མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་དང་བོད་མིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་ཉིན་གུང་གསོལ་སྟོན་བཤམས་པ་དང་སྟབས་བསྟུན་ཏེ་ཧིན་བོད་གཉིས་ཀྱི་མཛད་གཙོ་རྣམས་ཕན་ཚུན་མཇལ་འཕྲད་གནང་སོང་།

 

DSC_3024དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། དྷ་རམ་ས་ལའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་། བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོགས་ཚོགས་ཀྱི་འཐུས་མི་ཡོངས་ལ་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་སོང་།

 

གསོལ་ཚིགས་འདེགས་འབུལ་གྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཤཱི་རེ་བིར་བྷ་ཌར་སིགྷ་ (Sh. Virbhadra Singh) མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཤཱི་རེ་བྷ་རྗེ་བྷི་ཧ་རེ་ལད་བྷུ་ཊེལ་ (Sh. Brij Behari Lal Butail) མཆོག་བཅས་ཀྱིས་དབུས། ཧིན་བོད་གཉིས་ཀྱི་གྲོས་ཚོགས་འཐུས་མི་གསར་རྙིང་ཁྱོན་མི་གྲངས་ ༧༠༠ ལྷག་འཛོམས་འདུག

 

བོད་མི་མང་སྤྱི་འཐུས་ལས་ཐོག་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསོལ་སྟོན་བཤམས་པའི་དགོས་དམིགས་ངོ་སྤྲོད་གནང་དོན། འདས་པའི་ལོ་ངོ་མང་པོའི་རིང་ལ་སྤྱིར་བཏང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཚོགས་སྟངས་དེ་དབྱར་གནས་དང་དགུན་གནས་གཉིས་ཡོད་ཀྱང་། རྗེས་སུ་ཧི་མ་ཅལ་མངའ་ཁུལ་འདི་གུ་ཡངས་པོ་ཡོད་སྟབས། ཧི་མ་ཅལ་མངའ་སྡེའི་གཞུང་གིས་གྲོས་ཚོགས་འཚོགས་གནས་དེ་འདི་གར་སྤར་བ་ཞིག་རེད་ལ། ང་ཚོ་བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་༧གོང་ས་མཆོག་གི་བཞུགས་སྒར་སོགས་བཙན་བྱོལ་བོད་མིའི་གནས་གཞི་གཙོ་བོ་དེ་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེ་འདི་རང་ཆགས་ཀྱི་ཡོད་སྟབས། བོད་མི་དམངས་སྤྱི་འཐུས་སྐབས་ ༡༣ པ་ནས་བཟུང་འདས་པའི་ལོ་ངོ་བཅུ་གྲངས་ཤིག་གི་ནང་ལ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་ལས་ཀྱི་སྣེ་མོ་བ་རྣམ་པ། དེ་བཞིན། སྤྱི་ཁྱབ་བློན་ཆེན་དང་ཁ་གཏད་ཚོགས་པའི་ཚོགས་མི་ཡོངས་གདན་འདྲེན་ཞུ་སྲོལ་ཡོད་ནའང་། སྐབས་དེར་དེ་རིང་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཡོངས་གཞི་རྒྱ་ཆེན་པོའི་སྒོ་ནས་ཚང་འཛོམ་ཐུབ་ཀྱི་ཡོད་པ་མ་རེད།

 

 

དེར་བརྟེན། འདི་ལོར་དམིགས་བསལ་ང་ཚོ་ཞབས་ཞུའི་སྡེ་ཚན་ལ་འགན་སྤྲད་དེ། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་ ༦༨ ཀྱིས་ཚོགས་གཙོ་མཆོག་ལ་སྙན་སེང་ཕུལ་བ་ལྟར། དེ་རིང་འདིར་ང་ཚོས་རྒྱ་གར་གཞུང་ལ་ཆེས་མཐོང་གི་ཐོག་ནས་ཉིན་གུང་གསོལ་སྟོན་འདི་གོ་སྒྲིག་ཞུས་པ་ཡིན་ལ། འདིར་ཧི་མ་ཅལ་མངའ་སྡེའི་གཞུང་ཡོངས་རྫོགས་འཛོམས་ཡོད་པ་ལྟར། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་རྫོགས་འདིར་ཕེབས་ནས་ཕན་ཚུན་མཇལ་འཕྲད་བརྒྱུད། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ངོ་སྤྲོད་མཚམས་སྦྱོར་ཞུ་བའི་གོ་སྐབས་ལེགས་པོ་བྱུང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་ར་བའི་ནང་གསོལ་སྟོན་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་དེ་ཐོག་དང་པོ་ཆགས་ཀྱི་ཡོད་སྟབས་ལོ་རྒྱུས་ཤིག་ཆགས་ཀྱི་ཡོད། མ་འོངས་པར་ང་ཚོས་འདི་ལས་ལྷག་པའི་ཚགས་ཚུད་སྤུས་དག་ཅིག་གོ་སྒྲིག་བྱ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་རེབ་ཀྱི་གསོལ་སྟོན་ཐོག ཧིན་བོད་གཉིས་ཀྱི་གྲོས་ཚོགས་ཕན་ཚུན་མཇལ་འཕྲད་བརྒྱུད་མ་འོངས་བོད་ཀྱི་འཐབ་རྩོད་ཐད་ལ་རྒྱབ་སྐྱོར་ཡོང་བར་ཕན་ནུས་གང་འཚམ་འཐོན་གྱི་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

 

ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཤཱི་རེ་བྷ་རྗེ་བྷི་ཧ་རེ་ལད་བྷུ་ཊེལ་མཆོག་གིས། ད་ལྟའི་བར་ཧི་མ་ཅལ་གཞུང་དམངས་གཉིས་གཙོས་པའི་རྒྱ་གར་གཞུང་བཙན་བྱོལ་བོད་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་དོན་འཐབ་རྩོད་ཐད་ལ་ངེས་པར་དུ་རྒྱབ་སྐྱོར་ཡོང་དགོས་པ། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་དེ་ཧ་ཅང་གལ་འགེངས་ཆེན་པོ་ཡིན་དུས། བོད་མིའི་ཆོས་དང་རིག་གཞུང་ཉམས་པ་བསླར་གསོ་དང་མ་ཉམས་གོང་སྤེལ་ཐུབ་པ་ཡིན་ན། བོད་མིའི་འཐབ་རྩོད་ལའང་རང་བཞིན་གྱིས་ནུས་པ་ལྡན་པ་ཞིག་དང་། སྤྱིར་གནའ་བོའི་རྒྱ་གར་གྱི་ཆོས་དང་རིག་གཞུང་དེ་བོད་ལ་དར་འཕེལ་བྱུང་བ་ལྟར། ད་ལྟའི་བར་ང་ཚོ་རྒྱ་གར་ལས་ལྷག་ཅིག་ཁྱེད་ཚོ་བོད་དང་བོད་མིས་སྲུང་སྐྱོབ་དར་སྤེལ་བཏང་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese