མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བར་དོགས་ཟོན་ཆེ་རུ་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་ཧྥ་རན་སིའི་རྒྱལ་སར་འཇིགས་སྐུལ་དྲག་སྤྱོད་པས་དོན་རྐྱེན་བཟོས་པ་དང་བསྟུན་ཏེ་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་ས་ཁུལ་གྱི་བརྡ་འཕྲིན་བརྒྱུད་ལམ་དང་ཁ་པར་སོགས་ལ་དམ་དྲག་ཆེ་རུ་བཏང་ཡོད་འདུག

 

CHINAVPN-articleLargeདེ་རིང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་པའི་ནང་། རྒྱའི་འོག་ཏུ་ཡོད་པའི་ཤིན་ཅང་ཡུ་གུར་བ་ཁག་ཅིག་གིས་རྒྱ་ནག་གི་དྲ་རྒྱ་བཀག་སྡོམ་ར་བ་གཏོར་བྱེད་ཀྱི་མཉེན་ཆས་ཤིག་བེད་སྤྱོད་གཏོང་གི་ཡོད་པ་རྒྱ་ནག་དྲ་ཐོག་ཉེན་རྟོག་པས་ཤེས་རྟོག་བྱུང་སྟེ་ཁོ་ཚོའི་ཁ་པར་བཀག་འགོག་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་སྟངས་འཛིན་བྱེད་པའི་ཐབས་ཤེས་གསར་བ་ཞིག་ཡིན་ཞིང་། བདུན་ཕྲག་སྔོན་མར་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ལ་འཇིགས་སྐུལ་དྲག་སྤྱོད་པའི་གནས་ཚུལ་བྱུང་རྗེས། ཤིན་ཅང་ས་གནས་སྲིད་གཞུང་བྱེད་ཐབས་གསར་བ་དེ་དངོས་སུ་ལག་བསྟར་བྱས་ཏེ། ཉེན་རྟོག་པས་ཡུ་གུར་བ་མི་ལྔ་ཡི་ཁ་པར་ཨང་གྲངས་བཀག་སྡོམ་བྱས་འདུག ནག་ཉེས་བཙུགས་ཡོད་མཁན་དེ་དག་གིས་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ལ་འབྲེལ་བ་བྱས་ཡོད་ཀྱང་ཁོ་རང་ཚོའི་མིང་དངོས་སུ་བཏོན་མི་འདུག ཅེས་སོགས་བཀོད་འདུག

 

གནས་ཚུལ་ནང་མུ་མཐུད་དུ་བསྟན་དོན། ཐེངས་འདིར་ནག་ཉེས་བཙུགས་ཡོད་པའི་ཤིན་ཅང་གི་རྒྱལ་ས་ཝོ་ལོ་མོ་ཆེའི་ནང་སྡོད་མཁན་ཞིག་གི་ཁ་པར་སྟེང་༼ཉེན་རྟོག་པའི་བརྡ་ཡིག་འབྱོར་བ་ལྟར། ཆུ་ཚོད་གཉིས་ཀྱི་ནང་དུ་ང་ཚོས་ཁྱེད་ཀྱི་ཁ་པར་ཨང་གྲངས་སྒོ་བརྒྱག་རྒྱུ་ཡིན། གལ་སྲིད་ཁྱེད་རང་ལ་དོགས་འདྲི་ཡོད་ན། རང་ཉིད་སྡོད་སའི་ས་གནས་ཉེན་རྟོག་ཀྱི་དྲ་རྒྱའི་སྟེང་འབྲེལ་བ་བྱོས།༽ ཞེས་འཕྲིན་ཐུང་ཞིག་འབྱོར་ཡོད་པ་དང་། འཕྲིན་ཐུང་དེ་འབྱོར་རྗེས་ཁོ་མོས་ཉེན་རྟོག་པར་ཁ་པར་བཏང་སྟེ་ཁོ་མོའི་ཁ་པར་སྒོ་རྒྱག་དགོས་དོན་སྐོར་དྲིས་སྐབས། ཁྱོད་རང་གི་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་དང་ཁ་པར་མཐུད་མི་འདུག རྒྱ་ནག་དྲ་རྒྱའི་སྟངས་འཛིན་ལས་བརྒལ་ཏེ་དངོས་ཡོད་སྒེར་གཉེར་དྲ་རྒྱ་(VPN) ། ཕྱི་རྒྱལ་གྱི་འཕྲིན་ཐུང་མཉེན་ཆས་རིགས་དཔེར་ན་ (WhatsApp) དང་ (Telegram) སོགས་བེད་སྤྱོད་བྱས་པ་ཡིན་ན་ཁ་པར་ཨང་གྲངས་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ཅེས་ཉེན་རྟོག་པས་བརྗོད་འདུག

 

ཤིན་ཅང་ནི་ས་ཆ་རྩུབ་པོ་དང་མི་མང་ཁ་ཐོར་དུ་གནས་པའི་རྒྱ་ནག་གི་ནུབ་ཕྱོགས་སུ་ཡོད་སྟབས་སྲིད་གཞུང་གིས་དྲ་རྒྱ་ལ་སྟངས་འཛིན་དང་རྟོག་ཞིབ་བྱེད་ཡུལ་ལྟ་བུ་ཞིག་ཆགས་ཡོད་འདུག ༢༠༠༩ ལོར་ཊོར་ཁེ་ (Turkic) སྐད་ཤོད་མཁན་ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་བར་ལ་རྙོག་འཛིང་བྱུང་རྗེས་རྒྱ་ནག་གཞུང་གིས་ལོ་ཕྱེད་ལྷག་རིང་ས་གནས་དེའི་དྲ་རྒྱ་བཀག་འགོག་བྱས་པ་ནས་བཟུང་། སྲིད་གཞུང་དང་ཡུ་གུར་བའི་མི་མང་བར་ལ་འཁྲུག་འཛིང་ཤོར་རྒྱུ་མང་དུ་འགྲོ་བཞིན་ཡོད་འདུག

 

བདུན་ཕྲག་སྔོན་མའི་ནང་ཨི་རེག་དང་སེ་རི་ཡའི་ཁ་ཆེ་དྲག་སྤྱོད་མཉམ་འབྲེལ་ཤོག་ཁག་ (IS) ཟེར་བས་རྒྱ་ནག་མི་སེར་ཞིག་དམར་གསོད་བཏང་པ་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་རྗེས། ཉེ་ཆར་རྒྱ་ནག་གཞུང་གིས། མི་ཁག་ཅིག་གིས་དྲ་རྒྱའི་ཁེ་དབང་བེད་སྤྱོད་བཏང་ནས་ཆོས་ལུགས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་འགུལ་བས། ཤིན་ཅང་ས་ཁུལ་གྱི་མི་མང་ཚོས་ཡུ་གུར་བའི་རང་དབང་ཐོག་དམ་དྲག་བྱས་པ་དེར་རྒོལ་རྡུང་གཏོང་བཞིན་ཡོད་སྟབས། དེ་ཕྱི་རྒྱལ་ཁབ་ལ་འབྲེལ་བ་ཡོད་པའི་ངེས་པ་མི་འདུག ཅེས་བརྗོད་འདུག

 

ཧོང་ཀོང་ནང་ཡོད་པའི་ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་ནེ་ཁུ་ལ་སི་ (Nicholas Bequelin)ཡིས། དྲག་སྤྱོད་པའི་རྩོད་རྙོག་དང་ཛ་དྲག་གི་དཀའ་རྙོག་འབྱུང་བཞིན་པའི་རྐྱེན་གྱིས་རྒྱ་ནག་གིས་ཤིན་ཅང་གི་དྲ་ལམ་ཁག་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

ཆུ་ཚོད་ ༧ སྔོན་ལ།
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese