མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་དཔར་ཁང་དང་དག་ཡིག་གསར་བསྒྲིགས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

འཇམ་མགོན།

 

ནོར་འཁྲུལ་མིས་བཟོས་པ་ཡིན་ལ་ཕྱིར་ནོར་འཁྲུལ་ལ་གདོང་ལེན་བྱེད་མཁན་ཡང་མི་ཡིན་དགོས། ང་ཚོ་བོད་ནང་དང་ལྷག་དོན་བཙན་བྱོལ་བོད་མའི་ཁོར་ཡུག་ཆུང་ཆུང་འདིར། ནོར་འཁྲུལ་ཞིག་མཆིས་ཚེ་བཤད་ཕོད་མཁན་མེད་ལ་བཤད་འདོད་མཁན་དེ་བས་ཀྱང་མེད། དེ་ནི་ཁོར་ཡུག་དེ་གཞན་བསྟེན་གཤིས་སྤྱོད་ཀྱི་བག་ཆགས་མཐུག་པའི་རྫབ་དོང་དུ་ཡུན་རིང་གནས་སྟབས་ཡིན། རྫབ་དོང་དེ་ཧ་ཅང་མཐུག་དྲགས་པས་མི་དག་གཉིད་སད་ཐུབ་ཀྱིན་མེད་ལ་སད་ཀྱང་བཤད་འདོད་མཁན་མེད། དེ་ནི་ཁོར་ཡུག་དེའི་གདོན་འདྲེ་ལྟ་བུའི་མི་ཁ་ཡ་མ་ཟུང་དེ་ལ་སུན་སྣང་སྐྱེས་པས་ཡིན། རྒྱུན་མཚན་ནི་སུ་ཞིག་གིས་གཞུང་གི་ལས་ཕྱོགས་གང་རུང་ཞིག་འགྲིག་མེད་པའི་བསམ་ཚུལ་བཤད་མི་རུང་། གལ་སྲིད་དེ་ལྟར་བཤད་ཚེ་མཁས་བླུན་གཉིས་ཀྱི་ཁ་ན་ཚིག་གཅིག་མ་གཏོགས་མེད། དེ་ནི་རྒྱ་མིའི་སོ་བ་རེད་ཞེས་བརྒྱུད་རིམ་དེ་བརྒྱུད་ནས་དབྱེན་དཀྲུག་དང་། འུར་ཤོད། དངོས་བདེན་མ་ཡིན་པའི་སྒྲོ་འདོགས་ཀྱི་ཚིག་ཉོག་ལུང་བར་གང་འགྲོ། ལྷག་དོན་གང་ཡང་མི་ཤེས་མཁན་ཚོས་དབྱེན་སྦྱོར་གྱི་ཚིག་ཉོག་ཆད་ཆོད་འབྲི་མགོ་རྩོམ་ངེས། དེ་ནི་སྤྱི་ཚོགས་འདིའི་འགྲོ་སྟངས་ཤིག་དང་སྤྱི་ཚོགས་འདིའི་ངན་གོམས་ཁོ་ན་ཡིན།

 

སྤྱི་ཚོགས་ཀྱི་སྒྱིད་ལུག་ཅན་གྱི་ངན་གོམས་གཤིས་ལུགས་དང་གཞན་བསྟེན་ངན་གོམས་འདི་བསྒྱུར་བཅོས་དགོས་ན་ཐོག་མར་རང་ཉིད་ནས་མགོ་རྩོམ་དགོས། རང་ཉིད་ནས་མགོ་རྩོམ་ན་སྤྱི་ཚོགས་ཀྱི་ཡ་མ་ཟུང་གི་ཁ་སྟབས་ནས་བསྒྲེངས་དགོས།

 

དེ་བས་དེ་རིང་ངས་འདིར་གླེང་འདོད་པ་གཙོ་བོ་ཤེས་རིག་མ་གཏོགས་མིན་ལ་ཤེས་རིག་ལས་ཀྱང་རྒྱུ་ཧམ་དང་འདོད་རྔམས་གྱི་ནོར་འཁྲུལ་གྱིས་ཤེས་རིག་ལྐོག་ཚོང་ལྟ་བུའི་བསྐོར་ཡིན། ཤེས་རིག་དཔར་ཁང་ནས་སྤྱིར་ཤེས་རིག་སྟེང་ལ་ཐུགས་ཁུར་དང་དཀའ་ལས་རྒྱག་བཞིན་ཡོད་མོད། ལས་ཀ་གང་ཞིག་བསྒྲུབས་པའི་རྗེས་ལ་རྐང་རྗེས་ལག་བསུབ་ཆགས་བཞིན་འདུག བོད་ནས་དཔར་བའི་དག་ཡིག་གསར་བསྒྲིགས་ཤེས་རིག་དཔར་ཁང་ནས་བསྐྱར་དཔར་བརྒྱབ་ནས་དཔར་འགྲེམས་བྱས་བ་སྐྱ་ཆད་སྔོ་སྡུག་གི་སྐབས། སློབ་གཉེར་བ་གཙོས་ཀུན་ལ་ཕན་ཐོགས་བྱུང་སོང་བསམ་པའི་དགའ་ཚོར་སྐྱེས་ཡོད་མོད། དགའ་བའི་རྗེས་ལ་སྡུག་ཅིག་ཡོད་ཅེས་པའང་བདེན་ཤས་ཆེ།

 

ངས་ཤེས་ཚོད་ལ་བཙན་བྱོལ་བོད་མའི་སློབ་གྲྭ་ཁག་གི་བོད་ཡིག་ཤེས་ཚད་ཇེ་ཞེན་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ། གཙོ་བོ་ཁོར་ཡུག་རེད་ཟེར་ཆོག་ལ་དོན་དངོས་ཀྱང་ཡིན་མོད། འོན་ཀྱང་དོན་དངོས་འདིའི་རྒྱབ་ངོས་ན་བཙན་བྱོལ་བོད་མི་ཚང་མ་ལན་པའི་སྐྱོན་ཞིག་ཡོད་པ་ནི་ཚང་མས་གང་ཐུབ་ཐུབ་ཀྱི་བོད་སྐད་དག་མ་མི་སྨྲ་བ་དང་། རྒན་གཞོན་དར་གསུམ་ལ་མངོན་འདོད་རང་བཞིན་གྱིས་གཞན་སྐད་ལས་རང་སྐད་ལ་མཐོང་ཆུང་གི་རྣམ་པ་ཡོད་པ། རྒན་དར་གཞོན་གསུམ་གྱིས་བོད་ཡིག་སྦྱོང་ཁག་རབ་ཀྱི་འདུ་ཤེས་རྫུན་མ་ཞིག་གིས་ཐོག་མ་ནས་རང་མགོ་ས་འོག་ཏུ་བཅུག་ཚར་བའི་སྐྱོན་དང་། སློབ་མ་རྣམས་ལ་དབྱིན་ཡིག་བཞིན་དོན་གནད་ཅིག་མ་ཤེས་ཚེ་བཙལ་ཆོག་ཆོག་དང་ཤེས་ཆོག་ཆོག་གི་ཚིག་མཛོད་ཅིག་མེད་པའམ། ཡང་ན་ཡོད་ཀྱང་ཡོད་པ་རེད་ཅེས་པའི་ཁ་སྟབས་ཀྱི་ལམ་སྟོན་ཙམ་ལས་དགེ་རྒན་དང་ཤེས་ལྡན་པ་སུ་ཞིག་ཡིན་རུང་། འདི་རེད་འདི་ལྟར་འཚོལ་དགོས་པ་རེད་ཅེས་པའི་ལམ་སྟོན་གནད་དུ་འཁེལ་བ་ཞིག་ཀྱང་མ་བྱུང་བའི་སྐྱོན་ཡང་འདུག རྒྱུ་རྐྱེན་དེ་འདྲའི་རྐྱེན་པས་སློབ་མ་རྣམས་ལ་ཡང་གནད་དུ་འཁེལ་བའི་མིང་ཚིག་ཅིག་འབྲི་དགོས་པ་དང་། ཡང་ན་མིང་ཚིག་གང་རུང་ཞིག་གི་གོ་དོན་མ་རྟོགས་ཚེ་དགེ་རྒན་ལ་འདྲི་སྟབས་མ་བདེ་བའི་སྐབས་ཁ་མི་གྲག་པའི་དགེ་རྒན་ཚིག་མཛོད་ལྟ་བུ་འཚོལ་རྒྱུའི་གོམས་གཤིས་མེད་རྐྱེན་གང་ཞིག་བློ་དང་སྒྲ་ཙམ་བྱུང་ནས་བྲིས་པ་མ་དག་རྒྱུན་འཇགས་སུ་ཆགས་འདུག

 

གནད་དོན་འདི་ལྟ་བུ་གང་མང་ཞིག་མཐོང་ནས་སློབ་ཕྲུག་རྣམས་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པ་ནས་ཚིག་མཛོད་སྔོག་སྟངས་ཤེས་དགོས་པ་འདུག་བསམ་བྱུང་། གནས་ཚུལ་འདིའི་འོག་ནས་སློབ་གྲྭའི་དཔེ་མཛོད་དུ་ཡོད་པའི་དག་གསར་རྣམས་སློབ་མ་ཚོར་སྤྲད་ནས་ཚིག་འཚོལ་སྟངས་དང་གོ་དོན་སོགས་རེ་རེ་བཞིན་བསླབ་པ་ཡིན་ལ། བརྒྱུད་ལམ་དེ་ལས་སློབ་མ་ཚོས་ཀྱང་དོ་སྣང་དང་ཆེ་མཐོང་གནང་གི་འདུག་པས་རང་ཉིད་ལ་ཡང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། དེ་ནས་སློབ་ཕྲུག་རྣམས་ལ་སྐུལ་འདེད་དང་རེ་བ་ཞུ་ནས་དག་གསར་དང་དག་ཡིག་གསར་བསྒྲིགས་ཉོ་དགོས་པའི་ལམ་སྟོན་བྱས་པ་བརྒྱུད་དེ་སློབ་ཕྲུག་ཕལ་ཆེ་བའི་ཐབས་ཤེས་གནང་ནས་རེ་སྐུལ་བཞིན་བསྒྲུབ་འདུག་ལ། ལ་ལས་ཉོ་ཐུབ་མ་བྱུང་བས་ང་རང་བརྒྱུད་ནས་མངགས་ཉོ་གནང་སྟབས། ངས་ཀྱང་དེ་དོན་ཁུར་ལེན་གྱིས་དྷ་སའི་ཤེས་རིག་དཔེ་ཁང་ནས་ཁ་ཤས་ཉོས་པ་ཡིན་ལ། དེབ་གཅིག་ལ་རིན་འབབ་ཧིན་སྒོར་བརྒྱ་དང་དགུ་བཅུ་གོ་ལྔ་རེད།

 

ང་རང་གི་རེ་སྐུལ་དང་སློབ་ཕྲུག་རྣམས་ཀྱིས་ཀྱང་ཕ་མ་ལ་སོགས་པ་བརྒྱུད་ནས་དག་ཡིག་གསར་བསྒྲིགས་ཉོས་ཡོད་སྟབས། འཛིན་གྲྭ་གཅིག་གི་ཕལ་ཆེར་སློབ་ཕྲུག་ཚང་མ་ལ་ཡོད་ཅེས་བརྗོད་ན་ཆོག དེ་ལྟར་སློབ་ཐུན་གང་འཚམ་བེད་སྤྱད་ནས་མིང་བཙལ་སྟངས་སོགས་སྦྱང་པ་ཡིན་ལ། སློབ་ཕྲུག་རྣམས་ཀྱང་དེ་ལ་དགའ་ཚོར་དང་དོ་སྣང་ཧ་ཅང་ཆེ་མོད། སྐྱིད་ཀྱི་གཞུག་ན་སྡུག་ཅིག་ཟེར་བ་བཞིན་བར་མཚམས་ཤིག་ནས་སློབ་ཕྲུག་ལ་ལའི་དཔར་བསྐྲུན་གྱི་ཤོག་གྲངས་འཁྲུགས་པ་དང་། ལ་ལའི་ཤོག་ངོས་མི་ཚང་བ། ལ་ལའི་ཡི་གེ་མི་གསལ་བ་དང་ཤོག་མཐའི་ཡི་གེ་རྣམས་གཏུབ་ཡོད་པ་སོགས་མ་འགྲིག་མ་ཚང་བའི་སྐྱོན་སྣ་དགུ་སྤོངས་ཡོང་ལ། དཀར་ཆག་གི་ཨང་གྲངས་དང་དོན་འགྲེལ་བར་གྱི་ཨང་གྲངས་བརླག་ནས་མེད་པ་སོགས་འདིར་ལྟར་སློབ་ཐུན་གཅིག་མ་འགྲིག་མ་འཐུས་པ་དང་། མ་བྱུང་མ་ལེགས་པའི་གནས་ཚུལ་ཁྱད་མཚར་ཞིག་གི་སྟེང་ནས་རྫོགས།

 

སྐབས་དེའི་སློབ་ཕྲུག་རྣམས་ནི་འཛིན་རིམ་ལྔ་པ་ཞེ་གཅིག་ཡིན་པས་ཁོ་ཚོའི་ངག་ནས་ཐོན་པའི་སྐད་ཆ་དག་ནི་ལྷད་མེད་དྲང་གཏམ་ཞིག་ཡིན་པ་མ་ཟད། འདི་ལྟར་ནོར་འཁྲུལ་ཞིག་གིས་གཡོགས་བསྡད་པ་ལ་དེ་བས་ཀྱང་བློ་ངོར་གཤོང་ཐུབ་ཀྱི་མེད་པ་ནི་ངོ་གདོང་ལས་མཐོང་ཐུབ། ཤེས་རིག་ཅེས་པའི་ཚིག་དེས་ཁོ་ཚོ་ལ་བག་ཆགས་མཐུག་པོ་ཞིག་བཞག་ཡོད་ལ་ཤེས་རིག་ཅེས་པ་འདིས་ནོར་མི་རུང་བ་དང་། ནོར་འཁྲུལ་གྱི་ལས་ཤིག་བྱེད་པ་བཙལ་ཡང་མི་རྙེད་པའི་འདུ་ཤེས་ཤིག་ཁོ་ཚོའི་སེམས་ལ་བརྒྱུས་ཡོད་པས་ད་ཐེངས་འདི་འདྲའི་རྫོབ་རྫོབ་ཅིག་དངོས་སུ་ཁོ་ཚོའི་ངོ་གདོང་ལ་ལྷུང་ནས། བཙལ་ནས་ཤེས་འདོད་པའི་ཡི་གེ་དེ་མ་རྙེད་པས་དྭངས་གཙང་གི་བྱིས་བློ་ལ་ནག་ནོག་གི་བློ་ཞིག་ངང་གིས་ཤར་ཡོད་པ་བརྗོད་མི་དགོས་པ་ཞིག་རེད།

 

འདི་ནི་ཤེས་རིག་དཔར་ཁང་གི་དབུ་ལས་རྣམས་ཀྱིས་བསམ་གཟས་ནས་མིན་མོད། དོ་སྣང་དང་ཡིད་གཟབ་མ་བྱས་པའི་འཐུས་ཤོར་ཞིག་རེད་ཟེར་ཆོག  ད་དུང་དཔེ་དེབ་སོགས་ཀྱི་རྒྱུ་སྤུས་ཀྱང་ཧ་ཅང་ཞན་ལ་ལྷག་དོན་དག་ཡིག་གསར་བསྒྲིགས་ནི་ཚོང་གི་ཆེད་ཁོ་ན་ལས་གཞན་ཕན་གྱི་ཀུན་སློང་ཞིག་ཁུར་མི་འདུག་ཅེས་བརྗོད་ན་ཡང་ནོར་བ་མེད་བསམ། ཤོག་བུའི་རྒྱུ་སྤུས་ཆེས་ཞན་པ། དཔར་བསྐྲུན་གྱི་ལག་རྩལ་ཆེས་ཞན་པ། སྒྲིག་སྦྱོར་གྱི་ལག་རྩལ་ཆེས་ཞན་པ་བཅས་ཞན་ཆ་མང་པོའི་ཕུང་ཚོགས་ཀྱི་བརྩེགས་ནས་ཡོད། ཤོག་བུ་རེ་རེ་བཞིན་གོང་མཐའ་བར་གསུམ་ནས་འཐོར་ཡོང་བ་ནི་དཔར་ཁང་གི་ཆེས་ཞན་པའི་སྐྱོན་ཡིན།

 

༢༠༡༥ ལོ་ནས་བོད་གཞུང་ཤེས་རིག་ནས་རྩོམ་སྒྲིག་ཅེས་པའི་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་བོད་ཡིག་ཀློག་དེབ་ཁག་ཏུའང་དེ་ལྟ་བུའི་སྐྱོན་ཧ་ཅང་མང་། སློབ་མའི་ཆེད་དུ་དཔར་བསྐྲུན་དང་འདོན་སྤེལ་བྱས་པའི་ཀློག་དེབ་ནི་དཔར་བསྐྲུན་གྱི་སྤུས་ཚད་ཆེས་མཐོ་ཤོས་སུ་འཇོག་དགོས་པ་རེད་བསམ། དེ་ལྟར་མིན་ཚེ་བྱིས་པས་ཀློག་དེབ་འཕུར་མཉེད་གང་མང་བྱེད་ངེས་ཡིན་པས་སྤུས་ཚད་མེད་ན་ཤོག་ལྷེ་རེ་རེ་བཞིན་གོག་ཡོང་ངེས་ཡིན། ད་ལྟ་ཤེས་རིག་དཔར་ཁང་གིས་དཔར་བསྐྲུན་བྱས་ཟིན་པའི་སློབ་དེབ་རྣམས་ནི་ཟླ་ངོ་གཅིག་མ་ཟིན་ཙམ་ནས་རེ་རེ་བཞིན་གོག་ཡོང་བ་དང་། འཐོར་འགྲོ་སྟབས་འདི་ཡང་ཚོང་ལས་ཙམ་གྱི་ངོ་བོ་ལས་གཞན་ཕན་ཞིག་རྩ་བ་ཉིད་ནས་མི་འདུག

 

འདི་ནི་དངོས་སུ་ལག་ལེན་ལས་བྱུང་བའི་ཚོར་བའམ་དེ་ལས་འཕྲོས་པའི་སྤྱི་ཚོགས་ནང་བོད་ཡིག་གི་གནས་བབ་དང་། ཆེ་མཐོང་གང་འདྲ་ཞིག་ཏུ་བཞག་ཡོད་མེད་ཀྱི་ར་སྤྲོད་དང་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ཡན་དུ་བཏང་བའི་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་དགོས་པ་འདུག  ཚོང་ཁོ་ནའི་ཆེད་དུ་ཡིན་མཁན་ཚོས་རྒྱུ་འབྱོར་བ་ཞིག་གི་འདོད་རྔམ་དེ་ལས་ཞིབ་ཚགས་ཤིག་གི་ངོ་བོར་འགྱུར་རྒྱུ་དང་བསྒྱུར་འདོད་ཀྱི་བློ་ཞིག་མེད་མོད། བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་མཁན་དང་བོད་མི་རིགས་ལ་བརྩེ་དུང་ཡོད་མཁན་ཚོས་ཅིས་ཀྱང་འདི་དག་གླེང་དགོས་ལ། ནམ་ཡང་འདི་ལྟ་བུའི་རྒྱ་ཡན་པ་ཚོ་ངན་ཤོར་དུ་མི་གཏོང་བར་སྤྱི་ཚོགས་སྟེང་དུ་ཐེར་འདོན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་ངོ་།།

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 6

  1. འགྱུར་མེད། says:
    ལོ་ 11 སྔོན།

    བརྩམས་ཆོས་ཆ་ཚང་བཀླགས་པ་ཡིན། ཧ་ཅང་ཡག་པོ་འདུག དེ་སྔ་ང་ལའང་ཁྱེད་ལ་བྱུང་བའི་ཚོར་སྣང་དེ་བྱུང་མྱོང་ཡོད། སྤྱིར་བཏང་བཙན་བྱོལ་ནང་གི་སློབ་ཆུང་སློབ་མ་སྟ་ཅི། མཐོ་སློབ་ཁག་ལ་བསྐྱོད་དང་སྐྱོད་བཞིན་པའི་བོད་རིགས་སློབ་མའི་གྲས་ནས་ཀྱང་བོད་ཀྱི་ཚིག་མཛོད་ལྟ་སྟངས་མི་ཤེས་མཁན་ཉུང་ཉུང་མ་རེད། དེ་ཚོ་རང་གཞན་ཚང་མས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱས་ནས་ནོར་འཁྲུལ་དང་འཐུས་ཤོར་ཡོང་ས་གང་ཡིན་འཚོལ་དགོས་པ་གལ་ཆེན་པོ་འདུག སྐྱོན་ཆེན་པོ་ཞིག་ཡོད་པ་མཁྱེན་བཞིན་དུ་ཚང་མས་སྣང་མེད་རང་དགར་བཞག་ནས་བསྡད་པ་ཡིན་ན། ང་ཚོའི་སྤྱི་ཚོགས་དེ་ཡར་རྒྱས་ཡོང་མི་སྲིད་པས། ཡར་རྒྱས་དགོས་ན་མཐོ་བར་དམན་གསུམ་གྱི་མི་མང་ནས་དོ་སྣང་བྱས་ནས་སྐྱོན་མེད་པར་བཟོ་དགོས་སྙམ།

    Reply
  2. བསམ་གཏན says:
    ལོ་ 11 སྔོན།

    དྲང་པོ་ཞུ་ན།སེར་འབྲས་དགའ་གསུམ་སོགས་ཕུད།ཆོས་དང་རིགཞུང་སྲུང་བརྩི་བྱེད་བཞིན་ཡོད་པ་གང་ཡང་མཐོང་མ་སོང།དཔེ་ན་བོད་ལྗོངས་སློབ་གྲཱ་ཆེན་མོའི་དུ་སྲོལ་རྒྱུན་ར་ག་གནས་སྡེ་ཚན་སློབ་ཆེན་ཚད་གཞིར་ཡོད་པ་མ་ཚད་སྤུས་ཚད་ཡང་ཡོད་མོད།་བཙན་བྱོལ་ནང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འདྲ་མིན་ཡོད་པ་ཡིན་ན་ཡང།མིང་ཙམ་ལས་དོན་དམ་པ་ཞིག་ཡོད་པ་མཐོང་མ་སོང།དཔེར་ན།་དེབ་སྤུས་ལེགས་ཤིག་ཡོད་ན་ཧ་ལམ་བོད་ནང་རྩོམ་སྒྲིག་བྱས་ཡོད་པ་རེད་བཞག
    དེར་བརྟེན།་ཁ་ཙམ་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་ཀྱི་མིན་པ་གསལ་པོ་རེད་ལ།ལས་ཀྱི་སྣེ་མོ་རྣམས་ཀྱི་བྱ་ཡི་ཡོད་མདོག་མདོག་མ་ཏོགས་དོན་དམ་པ་གང་ཡང་མཐོང་མ་སོང།

    Reply
    • ནག་པོ་གཤིན་རྗེ་གཤེད། says:
      ལོ་ 11 སྔོན།

      བོད་ནང་གི་སློབ་ཆེན་སོ་སོའི་སྡེ་ཁག་རྣམས་གང་འཚམས་ཡག་པོ་ཡོད་ས་རེད། ལྷག་དོན་སྲོལ་རྒྱུན་སྡེ་ཁག་རྣམས་དམིགས་བསལ་གྱི་འབུར་ཐོན་ཐོག་ཤུགས་སྣོན་རྒྱག་བཞིན་པ་ནི་དྲང་མོར་ཞུས་ན་གཞུང་གིས་ལངས་ཕྱོགས་དེ་ལ་དེ་འདྲའི་གཙུག་འཛིན་ཞིག་བྱེད་མིན་མ་ངེས་མོད། སློབ་མ་དང་སློབ་དཔོན་དག་གིས་འབད་པ་ཧུར་ལེན་ཡིན་པ་ཧ་ཅང་གསལ་བོ་རེད། འདི་གར་གཙོ་བོ་སློབ་ཕྲུག་ལ་ཡང་རང་ངོས་ནས་འབད་པ་དང་ཧུར་ལེན་གྱི་བློ་ཞིག་མེད་ལ། ལམ་སྟོན་བྱེད་མཁན་ཚོ་ལ་ཡང་སེམས་ཤུགས་རྫུན་མ་ཞིག་དང་མདུན་གྲལ་དུ་འཁྲབ་སྟངས་མཁས་བོ་ཞིག་ལས། སྤྱི་ཚོགས་ཀྱི་གདུང་ཐུག་དང་བསམ་འདུན་གྱིས་སྐྱོན་ཡོན་བརྗོད་འདོད་ཀྱི་བློ་མིག་ཤིན་ཏུ་དོག དེ་བས་ང་ཚོའི་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་དང་ཐོག་ནས་ཕ་མའི་ཀུན་སློང་དང་ལས་བྱིས་པ་རྣམས་ལ་ཡང་དག་མི་ཐུབ་པའི་གཡའ་ཞིག་འགོས་ཡོད་སྟབས། སྤྱི་ཚོགས་ཀྱི་ཁ་སྟབས་ནས་བསྒྲེངས་འདོད་མེད་པ་དང་སྤྱི་ཚོགས་ཀྱི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་པའི་བསམ་བློ་རྒྱ་ཡན་དུ་ཤོར་ཡོད། འདི་ནི་ང་ཚོའི་བག་ལ་ཉལ་བའི་གཤིས་ཀ་ཁོ་ན་ན་དེ་ཡིན།

      Reply
  3. karma says:
    ལོ་ 11 སྔོན།

    ཡག་པོ་འདུག་་་འདི་ཡང་སྤྱི་ཚོགས་ཀྱི་གདོང་ལ་འབུད་སྟངས་ཤིག་རེད། ང་ནི་ནམ་རྒྱུན་འདིར་ཕྱོགས་ཀྱི་བུ་ཕྲུག་འདི་ཚོ་མཐོང་ན་ཕངས་སེམས་འདྲ་ཞིག་སྐྱེས་ཡོང་གི་འདུག

    Reply
  4. Tenzin tsetso says:
    ལོ་ 11 སྔོན།

    ཐེར་འདོན་ནི་སྤྱི་ཚོགས་ལ་ཁུར་བླངས་པའི་འགན་འཁྲི་ཡིན། རིགས་ཀྱི་བུ་མུ་མཐུད། བདེན་པ་ནི་ནམ་ཡང་ཁྱེད་ཀྱི་ཕྱོགས་ན་ཡོད།

    Reply
  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 11 སྔོན།

    ངོ་མ་བདེན་ནི། ཤེས་དཔར་ཁང་གི་དེབ་མང་ཤོས་ལ་དག་ཆ་ནོར་བ་དང་ཤོག་བུ་རྒྱུ་ཆ་ཞན་པ། དཔར་གཞི་བསྐྱར་བཅོས་ལ་ཞིབ་དག་མེད་ཁར་དེབ་བཟོ་རྒྱ་གར་ལ་མངགས་དུས་བལྟ་ཞིབ་མེད་པ་བཅས་ཀྱིས་ནོར་འཁྲུལ་མང་ཡང་བསམ་ཤེས་མེད་དུས་ཅི་བྱ་མེད་ནས་ལུས་ཡོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese