མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ནང་བགྲོ་གླེང་གལ་ཆེན་པོ་རེད། ང་ལ་འོས་མ་ཐོབ་པར་ཧང་སང་གི་མེད། ༼བཀྲ་ཤིས་དབང་འདུས།༽

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ཆེན་མོའི་སྔོན་འགྲོའི་འོས་གྲངས་ཁྱབ་བསྒྲགས་དང་བསྟུན་ཏེ། འདི་གའི་གསར་འཁང་གིས་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་བ་ལྟར། དངོས་གཞིའི་འོས་མིར་མ་ཚུད་པའི་སྲིད་སྐྱོང་འོས་མིར་བཞེངས་མཁན་དག་ལས་བཀྲ་ཤིས་དབང་འདུས་ལགས་སུ་དྲི་བ་ཁག་ཅིག་ཞུས་ཡོད།

Screen-Shot-2015-08-03-at-4.25.48-PMདྲི་བ། ཁ་སང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་འོས་གྲངས་གསལ་བསྒྲགས་གནང་བའི་ཁྲོད་སྲིད་སྐྱོང་གི་འོས་མི་ ༦ གི་འོས་གྲངས་གསལ་བོ་ཆགས་སོང་། འོས་མི་རེ་རེའི་འོས་གྲངས་དང་འབྲེལ་ཏེ་ཁྱོད་རང་ལ་མཐོང་ཚོར་ག་རེ་བྱུང་སོང་།

ལན། ངས་མི་མང་གིས་གདམ་ཀར་ངོས་ལེན་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ད་ལྟའི་ཆར་མི་མང་གི་བསམ་ཚུལ་དེ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེར་ཡང་བསྐྱར་གོ་སྐབས་ཤིག་སྤྲོད་དགོས་ཀྱི་རེད་བསམས་ནས་འོས་འཕེན་ཀྱི་ཡོད་སྟབས། རྒྱལ་ཁ་ཐོབ་པ་རེད་བསམ་གྱི་འདུག ད་ལྟའི་ཆར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་སུ་འོས་མང་ཤོས་རག་པ་དེ། མི་མང་པོ་ཞིག་གིས་ཁོང་ལ་གོ་སྐབས་གཉིས་པ་འབུལ་དགོས་ཀྱི་རེད་ཅེས་སྔོན་མ་ནས་བསམ་ཚུལ་ཤུགས་ཆེན་པོ་ཡོང་བསྡད་ཀྱི་ཡོད་པ་རེད། དེ་སྔོན་ཟམ་གདོང་རིན་པོ་ཆེ་མཆོག་ལའང་སྐབས་གཉིས་ཀྱི་གོ་སྐབས་གནང་ཡོད་པ་རེད། ཨ་རི་ལྟ་བུ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་ཆ་བཞག་པ་ཡིན་ན། སྤྱིར་བཏང་ལོ་རྒྱུས་ནང་སྲིད་འཛིན་ལ་ཐེངས་གཅིག་འཐོབ་པ་ཡིན་ན། ཐེངས་གཉིས་པ་དེ་ཡིན་ཤག་ཤག་འདྲ་པོ་བྱེད་ཀྱི་ཡོད་པ་མ་ཟད། འཛམ་གླིང་གི་འགྲོ་སྟངས་ཡིན་ཡང་དེ་རང་ཆགས་ཡོད་པ་རེད། དེ་ནས་སྤྱི་འཐུས་ཚོགས་གཙོ་ལྟ་བུ་ཡིན་ན། སྤྱི་འཐུས་ཚོགས་གཙོ་རྒྱུན་རིང་པོ་གནང་ཡོད་སྟབས། མི་མང་གིས་ཁོང་གི་མི་ཚེའི་ལོ་རྒྱུས་ཆ་ཚང་ངོ་ཤེས་ཏེ་འོས་འཕངས་པར་བརྟེན་འོས་འགྲན་ཁྲོད་ཨང་གཉིས་པའི་རྒྱལ་ཁ་ཐོབ་པ་རེད་བསམ་གྱི་འདུག

ཀླུ་མཁར་བྱམས་ཡིན་ན་རང་རེའི་སྤྱི་ཚོགས་ནང་རང་བཙན་འཐབ་རྩོད་བྱེད་མཁན་གང་འཚམ་ཡོད་པར་བརྟེན་ཏེ། ད་ཐེངས་ལྟ་གྲུབ་གཅིག་པ་འཁྱེར་མཁན་ཚོས་རྣམ་པ་གསལ་སྟོན་གྱིས་མཉམ་རུབ་ཐོག་རྒྱབ་སྐྱོར་བྱས་ཡོད་སྟབས། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཡིན་ཡང་གང་ལ་གང་འཚམ་ཐོབ་ཡོད་པ་རེད། ང་ལྟ་བུ་ཡིན་ན་བོད་པའི་སྤྱི་ཚོགས་ནང་རྒྱུན་རིང་ལས་ཀ་བྱས་མྱོང་ཡོད་ཀྱང་། གཞིས་ཆགས་ཁག་ཏུ་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ནང་ལས་ཀ་བྱས་མེད་སྟབས། མི་མང་གིས་ང་སུ་ཡིན་མིན་ངོ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། མི་མང་གིས་དེ་སྔོན་ང་ཧོབ་དེ་ཁ་ལ་མཐོང་ཡོད་སྟབས། ངས་གཏམ་བཤད་ཅིག་བྱས་པ་དང་ལམ་སེང་ཁོ་ཚོའི་བློ་འགུག་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ད་ལྟ་མང་པོ་ཞིག་གིས་ངས་ད་བར་ལས་ཀ་གང་བྱས་ཡོད་མེད་ཧ་གོ་ཡོད་རེད་བསམ་གྱི་འདུག བཀྲ་ཤིས་སྟོབས་རྒྱལ་ལགས་ཆ་མཚོན་པ་ན། མི་མང་གིས་ངོ་ཡག་པོ་ཤེས་ཀྱི་མེད་པ་མ་ཟད། ཁོང་སྲིད་སྐྱོང་ལ་ལངས་སྐབས་ཁོང་གིས་མཉམ་ཞུགས་བྱ་རྒྱུ་ཙམ་ཡིན་སྐོར་བརྗོད་དེ་འོས་བསྡུའི་ལས་འགུལ་གང་ཡང་སྤེལ་མེད་སྟབས་ཕམ་ཁ་འདི་བྱུང་བ་རེད་བསམ་གྱི་འདུག

དྲི་བ། ཁྱེད་རང་དབུ་མའི་ལམ་གྱི་ལངས་ཕྱོགས་འཁྱེར་མཁན་ཞིག་རེད། ལྷག་པར་དུ་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ཁྲོད་ཞུགས་མཁན་ཐོག་མ་ཡིན་པ་མ་ཟད། ཁྱོད་རང་གིས་(SEEN)ཞེས་པའི་གླེང་གཞི་ཞིག་གི་ཐོག་ནས་ཁྱབ་བསྒྲགས་མང་ཤོས་གནང་མཁན་ཡང་ཆགས་ཡོད། ཡིན་ནའང་ད་རེབ་སྔོན་འགྲོའི་འོས་བསྡུའི་ཁྲོད་ཁྱེད་རང་གི་འོས་གྲངས་ ༡༨༨༠ རེད། གནས་སྟངས་འདི་ལ་ཁྱོད་རང་གིས་ངོས་འཛིན་ག་རེ་གནང་གི་ཡོད།

ལན། ༢༠༡༡ ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐབས་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་སུ་འོས་ཤོག་མང་ཤོས་དང་། དེའི་རྗེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཨང་གཉིས་པ་ཐོབ་ཡོད་པ་རེད། སྐབས་དེ་དུས་བཀྲ་ཤིས་དབང་འདུས་ལགས་ལ་ཆ་བཞག་ན། བོད་པའི་སྤྱི་ཚོགས་ནང་ལོ་ ༤༠ ལྷག་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། སྐབས་དེ་དུས་འོས་བསྡུའི་ཁྱབ་བསྒྲགས་ཀྱང་མང་པོ་གནང་ཡོད་ཀྱང་། ཁོང་ལ་འོས་གྲངས་ ༢༠༠༠ ལྷག་ཙམ་མ་གཏོགས་རག་ཡོད་པ་མ་རེད། དེ་བཞིན། རྒྱ་རི་སྒྲོལ་མ་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཅས་ཀྱིས་ཀྱང་སྐབས་དེ་དུས་ཀྱི་སྲིད་སྐྱོང་གི་འོས་བསྡུའི་བགྲོ་གླེང་ནང་ཞུགས་པ་མ་ཟད་ལས་འགུལ་མང་པོ་སྤེལ་ཡོད་ཀྱང་། ཁོང་གཉིས་ལ་འོས་ཤོག་ ༢༠༠༠ མ་ཟིན་ཙམ་རེ་ལས་རག་མེད་སྟབས། ད་ཐེངས་ང་ལ་འོས་ཤོག་ཆིག་སྟོང་ལས་ལྷག་ལས་རག་མེད་ཀྱང་། ཕམ་ཁ་དེ་ལ་ཧང་སང་ཧོན་འཐོར་དགོས་དོན་གང་ཡང་ཡོད་མ་རེད་བསམ་གྱི་འདུག ངས་གཙོ་བོ་དེ་ཆབ་སྲིད་ནང་བགྲོ་གླེང་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག ད་ཐེངས་ང་ཡར་ལངས་ནས་འཁྲུག་ཆ་དོད་པོ་འདྲ་པོ་ཞིག་བཟོས་པ་རེད་མ་གཏོགས། འོས་བསྡུ་འདི་ཧ་ཅང་འཇམ་ཐིང་ཐིང་ངང་འགྲོ་གྲབས་བྱས་སོང་བ་མ་ཟད། མཐའ་མར་ཟ་ངེ་ཟིང་ངེ་ཆགས་ཏེ་སྲིད་སྐྱོང་གི་འོས་མིའི་བར་ལ་བགྲོ་གླེང་གཅིག་རྐྱང་བྱུང་ཐུབ་མ་སོང་། ཨ་རི་ལྟ་བུ་ཡིན་ན་ལོ་གཉིས་གསུམ་གོང་ནས་འོས་མི་ཕན་ཚུན་བགྲོ་གླེང་བྱེད་དགོས་པ་ལས་བགྲོ་གླེང་མ་བྱས་པར་འཇམ་ཐིང་ཐིང་བྱས་ནས་འགྲོ་རྒྱུའི་ལམ་ཀ་ཡོད་པ་མ་རེད། སྤྱིར་བཏང་ང་ཚོའི་ཆབ་སྲིད་འདི་ཁྱད་མཚར་པོ་ཞིག་རེད། སྐབས་སྔོན་མའི་སྲིད་སྐྱོང་གི་འོས་བསྡུའི་སྐབས་ད་ལྟའི་སྲིད་སྐྱོང་ལས་ཐོག་གིས་སྲིད་སྐྱོང་གི་བགྲོ་གླེང་ ༡༣ ཙམ་ནང་མཉམ་ཞུགས་བྱས་ཡོད་པ་རེད། ཡིན་ཡང་ད་ཐེངས་ང་ཚོའི་བར་ལ་བགྲོ་གླེང་གཅིག་ཀྱང་བྱུང་ཐུབ་མེད་པ་དེ་དམངས་གཙོའི་འཕེལ་རིམ་ནང་ནས་ཡག་པོ་ཞིག་མ་རེད་བསམ་གྱི་འདུག ངས་མ་འོངས་པར་འོས་མི་ཕན་ཚུན་བར་བགྲོ་གླེང་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་ཡོད།

དྲི་བ། ད་རེབ་ཀྱི་སྔོན་འགྲོའི་འོས་བསྡུའི་གནས་སྟངས་ལ་བལྟས་ཡོང་ན། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དེ་སླར་ཡང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་འཁེལ་རྒྱུ་ཡིན་པ་འདྲ་བོ་འདུག ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལས་ཡུན་རིང་འཐུས་ཤོར་ཆེ་ཤོས་གསུམ་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། གལ་སྲིད་ཁོ་རང་ཕྱིར་སྲིད་སྐྱོང་ལ་ཕེབས་པ་ཡིན་ན། ཁོ་རང་གིས་ཁ་ཡོད་ལག་ཡོད་ཀྱིས་བསྒྲུབ་དགོས་པའི་ལས་འགན་གཙོ་བོ་གསུམ་གང་དག་ལ་ངོས་འཛིན་གནང་གི་ཡོད་དམ།

ལན། ངས་སྔོན་མ་ནས་ཞུས་པ་ལྟར་ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་གི་ལས་ཡུན་རིང་འཐུས་ཤོར་ཆེ་ཤོས་གསུམ་ཤོར་ཡོད་པ་ནི། དང་པོ། ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་ཞི་མོལ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་ཀྱང་ད་བར་ཅི་གང་གནང་ཐུབ་མེད་སྟབས། དེ་གནང་དགོས་པ་རེད་བསམ་གྱི་འདུག གཉིས་པ། བོད་མི་བསམ་ཤེས་མཁན་མང་པོ་ཞིག་གིས་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་བསམ་པ་ནང་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་བསམ་ཚུལ་བྱུང་ཡོད་པ་མ་ཟད། དེའི་ཐོག་གྲོས་ཚོགས་ཀྱིས་ཚོགས་ཆུང་ཡང་བཙུགས་ཡོད་སྟབས། ད་ལྟ་ཤེས་ཡོན་སྲིད་བྱུས་ཚུལ་བཞིན་ལག་བསྟར་མ་ཐུབ་པ་དེ་ཐུབ་ཐབས་བྱ་དགོས་པ་རེད། གསུམ་པ། སྔོན་མ་ཟམ་གདོང་རིན་པོ་ཆེའི་སྐབས་སྐྱེ་ལྡན་སོ་ནམ་འདེབས་ལས་སོགས་གཞིས་ཆགས་སྲ་བརྟན་ཆེད་ཐབས་ཤེས་མང་པོ་གནང་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་ད་ལྟའི་བཀའ་ཤག་གིས་གཞིས་ཆགས་བརྟན་ལྷིང་ཆེད་དམིགས་བསལ་ཕྱག་ལས་གནང་བ་དེ་འདྲ་གང་ཡང་སྟོན་རྒྱུ་མེད་སྟབས། ངས་གཞིས་ཆགས་སྲ་བརྟན་ཡོང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་༧གོང་ས་མཆོག་ལོ་རེ་ལས་ནས་ལོ་རེར་བགྲེས་པོ་ཆགས་ཀྱི་ཡོད་པ་མ་ཟད། ད་ལྟ་བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཆགས་ཡོད་སྟབས། ངས་བཀའ་ཤག་གིས་གཞིས་ཆགས་སྲ་བརྟན་ཆེད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཡོད་པ་གང་ཡང་མཐོང་མ་བྱུང་། མ་འོངས་པར་ད་ལྟའི་སྲིད་སྐྱོང་ལས་ཐོག་སྲིད་སྐྱོང་ལ་ཕེབས་པ་ཡིན་ན། བོད་དོན་བདེན་མཐའ་གསལ་ཐབས་ལ་(SEEN) མཐོང་དགོས་པའི་དོན་གནད་བཞི་སྟེ། བོད་མིའི་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་གོང་འཕེལ། དཔལ་འབྱོར་རྒྱུན་གནས། བོད་རྒྱ་གྲོས་མོལ་ཡོང་ཐབས་བཅས་ཀྱི་ཐོག་ཤུགས་བརྒྱབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་ཚགས་ཚུད་དུ་འགྲོ་རྒྱུའི་རེ་བ་ཡོད་པ་རེད་བསམ་གྱི་འདུག

དྲི་བ། སྐུ་ཉིད་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྡིངས་ཆ་མཐོ་ཤོས་དེར་རེ་བ་རྒྱག་མཁན་གྱི་མི་སྣ་ཞིག་ཆགས་ཡོད་པ་རེད། གནས་སྟངས་འདིའི་ཐད་ནས་མ་འོངས་པར་ཁྱོད་ཀྱིས་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་དང་བསམ་སྤྱོད་གང་འདྲ་ཞིག་འཁྱེར་རྒྱུའི་འཆར་གཞི་དང་དམ་བཅའ་ཡོད་དམ།

ལན། ང་ཚོས་སྤྱི་ཚོགས་འདི་དོར་རྒྱུ་གང་ཡང་མེད་པ་མ་ཟད། སྤྱི་ཚོགས་དང་མཉམ་དུ་བསྡད་དེ། དཔུང་པ་ས་འོག་ཏུ་བསྒྲིལ་ནས་ད་ལྟ་བར་དུ་འདིར་བསླེབས་ཡོད་པ་རེད། ང་ལོ་བཅོ་ལྔའི་སྔོན་ནས་ཕྱི་རྒྱལ་ལ་འགྲོ་ཚར་ཡོད་པ་མ་ཟད། རྒྱལ་ཁབ་ཁག་ ༡༥ ནས་ ༡༦ ཙམ་ཞིག་ནང་ཕྱིན་པ་ཡིན་ཡང་ད་ལྟ་རྒྱ་གར་ནང་བསྡད་དེ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་སོ་སོས་ག་ཚོད་ཐུབ་ཚོད་ལས་ཀ་ཅིག་བྱེད་ཀྱི་ཡིན་བསམ་གྱི་ཡོད་ལ། ཚང་མས་མུ་མཐུད་བྱེད་དགོས་པ་རེད་བསམ་གྱི་ཡོད། དེ་བཞིན་ང་རང་ལ་མཚོན་ནའང་མུ་མཐུད་དུ་རྒྱ་གར་ནང་བསྡད་དེ་ཤུགས་རྒྱག་དགོས་བསམ་ཡོད། ང་རང་སྐྱིད་སྐྱོང་ལ་ཁྱབ་བསྒྲགས་སྐབས་ངས་ (SEEN མཐོང་།) ཟེར་བ་དེ་ང་སྲིད་སྐྱོང་ཆགས་པ་ཡིན་ན། སྲིད་སྐྱོང་གི་འགན་ཁུར་བའི་ཐོག་ནས་དེའི་ཐོག་ལས་ཀ་བྱ་རྒྱུ་ཡོད་པ་དང་། ཡང་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་ཞིག་ཆགས་པ་ཡིན་ན། ཆབ་སྲིད་ལས་དོན་གྱི་བོད་རྒྱ་གྲོས་མོལ་ཕུད་དེ་བྱིངས་ལྟ་གྲུབ་དེའི་འོག་ལས་ཀ་ག་ཚོད་ཅིག་བྱེད་ཐུབ་ཀྱང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ་བྱ་རྒྱུ་ཡང་ཡིན། དེ་ནས་མ་འོངས་པར་མཚོན་ན། ང་ལ་ད་ལྟའི་ཆར་ ༢༠༢༠ ལོའི་སྲིད་སྐྱོང་གི་འོས་འགྲན་ཁྲོད་ཞུགས་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། མ་འོངས་པར་སྐབས་དེ་དུས་ཀྱི་གནས་སྟངས་ལ་བལྟ་རྒྱུ་ཆགས་ཡོད་སྟབས། ད་ལྟ་ངས་དེའི་ཐོག་སྐད་ཆ་བཤད་རྒྱུ་ཏོག་ཙམ་སྔ་དྲགས་པ་རེད་བསམ་གྱི་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༨ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. བསྟན་འཛིན། says:
    ལོ་ 11 སྔོན།

    གོ་ཐོས་ལ་ཁོ་རང་ལས་ཐོག་དབུས་གཙང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ཀྱི་ཚ་བོ་ཡིན་པ་བཤད་ཚུལ་འདུག འཇིགས་མེད་འབྱུང་གནས་གཞུང་ཞབས་ལས་འཁུར་ཞུས་པའི་སྐབས་སུ་ཕྱོགས་རིས་དང་ཉེ་དགའ་ཕྱོགས་ལྷུང་གི་བྱ་སྤྱོད་མང་པོ་ཞིག་སྤེལ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག དངོས་འབྲེལ་ཡིན་མིན་བཤད་མི་ཐུབ། འོན་ཀྱང་དེ་དག་དངོས་འབྲེལ་ཡིན་ཚེ་ཤིན་རྗེ་ཕོ་ཉའི་སར་ལས་ཀྱི་རྩིས་རྒྱག་རྒྱུ་ཉག་ཅིག་རེད།

    Reply
  2. བསྟན་འཛིན། says:
    ལོ་ 11 སྔོན།

    ༢༠༢༠ ནང་ཡང་འོས་ཐོབ་རྒྱུ་ཁག་པོ་རེད།

    Reply
  3. བསོད་ཚེ་རྒྱལ། says:
    ལོ་ 11 སྔོན།

    སྐུ་ངོ་བཀྲ་ཤིས་དབང་འདུས་ལགས། ཁྱོད་རང་གི་ཁྱབ་བསྒྲགས་ནང་དུ་ཨ་མ་དབུས་གཙང་ཡིན་པ་དང་ཨ་ཕ་མདོ་སྟོད་ཡིན་ཟེར་ནས་དབུས་གཙང་དང་མདོ་སྟོད་གཉིས་ཀའི་འོས་ཤོག་ལ་རེ་བ་ཞིག་བརྒྱབ་པ་རེད། དེ་ནས་མངའ་རིའི་ཚོགས་པས་ཀྱང་ཁྱོད་རང་སྲིད་སྐྱོང་འོས་མིར་བཏོན་པ་རེད། ཡིན་ནའང་མཐའ་མ་འོས་བླུགས་ཡོང་སྐབས་ཁྱོད་རང་ལ་འོས་གྲངས་ ༡༨༨༠ ལས་མ་བྱུང་བ་དེ་ག་རེ་ཡིན་ནམ། མངའ་རིའི་སྤྱི་མཐུན་ཚོགས་པས་བྱེད་སྟངས་དེ་ས་གནས་མི་མང་གི་མངོན་འདོད་མིན་པ་བསྟན་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese