མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་མཛངས་མར་ཐོངས་མཆན་སྤྲད་མི་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

གཟའ་ཟླ་བའི་ཉིན་རྒྱ་ནག་སན་ཡ་གྲོང་ཁྱེར་དུ་འཛམ་གླིང་མཛངས་མ་འགྲན་བསྡུར་གྱི་མཛད་སྒོ་དབུ་འཛུགས་བྱས་ཡོད་ཀྱང་ཁེ་ན་ཌའི་མཛངས་མར་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མི་འདུག

 

1511240036252717ཟླ་རྗེས་མའི་ཚེས་ ༡༩ ཉིན་སྐབས་ ༦༥ བའི་འཛམ་གླིང་མཛངས་མའི་མཇུག་མཐའི་འགྲན་བསྡུར་དེ་རྒྱ་ནག་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན་པ་ལྟར། ཟླ་འདིའི་ཚེས་ ༢༣ ཉིན་འཛམ་གླིང་མཛངས་མའི་འགྲན་བསྡུར་གྱི་མཛད་སྒོ་དབུ་འཛུགས་བྱས་ཡོད་པ་དང་། སྐབས་དེར་འཛམ་གླིང་གང་ས་ནས་མཛངས་མ་མང་པོ་ཞིག་ཕེབས་ཡོད་སྐོར་རྒྱ་གཞུང་གི་ཤིན་ཧྭ་དྲ་པས་གནས་ཚུལ་སྤེལ་ཡོད་འདུག་ཀྱང་། མི་རིགས་རྒྱ་རིགས་ཡིན་པའི་ད་ལོའི་ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ (Anastasia Lin) ལགས་སུ་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མི་འདུག

 

རྒྱ་གཞུང་གི་བརྒྱུད་ལམ་དུ་ཁྱབ་བསྒྲགས་བྱེད་བཞིན་པའི་འཛམ་གླིང་ཡོངས་ཀྱི་མཛངས་མ་སན་ཡ་ལ་ཕེབས་ཡོད་ཟེར་བ་དེར། ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་གྱིས། ཕྱིའི་བརྒྱུད་ལམ་ཁག་ཏུ་གླེང་སློང་བྱེད་བཞིན་པའི་གནས་ཚུལ་རྒྱ་ནག་གིས་སྣང་མེད་བཏང་པ་དང་། ཁོ་ཚོས་འགྲན་བཞུགས་བྱེད་མཁན་ཚང་མ་ཕེབས་ཡོད་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ཁེ་ན་ཌའི་མཛངས་མ་འཛམ་གླིང་མཛངས་མའི་འགྲན་བསྡུར་ཁྲོད་ཀྱི་འགྲན་ཞུགས་པ་མ་རེད་དམ། དེ་རྩ་བ་ནས་དྲང་བདེན་མ་རེད། འཛམ་གླིང་རང་བཞིན་གྱི་འགྲན་བསྡུར་ཁྲོད་རྒྱལ་ཁབ་ཅིག་གི་ཚབ་མཚོན་མི་སྣ་སྣང་མེད་བཏང་བ་རེད། ཅེས་བརྗོད་འདུག ཁོ་མོས་མུ་མཐུད་དུ། རྒྱལ་སྤྱི་རང་བཞིན་གྱི་འགྲན་བསྡུར་འདིའི་རིགས་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནང་བསྐོང་མི་འོས་པ་ཞིག་དང་། ཁོ་ཚོར་རྒྱལ་སྤྱི་རང་བཞིན་གྱི་ཚད་གཞི་འཛིན་ས་མེད་སྐོར་སོགས་བརྗོད་འདུག

 

ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ལ་རྒྱ་ནག་གིས་ཐོངས་མཆན་སྤྲད་མེད་ནའང་ཁོ་མོས་སྟེང་རྩོད་འགྲན་བསྡུར་ལ་མཉམ་བཞུགས་བྱ་རྒྱུའི་འབད་བརྩོན་ད་དུང་མཚམས་འཇོག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག དེ་དང་མཉམ་དུ་འཛམ་གླིང་མཛངས་མའི་གོ་སྒྲིག་ཚོགས་པས་འགན་ལེན་འོག་ཨེན་སི་ཊ་སི་ལིན་གྱིས་ཆབ་སྲིད་ཀྱི་ལས་དོན་གང་ལའང་ཐེ་གཏོགས་མི་བྱེད་རྒྱུའི་ཁས་ལེན་བྱས་ཚེ་རྒྱ་ནག་གི་ཐོངས་མཆན་སྤྲོད་པའི་རེ་བ་ཏོག་ཙམ་ཡོད་སྐོར་བརྗོད་ཡོད་ཀྱང་། ཁོ་མོས་གལ་སྲིད་ང་རྒྱ་ནག་ལ་འགྲོ་ཐུབ་པ་ཡིན་ན་ངས་རྒྱུ་མཚན་མེད་པའི་ལས་འགུལ་གང་ཡང་སྤེལ་འདོད་མེད་ཀྱང་ཉིད་ཀྱི་འདོད་ཚུལ་གླེང་སློང་བྱ་རྒྱུ་སུས་ཀྱང་འགོག་ཐུབ་རྒྱུ་མ་རེད། དེ་བཞིན། ཕྱི་ཕྱོགས་ཀྱི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་རང་དབང་འཐབ་རྩོད་བྱེད་མཁན་ཚོའི་མངོན་འདོད་ཁོ་ཚོར་ཧ་གོ་གི་འཇུག་རྒྱུ་ཡིན། པེ་ཅིན་སྲིད་གཞུང་ཆེས་ཞེད་སྣང་སྐྱེས་སའང་རེད་བསམ་གྱི་ཡོད། ཅེས་བརྗོད་འདུག

 

ཟླ་འདིའི་ཚེས་ ༢༠ ཉིན་ཨ་རིའི་དྲ་རྒྱའི་དུས་དེབ་ (NextShark) ཀྱིས་ཨེན་སི་ཊ་སི་ལིན་ལ་བཅའ་འདྲི་ཞིག་བྱས་སྐབས་ཁོ་མོས། རྒྱ་ནག་གིས་ལོ་ངོ་ ༡༣ རིང་ངའི་ཀླད་པ་བཀྲུས་ཡོད་ཀྱང་ད་ལྟ་ང་ལ་ནུབ་ཕྱོགས་ཀྱི་སློབ་གསོ་ཐོབ་ཡོད། ཐོག་མར་ང་ཁེ་ན་ཌར་འབྱོར་རྗེས་ངའི་ཨ་མ་ལགས་ཀྱིས། ཁྱེད་རང་གི་བསམ་བློ་གཏོང་ཕྱོགས་འགྱུར་བ་དགོས་པ་དང་། བསམ་བློ་རྒྱ་ཆེན་པོ་གཏོང་དགོས། གལ་སྲིད་དེ་ལྟར་མ་བྱས་ཚེ་རྒྱལ་ཁབ་འདིའི་ནང་སྡོད་རྒྱུ་འོས་འཚམས་མིན་སྐོར་བརྗོད་མྱོང་། དེར་བརྟེན། ད་རེབ་གལ་སྲིད་ང་རྒྱ་ནག་ལ་འགྲོ་ཐུབ་ཚེ་ངས་བརྩི་བཀུར་དང་ཞི་བའི་སྒོ་ནས་རྒྱ་ནག་མི་མང་གི་བློ་སྒོ་འབྱེད་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན།  ཞེས་བརྗོད་འདུག

 

༢༠༡༥ ལོའི་ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ལགས་ནི། ༡༩༩༠ ལོའི་ཟླ་ ༡ ཚེས་ ༡ ཉིན་རྒྱ་ནག་ནས་སྐྱེས་ཤིང་། ཁོ་མོ་ལོ་ ༡༣ ཐོག་ཨ་མ་དང་མཉམ་དུ་ཁེ་ན་ཌར་བསྐྱོད་དེ་གནས་སྡོད་བྱས་ཡོད་འདུག ད་ལྟ་རྒྱལ་ཁབ་དེའི་མི་སེར་ཆགས་ཡོད་པ་མ་ཟད། ཐོན་གསར་ལ་བ་འགྲེམ་སྟོན་གཟུགས་བཟང་མ་དང་གློག་བརྙན་འཁྲབ་སྟོན་མ་སོགས་ཡིན་འདུག ད་ལོའི་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་ཁེ་ན་ཌའི་ ༢༠༡༥ ལོའི་འཛངས་མའི་བྱ་དགའ་ཨང་དང་པོ་ཐོབ་ཡོད་འདུག ཁོ་མོའི་ཨ་ཕ་དང་གཉེན་ཉེ་དག་ད་དུང་རྒྱ་ནག་ཏུ་གནས་སྡོད་བྱས་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese