མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དབུལ་བོ་ཚོའི་དཀའ་སྡུག་སེལ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

དྷ་རམ་ས་ལའི་ཁེ་འཁོར་གྱི་རྒྱ་གར་དབུལ་གྲོང་དག་གི་བྱིས་པ་ཚོར་སློབ་སྦོང་དང་། ནད་པ་ཚོར་སྨན་བཅོས་བཅས་ཀྱི་རོགས་སྐྱོར་གནང་བཞིན་པའི་བོད་པའི་གཏོང་ལེན་བདེ་རྩ་ཚོགས་པའི་གསར་འགོད་ལྷན་ཚོགས་བསྡུས།

 

DSC_2766དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་དྷ་ཤོད་དྷོ་ལ་དྷར་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། གཏོང་ལེན་བདེ་རྩ་ཚོགས་པས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། གཏོང་ལེན་བདེ་རྩ་ཚོགས་པའི་འགན་འཛིན་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས། འདས་པའི་ལོ་ངོ་ ༡༡ རིང་གཏོང་ལེན་བདེ་རྩ་ཚོགས་པས་རྒྱ་གར་གྱི་དབུལ་གྲོང་ཁག་ནང་ལས་ཀ་མང་པོ་བྱས་ཡོད་པ་དང་། དམིགས་བསལ་ཤེས་ཡོན་ཐོག་ལ་གྲུབ་འབྲས་ཡག་པོ་ཐོན་ཡོད་པ་དང་། ཕྲུ་གུ་མང་པོ་སློབ་གྲྭར་འགྲོ་བའི་གོ་སྐབས་བསྐྲུན་པ། གད་སྙིགས་དང་སྤྱི་ཚོགས་ཁྲོད་སློང་མོ་བྱས་ཏེ་སྔོན་ཆད་སློབ་གྲྭར་འགྲོ་བའི་གོ་སྐབས་རག་མྱོང་མེད་ཀྱང་། ད་ལྟ་རྒྱ་གར་མཐོ་སློབ་ལ་འགྲོ་ཐུབ་པ་དེ་གཏོང་ལེན་བདེ་རྩ་ཚོགས་པའི་ཤེས་ཡོན་སྡེ་ཚན་གྱི་གྲུབ་འབྲས་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

 

གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་བརྗོད་དོན། གཏོང་ལེན་ཚོགས་པས་ཉམ་ཐག་དབུལ་བོ་ཚོར་རོགས་སྐྱོར་བྱེད་པའི་རྒྱུ་མཚན་གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་མི་གཞན་ལ་རོགས་སྐོར་དང་། ལྷག་དོན་ཉམ་ཐག་ལ་ཕན་ཐོགས་པ་དེ་ང་རང་གྲྭ་བ་ཞིག་ཡིན་པའི་ཆ་ནས་འོས་འགན་རེད་ལ། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྒྱས་པ་དང་སྐུ་ཚེ་བརྟན་པའི་ལས་ཀ་ཆེད་དུ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་དེ་ལོ་རྒྱུས་ཐོག་དང་ལྷག་པར་དུ་འདས་པའི་ལོ་ ༥༦ རིང་ང་ཚོར་བཀའ་དྲིན་ཆེན་པོ་དང་ང་ཚོས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞེས་པའི་ཁེ་ཕན་ཡོད་པར་གཞི་བཞག་ནས་གཏོང་ལེན་བདེ་རྩ་ཚོགས་པའི་ལས་ཀ་བྱེད་ཀྱི་ཡོད།

 

འདི་གའི་ལས་ཀ་ཚགས་ཚུད་ཡོང་བ་དེ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་རོགས་སྐྱོར་བྱས་སྟབས། གཏོང་ལེན་གྱིས་མི་མང་འདི་འདྲར་རོགས་པ་བྱེད་ཐུབ་པ་དང་། ལྷག་པར་མི་མང་སྟོང་ཕྲག་ནས་སྟོང་ཕྲག་ལ་ཉིན་ལྟར་འཕྲོད་བསྟེན་ལྟ་སྐྱོང་དང་། གསོན་པའི་རེ་བ་བརླག་སྟེ་ཤི་བར་སྒུག་ཡོད་མཁན་ནད་པ་བརྒྱ་ཕྲག་ལྷག་ལ་སྨན་བཅོས་ཐོབ་སྟེ་ད་ལྟ་ལུས་པོ་བདེ་ཐང་ཆགས་ཡོད་པ་རེད།

 

སྤྱིར་བཏང་གསར་འགོད་གསལ་བསྒྲགས་བྱས་པ་དེ་གཏོང་ལེན་དྲིལ་བསྒྲགས་ཀྱི་རྒྱུ་མཚན་མེད་ཀྱང་། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་གཏོང་ལེན་བདེ་རྩ་ཚོགས་པ་འདི་ལྟ་བུའི་བོད་པའི་ཚོགས་པ་ཞིག་གིས་རྒྱ་གར་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱིས་ལས་རིམ་འདི་འདྲ་སྤེལ་བཞིན་ཡོད་པ་དེ་མི་ཚང་མས་མཁྱེན་རྟོགས་དགོས་པ་དེའང་གལ་ཆེན་པོར་མཐོང་གི་ཡོད།

 

ང་ཚོས་འདིར་ཡོད་པའི་ཕྲུ་གུ་དག་དང་ལྷག་པར་དུ་ཁྱིམ་ཚང་ནང་ཡོད་པའི་ཕྲུ་གུ་དེ་དག་སློབ་གྲྭ་འགྲོ་ཐུབ་ཙམ་དང་བརྒྱ་ཆ་ལེན་ཐུབ་པ་ཙམ་མ་ཡིན་པར་གཙོ་བོ་མི་བཟང་པོ་དང་ཀུན་སྤྱོད་ཡག་པོ་ཡོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་མི་ཡག་པོ་ཞིག་སྐྱེད་སྲིང་ཐུབ་པ་ཡིན་ན་རྗེས་སུ་ཕྲུ་གུ་ཁོ་རང་ཚོར་གོ་སྐབས་བྱུང་ན་གཞན་དང་སྤྱི་ཚོགས་ལ་ཕན་ཐོགས་པ་ཞིག་ཆགས་ཀྱི་ཡོད་སྟབས། སློབ་གསོ་བསྒྲུབ་པ་དང་སློབ་གྲྭར་འགྲོ་བ་ཙམ་མིན་པར་ཕྲུ་གུ་ཚོའི་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་གི་ཡོད། དཔེར་ན། ཕྱི་ལོ་ ༢༠༠༣ དང་ ༢༠༠༤ ལོའི་བར་ང་ཚོས་ཡོང་གི་མ་རེད། ང་ཚོས་འཇོན་གྱི་མ་རེད། གནས་སྟངས་འདི་ང་ཚོའི་ལས་དབང་རེད་ཅེས་ཤོད་ནས་སྡོད་མཁན་དེ་ཚོ་ཡང་། ད་ལྟ་འདི་འདྲའི་གཟེངས་སུ་མཐོན་ཏེ་སྤྱི་ཚོགས་ནང་མི་གཞན་པ་ལྟར་འདྲ་འདྲ་འཐོན་ཐུབ་པ་དེ་གཏོང་ལེན་ཚོགས་པའི་བྱས་རྗེས་དང་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུང་སོང་།

 

ཁོང་གིས་མུ་མཐུད་དུ། ང་ཚོའི་རེ་བར་གལ་ཏེ་ང་ཚོས་སློབ་མའི་སྡོད་ཁང་རྒྱག་ཐུབ་པ་བྱུང་ན། དབུལ་གྲོང་གི་ཕྲུ་གུ་མང་པོར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་གཙོས་བའི་གཏོང་ལེན་བདེ་རྩ་ཚོགས་པའི་ཡན་ལག་ཁག་དང་། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རོགས་ཚོགས་ཁག་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ལོ་རྗེས་མར་ང་ཚོས་ཧི་མ་ཅལ་མངའ་ཁུལ་གྱི་ཕྲུ་གུ་ ༡༣༠ ལྷག་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུའི་འཆར་གཞི་ཡོད།

 

ང་ཚོ་གཏོང་ལེན་བདེ་རྩ་ཚོགས་པར་ཕ་མ་ཡོད་པའི་ཕྲུ་གུ་ ༡༠༠ དང་། ཕ་མ་དང་བདག་པོ་མེད་པའི་ཕྲུ་གུ་ ༡༥༠ ལྷག་ཡོད་པ་ཚོའི་ཉིན་རེའི་བཞེས་ལག་དང་སློབ་སྦྱོང་སོགས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༥༠ ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་གནང་གི་ཡོད་པ་དང་། འདི་ལ་རྒྱ་གར་གཞུང་གིས་དམིགས་བསལ་རོགས་སྐྱོར་གང་ཡང་གནང་གི་མེད་སྟབས། དེ་རིང་འདིར་རྒྱ་གར་གསར་འགོད་པ་མང་པོ་ཕེབས་ཡོད་པ་ལྟར། གནས་ཚུལ་འདི་རྒྱ་གར་སྤྱི་གཞུང་གཉིས་ཀྱིས་མཁྱེན་རྟོགས་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་ངོས་ནས་ཁྱིམ་ཚང་དང་དབུལ་གྲོང་། འཕྲོད་བསྟེན་བཅས་སྡེ་ཚན་གསུམ་གྱི་ཐོག་སྦྱིན་བདག་གནང་གི་ཡོད་པ་རེད། ཅེས་བརྗོད་སོང་།

 

before-and-after-x-16སྐབས་དེར་གཏོང་ལེན་སློབ་གྲྭའི་སློབ་མ་ཞིག་གིས། ང་གཏོང་ལེན་སློབ་གྲྭར་མ་བསླེབས་སྔོན་ལ་གད་སྙིགས་འཐུ་བ་དང་། སྐབས་རེར་སློང་མོ་རྒྱག་གི་ཡོད། ང་འཚར་ལོངས་བྱུང་སའི་དབུལ་གྲོང་གི་འཚོ་གནས་ཧ་ཅང་སྐྱོ་བོ་ཡོད་སྟབས། ངས་གནས་སྟངས་དེ་གསལ་བོར་ཞུ་ཐུབ་པ་མི་འདུག ང་གཏོང་ལེན་སློབ་གྲྭར་འཛུལ་རྗེས་ངའི་མི་ཚེ་ལ་འགྱུར་བ་ཐེབས་སོང་། གཏོང་ལེན་སློབ་གྲྭའི་ཁོར་ཡུག་དང་ང་རང་འཚར་ལོངས་བྱུང་སའི་དབུལ་གྲོང་གི་ཁོར་ཡུག་གཉིས་རྦད་དེ་འདྲ་གི་མི་འདུག ང་གཏོང་ལེན་སློབ་གྲྭའི་ཁོར་ཡུག་བཟང་བོ་འདི་ནས་འཚར་ལོངས་བྱུང་ཡོང་བའི་སྐབས་ལ། ངའི་གཤིས་སྤྱོད་ཐད་ནས་ཡག་པོ་ཆགས་ཀྱི་ཡོད་པ་མ་ཟད། ངའི་མ་འོངས་མི་ཚེ་མདུན་ལམ་ཡང་ཡག་པོ་ཡོང་བའི་ཡིད་ཆེས་ཡོད། ཅེས་བརྗོད་སོང་།

 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གཏོང་ལེན་བདེ་རྩ་ཚོགས་པའི་སློབ་སྐྱོང་འོག་ད་བར་རྒྱ་གར་གྱི་སྨན་སློབ་དང་བཟོ་སློབ་སོགས་མཐོ་རིམ་སློབ་ཁག་ནས་ཕྲུ་གུ་ ༧ ཙམ་ཐོན་ཡོད་པ་དང་། ལོ་རྗེས་མར་ཕྲུ་གུ་དེ་ལས་མང་བ་འཐོན་ཐུབ་པའི་འཆར་གཞི་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༩ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 7

  1. ཀུན་དགའ། says:
    ལོ་ 11 སྔོན།

    གསར་འགྱུར་འདི་རིགས་གང་མང་སྟོན་དགོས་གལ། གསར་འགོད་པ་རྣམས་ཀྱི་ཆོས་ཀྱི་ངོ་བོ་ཨོ་མ་ནི་པད་མའི་ཧུ་གཅིག་པོ་མིན་པ་བསླབས་དགོས། གིང་ས་མཆོག་གི་སྐུ་སྒིར་དང་གཏོང་ལེན་ལ་ཐུགཟ་རྗེ་ཆེ་དང་བཀའ་འདྲིན་ཆེ་ཞུ།

    Reply
  2. བསྟན་འཛིན། says:
    ལོ་ 11 སྔོན།

    ཕན་པ་སུ་ལ་གྲུབ་ཀྱང་ཁྱད་མེད་རེད། བོད་པ་ཡིན་རུང་རྒྱ་གར་བ་ཡིན་རུང་དོན་དངོས་ལ་འགྲོ་བ་མི་ཡི་མི་ལ་ཕན་པ་གྲུབ་པ་རེད། དགའ་བསུ་ཞུ།།

    Reply
  3. རྒྱ ཚ says:
    ལོ་ 11 སྔོན།

    རང་ཡུལ་མུན་པས་འཐིབ། གཞན་ཡུལ་འོད་ཀྱིས་རྒྱང་།་ཞེས་པ་དེ་འདྲ་པོ་རེད།

    Reply
  4. ཀུན་ཕན། says:
    ལོ་ 11 སྔོན།

    བཀའ་དྲིན་ཆེ། གྲྭ་བློ་བཟང་འཇམ་དབྱངས་ལགས།

    Reply
  5. ཚུལ་ཁྲིམས says:
    ལོ་ 11 སྔོན།

    ཐོག་མ་གཏོང་ལེན་ཚོགས་པའི་ཚོགས་གཙོ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་དང་རླབས་ཆིན་གྱི་ལས་ཀ་དེ་འདྲ་དང་པོ་སེམས་ལ་དྲན་པ་ཁྱེད་ཀྱི་རྗེས་སུ་ཡི་རིངས་ཡོད་ལགས,,,,,,

    Reply
  6. བརྩོན་རྒྱམ། says:
    ལོ་ 11 སྔོན།

    རླབས་ཆེན་རེད་མི་རིགས་ཀྱི་དཔའ་བོ་རེད་རྗེས་སུ་ཡི་རིངས་དང་བཀྲིན་ཆེ་ཞུ་འདོད་བྱུང་།

    Reply
  7. ཡ་ལོ། says:
    ལོ་ 11 སྔོན།

    ཆོས་ཀྱི་སྙིང་པོ་དེ་རང་རེད་ལ། སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese