མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞུ་གཏུག་བྱེད་མཁན་མེད་ན་འཇོག་རྐྱང་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་དང་བསྟན་འཛིན་ཆོས་འཕེལ་གསུམ་དབུ་བཞུགས་ཐོག བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ཕྱོགས་བསྡོམས་འོས་གྲངས་གསལ་བསྒྲགས་གནང་སྐབས། འོས་བསྡུའི་འགན་འཛིན་མཆོག་ལ་དྲི་བ་བཏང་བ་ཁག་ཅིག་གཤམ་དུ་བཀོད་ཡོད།

དྲི་བ། དེ་རིང་གི་གསལ་བསྒྲགས་ནང་བལྟས་ཡོང་ན། འོས་ཤོག་མང་པོ་ཞིག་རྩིས་མེད་དུ་བཏང་འདུག་སྟབས། དེ་རྒྱུ་རྐྱེན་ག་འདྲ་ཞིག་གི་ཐོག་ནས་རྩིས་མེད་གཏོང་དགོས་བྱུང་ཡོད་དམ།

ལན། ས་གནས་ཁག་ནས་རྩིས་མེད་གཏོང་གི་ཡོད་པ་རེད། དཔེར་ན། འོས་ཤོག་ནང་ཁྱད་མིང་མ་བྲིས་ནས་བསོད་ནམས་ཆོས་འཕེལ་ཞེས་ལབ་པ་ཡིན་ན། བསོད་ནམས་ཆོས་འཕེལ་སུ་ཡིན་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲའི་གནད་དོན་ཁ་ཤས་ཀྱི་ཐོག་ནས་འོས་ཤོག་གྲངས་བཤེར་སྐབས་རྩིས་མེད་དུ་འགྲོ་ཡི་ཡོད་པ་རེད། སྒྲིག་གཞིའི་ནང་དོན་ཚན་ཁ་ཤས་ཤིག་ཡོད་པ་དང་། འོས་ཤོག་གྲངས་བཤེར་བྱེད་སྐབས་འདི་དང་འདི་རིགས་ཡིན་ན་རྩིས་མེད་གཏོང་དགོས་པ་རེད་ཅེས་གསུངས་ཡོད་པ་གཞིར་བཟུང་ནས་ས་གནས་ཁག་ནས་རྩིས་མེད་བཏང་ཡོད་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། མང་ཚོགས་ལ་ལམ་སྟོན་ག་རེ་ཞུ་རྒྱུ་ཡོད་ཟེར་ན། དཔེར་ན། མིང་ཁེར་རྐྱང་བྲིས་ན་རྩིས་མེད་འགྲོ་ཡི་ཡོད་དུས་མིང་ཆ་ཚང་འབྲི་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། སྔོན་འགྲོའི་ལས་རིམ་གྲུབ་ཚར་བ་རེད། དངོས་གཞིའི་སྐབས་སུ་མིང་དང་ད་ལྟའི་སྡོད་གནས་སོགས་འབྲི་དགོས་པ་མ་རེད་སོ་སོས་རྟགས་རྒྱག་རྒྱུ་ཡིན་སྟབས། དངོས་གཞིའི་སྐབས་ལ་སྐུ་ངལ་འཕྲད་ཀྱི་མ་རེད།

དྲི་བ། རྒྱ་གར་བྱང་ཕྱོགས་ཀྲུ་ཀྲིང་ཁུལ་གྱི་འོས་གྲངས་འབྱོར་བའི་ནང་། སྲིད་སྐྱོང་ལ་འོས་ཤོག་ཁྱོན་བསྡོམས་ ༤༠༠ ལྷག་བྱུང་ཡོད་པ་ཚང་མའི་སྟེང་གི་འོས་མི་གཅིག་རང་ཡིན་སྐོར་ཐོས་སོང་བས། གནས་སྟངས་དེའི་སྐོར་ལ་དབུས་འོས་བསྡུ་ལྷན་ཁང་གིས་ཞིབ་འཇུག་གནང་རྩིས་ཡོད་དམ།

ལན། གནས་ཚུལ་དེའི་སྐོར་ལ་ད་བར་འོས་བསྡུ་ལས་ཁང་ལ་ཞུ་གཏུག་རྒྱག་མཁན་གང་ཡང་བྱུང་མ་སོང་། གལ་སྲིད་དེ་འདྲ་བྱུང་བ་ཡོད་ན་འགྲིག་ཡོད་པ་མ་རེད། ང་ཚོ་དབུས་འོས་བསྡུ་ལས་ཁུངས་ངོས་ནས་ས་གནས་འོས་བསྡུ་ལས་ཁུངས་ལ་འགན་སྤྲད་ཡོད་པར་བརྟེན། ས་གནས་འོས་བསྡུ་ལས་ཁང་གིས་ཆ་ཚང་གནང་དགོས་ཀྱི་ཡོད་སྟབས། ད་ལྟའི་ཆར་སྐྱོན་གནད་དེའི་སྐོར་ལ་དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུག་རྒྱག་མཁན་གང་ཡང་བྱུང་མ་སོང་།

དྲི་བ། སྔོན་འགྲོའི་འོས་བསྡུའི་སྐབས་འོས་བསྡུའི་སྤྱིལ་བུ་གཅིག་ནང་འོས་ཤོག་འཕེན་མཁན་ཚུད་པའི་མི་གསུམ་འཛུལ་བ་དེ་འདྲ་བྱུང་སོང་བས། དངོས་གཞིའི་འོས་བསྡུ་སྐབས་གནས་ཚུལ་དེ་རིགས་སྔོན་འགོག་བྱ་ཐབས་གང་འདྲ་ཡོད་དམ།

ལན། འོས་བསྡུའི་སྒྲིག་གཞི་ནང་ཡིག་རྨོངས་པ་གཅིག་ལ་མི་གཅིག་གིས་མ་གཏོགས་རོགས་པ་བྱེད་མི་ཆོག་ཅེས་གསལ་པོ་ཞེ་དྲགས་བཀོད་ཡོད་ཀྱང་། ཁྱིམ་ཚང་དང་ནང་མི་གཅིག་པ་ཡིན་ན་རོགས་པ་བྱས་པར་ཐལ་ཆ་གང་ཡང་འགྲོ་གི་མེད་ཅེས་གསལ་ཡོད་སྟབས། གཅིག་བྱས་ན་སྐབས་དེ་དུས་ནང་མི་གཅིག་པས་རོགས་པ་བྱས་ཡོད་པ་དེ་འདྲ་ཡོང་མི་སྲིད་པ་གང་ཡང་མ་རེད་བསམ་གྱི་འདུག ད་ལྟ་སྔོན་འགྲོའི་འོས་བསྡུ་བསྒྲུབས་ཚར་ཡོད་པ་རེད། དངོས་གཞིའི་འོས་བསྡུ་སྐབས་རོགས་པ་ཁྲིད་རྒྱུ་མེད་པ་རེད། གལ་སྲིད་མིག་འོང་བ་དང་ལག་པ་གཉིས་མེད་པ་ཡིན་ན་རྟགས་རྒྱག་དགོས་སྟབས་རོགས་པ་དགོས་ཀྱི་ཡོད་པ་རེད་མ་གཏོགས། གཞན་རོགས་པ་གང་ཡང་དགོས་ཀྱི་ཡོད་པ་མ་རེད།

དྲི་བ། ཐེངས་འདིར་བལ་ཡུལ་དང་འབྲུག་ནང་སྔོན་འགྲོའི་འོས་བསྡུ་གནང་ཐུབ་ཡོད་དམ།

ལན། འབྲུག་ནང་ད་ལོའི་སྔོན་འགྲོའི་འོས་བསྡུ་གནང་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། འབྲུག་གཞུང་གིས་བོད་མི་འོས་འཕེན་པ་སུ་ཡིན་ཡང་འོས་འཕེན་པའི་གནས་སྟངས་ཆ་ཚང་ས་གནས་གཞུང་ལ་ཕུལ་དགོས་པའི་བཀོད་ཁྱབ་བཏང་ཡོད་སྟབས། འབྲུག་ནང་བཞུགས་མཁན་ཚོས་གནད་དོན་གཞན་པར་བསམ་བློ་བཏང་ནས་འོས་ཤོག་ལྡུག་པ་ཡིན་ན་མིང་གཞུང་ཡར་ཕུལ་བདེ་པོ་མེད་སྟབས། ཁོ་ཚོས་འདོད་པ་བྱེད་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་འོས་ཤོག་བླུགས་ཡོད་པ་མ་རེད། བལ་ཡུལ་ནང་གསང་བའི་འོས་ཤོག་བླུགས་ཐུབ་པ་བྱུང་སྟེ། ང་ཚོར་དཀའ་ངལ་གང་ཡང་མེད་པའི་ཐོག་ནས་འོས་གྲངས་ཆ་ཚང་རག་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. karma says:
    ལོ་ 11 སྔོན།

    ཡ་མཚན་པ་ཞིག་ལ་་་་ནོར་འཁྲུལ་དང་བྱས་ཉེས་ཅི་བྱུང་རུང་ཞུ་གཏུག་བྱེད་མཁན་ཞིག་མེད་ན་་་སྒྲིག་འཛུགས་ནས་ཁ་བཙུམ་ནས་བཞུགས་པ་འདི་་་་མང་གཙོ་འགྲོ་སྟངས་དང་མཐུན་གྱི་འདུག་གམ། ད་དུང་་་་གནད་འགག་ལ་ཐུག་དུས་་་ང་ཚོ་ལ་ཞུ་གཏུག་འབྱོར་མ་སོང་་ཟེར་བ་འདི་ཚོ་་་་ངོ་མ་བསམ་བློ་མི་ཐོངས་པའི་ད་ལྟའི་གནས་སྟངས་འདི་འདྲ་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese