་ཡོང་བ་བྱ་རྒྱུ་དེ་ཡིན།

 

ལས་འགུལ་འདི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་སྡེ་ཁག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་མཉམ་འབྲེལ་ཐོག་བསྒྲུབ་རྒྱུ་གཏན་འཁེལ་ཡོད་ཅིང་། བོད་འཛམ་གླིང་གི་སྣེ་གསུམ་པ་ཞེས་པ་དེ་བདུན་ཕྲག་གཅིག་རིང་འཆར་ལོའི་ཧྥ་རན་སར་འཚོགས་གཏན་འཁེལ་བའི་ཀོབ་ཚོགས་ཆེན་ (COP21) སྐབས་ཀྱི་ལས་འགུལ་དང་འབྲེལ། ལྡི་ལིར་ཞུ་གཏུགས་དང་ལྷན་ཚོགས། གནམ་གཤིས་འགྱུར་ལྡོག་གི་མི་མང་གི་གོམ་བགྲོད་སོགས་གྲ་སྒྲིག་ལས་འགུལ་བདུན་ཕྲག་གཅིག་རིང་སྤེལ་རྒྱུ་ཡིན་ལ། ལས་འགུལ་དེའི་ཁྲོད་རྒྱ་གར་གཙོས་པའི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ ༩ ནང་མང་ཚོགས་རང་བཞིན་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་བཙལ་ཏེ་འཕྲལ་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡོང་ཐུབ་བྱ་རྒྱུ་སོགས་ཚུད་ཡོད།

 

དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཀློད་གྲོལ་ (བོད་ཀྱི་དཔའ་བོ་རྣམས་ལ་རང་དབང) ཡོང་བའི་ལས་འགུལ་འདི་ནི་སྔར་ལྷག་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ཤུགས་ཆེར་གླེང་ཐུབ་པ་དང་བཙོན་གྲོལ་ཡོང་ཐབས། བློ་བཟང་བསྟན་འཛིན་གྱིས་མཚོན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། དོན་དམ་རང་དབང་གང་ཡང་མེད་པའི་གནས་སྟངས་འོག་ལྷག་ཡོད་པའི་རིགས་ལ་དོ་སྣང་ཡོང་བ་བྱ་རྒྱུ་དེ་ཡིན། ལས་འགུལ་འདི་ང་ཚོའི་ལོ་ཐོའི་ནང་བོད་ཀྱི་དཔའ་བོའི་ཉིན་མོ་ཞིག་ཏུ་བཀོད་དེ། ལོ་ལྟར་བོད་ཀྱི་དཔའ་བོའི་ཉིན་མོ་ཞིག་སྲུང་བརྩི་བྱ་ཐུབ་པའི་གྲོས་མགོ་འདོན་རྒྱུ་ཡིན་སྐོར་བརྗོད་སོང་།

 

ཁོ་མོས་མུ་མཐུད་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྐུ་ཞབས་པེན་ཤུང་ལེ་ཡིས་ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་ཞུགས་པ་ཡོངས་ཀྱིས་མང་མོས་བདམས་དོན་བྱུང་བའི་ལས་འགུལ་ཁག་དང་དེ་དག་གི་ལས་འཆར་ཚད་ལྡན་བྱུང་ཡོད་པ་དང་། འབྲེལ་མཐུད་ཁང་གི་ངོས་ནས་ཀྱང་ལས་འགུལ་དེ་དག་དོན་འཁྱོལ་ལག་བསྟར་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་ཆོད་སེམས་བརྟན་པོ་ཡོད། འབྱུང་འགྱུར་བདུན་ཕྲག་འགའི་ནང་ང་ཚོས་ཐེངས་འདིའི་ཚོགས་འདུའི་གྲུབ་དོན་སྐོར་ཚོགས་ཞུགས་མ་ཐུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་གཞན་དག་ལ་ཤེས་རྟོགས་དང་ལས་འགུལ་རིམ་པའི་ནང་མཉམ་ཞུགས་ཡོང་རྒྱུར་ཤུགས་གནོན་རྒྱག་གི་ཡིན་ཞེས་གསུངས་ཡོད་སྐོར་དང་། ཡང་ཚོགས་བཅར་བ་སྐུ་ཞབས་ཝེ་ཇི་ཡས་ངས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས་ནས་ལོ་ ༤༣ འགྲོ་གི་འདུག མཚམས་རེར་བློ་ཕམ་དང་ཕྱིར་འཐེན་བྱ་དགོས་མིན་འགྲོ་བསམ་པའི་སྐབས་སུ་རང་ཉིད་ ཀྱིས་བོད་ཀྱི་རྩ་དོན་དང་བོད་མི་རིགས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་གཏོགས་གང་ཟག་རེ་ཟུང་གི་སླད་དུ་མིན་སྟབས། ད་ལྟའི་བར་རྒྱབ་སྐྱོར་བྱས་པ་ཡིན་ལ། མ་འོངས་པར་ཡང་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་བྱ་ངེས་ཡིན། ཐེངས་འདིའི་ཚོགས་ཆེན་སྟེང་ང་རང་ལ་སྟོབས་ཤུགས་དང་སེམས་ཤུགས་འཕར་མ་ཞིག་བྱུང་སོང་། ཞེས་གསུངས་ཡོད་སྐོར་བརྗོད་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. གཅན བཟོད་རྒྱམ། says:
    ལོ་ 11 སྔོན།

    ད་ལས་འགུལ་སྤེལ་རྒྱུ་ཡིན་ཟེར་ནས་འཇིགས་སྐྱེད་རྒྱུ་ཅང་མི་འདུག ཡིད་ཆེས་དང་སེམས་ཤུགས་མི་འདུག ཁྱོད་ཚོས་བྱེད་བབ་དེར་རེ་བ་འཇའ་ནང་བཞིན་ཡལ་ཚར་འདུག སྐྱབས་སུ་མཆིའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese