མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཡོ་པང་གིས་ནག་ཉེས་བཟོས་མྱོང་མེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཧུའུ་ཡོ་པང་སྐྱེས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་སྟེང་ཧུའུ་ཡོ་པང་ལ་བསྟོད་བསྔགས་ཆེན་པོ་བྱས་པ་དེ་ཧུའུ་ཡོ་པང་གི་ནག་ཉེས་ལ་གཡོལ་བའི་ཆེད་དུ་རེད་ཟེར།

རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཙོས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་རྣམས་ལྷན་ཞུགས་ཐོག རྒྱ་ནག་གི་སྲིད་བློན་ཟུར་པ་འདས་པོ་ཧུའུ་ཡོ་པང་སྐྱེས་ནས་ལོ་ ༡༠༠ འཁོར་བའི་རྗེས་དྲན་གྱི་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིན་གྱིས་ཧུའུ་ཡོ་པང་ནི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་བསྔགས་བརྗོད་དང་ཧུའུ་ཡོ་པང་ལ་སློབ་སྦྱོང་བྱ་དགོས་པ་མ་ཟད། ཧུའུ་ཡོ་པང་གིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་ཏང་དང་མི་མང་ལ་བློས་གཏོང་བྱས་ཡོད་སྐོར་བརྗོད་འདུག

གོང་གི་གནས་ཚུལ་སྐོར་ནེའུ་ཡོག་དུས་བབ་གསར་ཁང་གིས་སྤེལ་བའི་ནང་། རེས་གཟའ་པ་སངས་ཉིན་རྒྱ་ནག་དམར་ཤོག་གི་རྒྱུན་སྲོལ་ལྟར་ཞི་ཅིན་ཕིན་གྱིས་ཧུའུ་ཡོ་པང་ལ་བསྔགས་བརྗོད་བྱས་ཡོད་ཀྱང་། མི་གཤིས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ནས་ཧུའུ་ཞི་གཉིས་འགལ་ཟླ་ཡིན་པ་གསལ་བོ་རེད་འདུག ཅེས་དང་། ལོ་རབས་ ༨༠ པའི་ནང་ཧུའུ་ཡོ་པང་ནི་རང་དབང་ལ་དགའ་སྣང་ཡོད་མཁན་ཞིག་ཡིན་པ་དང་། ཁོས་མའོ་ཙེ་ཏུང་དུས་རབས་ཀྱི་གཙང་འཕྱག་གི་སྲིད་བྱུས་ཡོ་བསྲང་བྱས་པ་དང་། སྐབས་དེའི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ལ་འཕོ་འགྱུར་གཏོང་དགོས་པ་མ་ཟད། ཐ་ན་མི་མང་ལ་ཤིང་ཐུར་བཞག་ནས་གྲི་ཆུང་དང་ཚེབ་ཐུར་བེད་སྤྱོད་གཏོང་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན་ཡོད་པ་རེད། ཅེས་སོགས་བཀོད་འདུག

20huyaobang02-articleLarge-v2ནེའུ་ཡོག་དུས་བབ་ཀྱིས་མུ་མཐུད་དུ་བཀོད་དོན། ༡༩༨༧ ལོར་ཧའུ་ཡོ་པང་གོ་གནས་ནས་ཕྱིར་འཕུད་བཏང་རྗེས་གླེང་སློང་འདྲ་མིན་བྱུང་པ་དང་ལོ་གཉིས་ཀྱི་རྗེས་སུ་ཁོང་འདས་གྲོངས་སུ་ཕྱིན་སྟབས། མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་མྱ་ངན་རྗེས་དྲན་ཞུས་པ་དང་བསྟུན་ཏེ་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་ཆེན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད། ཡིན་ནའང་ད་རེབ་ཧུའུ་ཡོ་པང་སྐྱེས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་གྱི་ཚོགས་འདུའི་སྟེང་ཞི་ཅིན་ཕིན་གྱིས་ཚོར་ཤུགས་ཅན་གྱི་དྲན་གསོར་གཡོལ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་དམར་ཤོག་གི་འགྲོ་སྟངས་ཤིག་གི་དབང་གིས་དམར་དམག་རྒྱང་སྐྱོད་ནང་འཛུལ་བཞུགས་བྱས་མྱོང་པའི་གུང་ཁྲན་ཏང་ཡོན་རྒན་པ་ཁོར་བསྟོད་བསྔགས་བྱས་ཡོད་འདུག ཧུའུ་ཡོ་པང་གིས་སྔོན་ཆད་ཞི་ཅིན་ཕིན་གྱི་ཨ་ཕ་ཞི་ཀྲོང་ཞོན་(Xi Zhongxun) ལ་རོགས་སྐྱོར་བྱས་ཏེ། མའོ་ཙེ་ཏུང་གི་ཆབ་སྲིད་འདམ་རྫབ་ལ་རྒོལ་རྡུང་ཁྲོད་ཞི་ཀྲོང་ཞོན་ཐར་ཐབས་སུ་ཧུའུ་ཡོ་པང་གིས་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་རེད། ཅེས་སོགས་བཀོད་འདུག

དེ་རིང་ཞིན་ཐང་རིན་ཞེས་པའི་དྲ་རྒྱའི་སྟེང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཡོ་པང་སྐྱེས་ནས་ལོ་ ༡༠༠ འཁོར་བའི་རྗེས་དྲན་ཆེད་དཔེ་དེབ་ཞིག་དཔར་བསྐྲུན་བྱས་ཡོད་ཀྱང་། དཔེ་དེབ་དེའི་ནང་དོན་ལ་རྩོད་གླེང་འདྲ་མིན་བྱུང་སྟེ། ཧུའུ་ཡོ་པང་གི་ནང་མི་ཚོ་ཁོང་ཁྲོ་ལངས་པའི་གནས་ཚུལ་ཡང་བྱུང་ཡོད་སྐོར་བཀོད་འདུག

ཝ་ཤིན་ཊོན་གྱི་སི་མེ་ཌི་ལྟེ་གནས་ཁང་གི་སློབ་སྟོན་པ་རྒན་པ་རའོ་བྷོར་ཊི་(Robert L. Suettinger) ཡིས་ (ཧུའུ་ཡོ་པང་གི་མི་ཚེ་ལོ་རྒྱུས་སྐོར་གྱི་དེབ་ཅིག་འབྲི་བཞིན་ཡོད་འདུག) ཞི་ཅིན་ཕིན་སོགས་རྒྱ་ནག་གི་མགོ་ཁྲིད་ཚོས་ཧུའུ་ཡོ་པང་སྐྱེས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་ལ་གོ་སྒྲིག་ཚགས་ཚུད་བྱས་ཡོད་པ་དེ། ༡༩༨༧ ལོ་ཟླ་ ༡ པའི་ནང་ཧུའུ་ཡོ་པང་གནས་དབྱུང་བཏང་བ་དང་སྐབས་དེའི་ཁོ་རང་གི་སྲིད་བྱུས་གུ་ཡངས་སོགས་ལ་གཡོལ་བའི་ཆེད་ཧུའུ་ཡོ་པང་གི་སྐྱེས་སྐར་རྗེས་དྲན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ང་རང་གི་ལྟ་ཚུལ་ལ་ཧུའུ་ཡོ་པང་རྗེས་དྲན་བྱེད་པ་སྟེ། གུང་ཁྲན་ཏང་ལ་ཆབ་སྲིད་ཀྱི་གནོན་ཤུགས་མི་ཐེབས་པའི་ཆེད་དུ་དམར་ཤོག་ཚོགས་པས་འཆར་གཞི་ཡོད་པའི་སྒོ་ནས་གྲ་སྒྲིག་བྱས་པ་ཞིག་ལ་མཐོང་གི་འདུག ཅེས་ཁོ་རང་གི་དཔྱད་བརྗོད་ནང་བཀོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༧ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. བློ་གྲོས། says:
    ལོ་ 11 སྔོན།

    ཧུའུ་ཡོ་པང་སྲིད་བློན་ཟུར་མ་རེད་སྲིད་འཛིན་ཟུར་བ་རེད་དུས་བབ་གསར་འགོད་པ་ལགས།

    Reply
  2. འཕྲུལ་གྱི་བཙན་པོ། says:
    ལོ་ 11 སྔོན།

    གསར་འགོད་པ་ལགས། གསར་འགྱུར་རིགས་དུས་ལྟར་དུ་བཀོད་པ་སྙིང་ནས་བཀའ་དྲིན་ཆེ། དེ་བཞིན་དུ་ཕན་ཐོགས་མི་ཉུང་བ་ཞིག་ཀྱང་བྱུང་སོང་། ཡང་གསར་འགྱུར་ལས་རིགས་སྤེལ་སྐབས་ཚིག་གི་བེད་སྤྱོད་སོགས་ལ་ཁྱད་པར་འདུག དེ་བས་གཤམ་གྱི་མི་གཅིག་ལ་རྒྱ་ནག་གི་བཤད་པ་ལྟར་ན་“ 主席” དང་ ” 总理” གཉིས་ཁྱོད་ཀྱི་གསར་འགྱུར་འགོད་སྟངས་ལ་བལྟས་ན་མི་གཅིག་གིས་བྱེད་པ་འདྲ། དེ་བས་ཐུགས་འཇགས་པར་འཚལ།

    ༡༽ དུམ་མཚམས་གཉིས་པའི་ནང་རྒྱ་ནག་གི་སྲིད་བློན་བྲིས་འདུག
    ༢༽ དུམ་མཚམས་ལྔ་བ་ནང་རྒྱ་ནག་གི་སྲིད་འཛིན་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese