མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་བཅོས་ལྟ་སྐྱོང་གིས་རང་ཁ་རང་གསོ་ཡོང་ཐབས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལག་བསྟར་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐོག སྲིད་སྐྱོང་མཆོག་གིས་གཞན་ལ་ལག་པ་རང་འཛེད་ནས་མ་བསྡད་པར་རིམ་གྱིས་སྨན་བཅོས་ལྟ་སྐྱོང་ཐོག་རང་ཁ་རང་གསོ་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

 

IMG_2701དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དབུས་སྣེ་ལེན་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལག་བསྟར་ཞུ་བདེའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་བ་དང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས། དེ་བཞིན་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་དང་རྒྱ་གར་གྱི་སྨན་བཅོས་ལྟ་སྐྱོང་གི་ཆེད་མཁས་པ་ ༤། གཞན་ཡང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་གཞིས་ཆགས་ཁག་ ༣༣ གྱི་སྨན་ཁང་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ ༤༤ ཙམ་བཅས་ཁྱོན་མི་གྲངས་ ༥༠ ཡས་མས་འཛོམས་འདུག

 

མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་ཤོས་ལྔ་ངོ་སྤྲོད་དང་སྦྲགས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། ད་ལོར་སྨན་བཅོས་ལྟ་སྐྱོང་ནང་འཛུལ་ཞུགས་གནང་མཁན་ ༡༩༦༥༠ ལྷག་བྱུང་ཡོད་སྟབས། ལས་གཞི་ལག་བསྟར་གྱི་ལོ་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་བསྡུར་བ་ཡིན་ན། ལོ་རེ་བཞིན་འཛུལ་ཞུགས་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་རེད། ལོ་དང་པོར་མི་གྲངས་ ༩༠༠༠ འཛུལ་ཞུགས་བྱས་ཡོད་པ་དང་། ལོ་གཉིས་པར་ ༡༠༠༠༠ ལྷག ལོ་གསུམ་པར་ ༡༣༠༠༠ ལྷག་བཅས་འཛུལ་ཞུགས་བྱས་ཡོད་པ་དང་། ལོ་དང་པོར་སྨན་བཅོས་ལྟ་སྐྱོང་གི་ཁེ་ཕན་ལེན་མཁན་ ༤༥༠ ཙམ་དང་། ལོ་གཉིས་པར་ ༧༠༠ མ་ཟིན་ཙམ། ལོ་གསུམ་པར་ ༨༠༠། ལོ་བཞི་པར་ད་ལྟའི་བར་དུ་མི་གྲངས་ ༧༠༠ ལྷག་བྱུང་ཡོད་འདུག འདས་པའི་ལོ་གསུམ་གྱི་ནང་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་དེར་མ་དངུལ་རང་ནས་འབུམ་ ༢༠༠ ཙམ་བཏང་ཡོད་པ་དང་། ལས་གཞི་དེའི་ཁྲོད་མང་ཚོགས་ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པའི་འགྲོ་སོང་ཐད་མཐུན་རྐྱེན་སྦྱོར་གྱི་ཡོད་པ་མ་ཟད། ཕྱི་ལུགས་སྨན་གྱི་བརྒྱ་ཆ་ ༥༠ ཆག་ཡང་དང་། བོད་ཀྱི་སྨན་རྩིས་ཁང་ནས་བོད་སྨན་ཐོག་བརྒྱ་ཆ་ ༡༠ ཆག་ཡང་གནང་མུས་ཡིན་འདུག

 

ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་སྐོར་ལ་འཕྲོད་བསྟེན་བཀའ་བློན་མཆོག་གིས། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་དཀའ་ངལ་ཆེ་ཤོས་དེ་མི་མང་ནང་ད་དུང་གོ་རྟོགས་ཀྱིས་མ་འདང་བའི་གནས་སྟངས་ཆགས་བསྡད་ཡོད་སྟབས། དེ་ད་ལན་ང་ཚོས་ཟབ་སྦྱོང་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་མི་མང་གང་མང་མང་སྨན་བཅོས་ལྟ་སྐྱོང་གི་འཕྲོད་བསྟེན་ཉེན་སྲུང་གི་ནང་བཅུག་ཐབས་བྱེད་དགོས་པ་དེ་གནད་འགག་ཅིག་ཆགས་བསྡད་འདུག དེ་ཚོ་གནང་ཐུབ་ན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཕུགས་རྒྱང་རིང་པོ་ཞིག་ལ་གནས་ཐུབ་པར་ཏན་ཏན་ཁྱད་པར་ཤུགས་ཆེན་པོ་ཞིག་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག ན་ནིང་ལོར་ཨ་རིའི་(US AID)ཡི་ལས་གཞིའི་འོག་མི་གྲངས་ ༣༠༠༠༠ ལ་སྨན་བཅོས་ལྟ་སྐྱོང་གི་ཚོགས་མིའི་བསྡུ་བྱར་བརྒྱ་ཆ་ ༧༠ ཆག་ཡང་གནང་ཡོད་པ་དང་། ད་ལོར་ཡང་མི་ ༢༤༠༠༠ ལ་ཆག་ཡང་གནང་རྒྱུ་ཐུགས་གཏན་འཁེལ་བསྡད་ཡོད་པ་རེད། ཅེས་སོགས་གསུངས་སོང་།

 

IMG_2727དེའི་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བཟང་སེང་གེ་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ནས་རིམ་གྱིས་རང་ཁ་རང་གསོ་ཡོང་ཐབས་གནང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་དོན། རྩིས་ཞིབ་ཀྱི་སྙན་ཐོ་གཞིར་བཟུང་བྱས་ན། ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ནང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་དངུལ་རྦད་དེ་རྫོགས་འགྲོ་གི་རེད་ཟེར་བ་ཞིག་བྱུང་ཡང་། ཕྱི་ལོ་ ༢༠༡༢ དང་ ༢༠༡༣། ༢༠༡༤་བཅས་བརྒལ་ཚར་བ་དང་། ཕྱི་ལོ་ ༢༠༡༥ བརྒལ་འགྲོ་བཞིན་ཡོད་ཀྱང་དཔལ་འབྱོར་གནས་སྟངས་ཡག་ཐག་ཆོད་ཡོད་པ་རེད་ལ། ད་དུང་ལོ་བཞི་དང་ལྔ་ཡི་ནང་སྣང་དོགས་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་། ང་ཚོས་སྤྱི་ཚོགས་ནང་སྐྱོ་བོ་ཉམ་ཐག་དེ་ཚོར་འཕྲོད་བསྟེན་དང་དཔལ་འབྱོར་གྱི་ཐོག་ནས་ཐུགས་ཕན་གསོ་པའི་ལས་གཞི་ཞིག་སྤེལ་བ་དང་མཉམ་དུ། རིམ་གྱིས་རང་ཁ་རང་གསོ་བྱུང་ཐུབ་པར་འབད་བརྩོན་བྱས་ན་མ་གཏོགས་ལག་པ་རང་འཛེད་བསྡད་པ་ཡིན་ན། ལོ་ ༥ དང་ལོ་ ༡༠ སོགས་གང་འཚམ་ཞིག་ནས་རོགས་དངུལ་ཟེར་བ་དེ་མཚམས་བཞག་སྐབས། མི་མང་པོར་དཀའ་ངལ་ཆེན་པོ་ཞེ་དྲགས་འཕྲད་པ་ཡིན་ན་ང་ཚོ་བོད་མིའི་སྒྲིག་འཛུགས་དང་ལྷན་ཁང་བཙུགས། འཕྲོད་བསྟེན་ལས་ཁུངས་བཙུགས་ནས་ཡན་ལག་སྨན་ཁང་ཡང་བཙུགས་ཏེ་ལས་བྱེད་ཡོད་པ་དེ་ཚོ་ས་གནས་ས་ཐོག་ཏུ་ཡོད་དུས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་རེད། དེར་བརྟེན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་གལ་ཆེན་པོ་ཞེ་དྲགས་རེད། ད་ལན་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་འདུག ང་ཚོས་ལོ་ལྔ་ལ་རྩིས་ག་རེ་རྒྱག་གི་ཡོད་པ་རེད་ཟེར་ན། འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་པ་དང་། སྨན་དོད་ལེན་མཁན་གྱི་གྲངས་ཀ་མང་དུ་ཕྱིན་གྱི་ཡོད་ཀྱང་། ཁྱོན་བསྡོམས་ཀྱི་དངུལ་དེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ད་ལན་འཛུལ་ཞུགས་བྱེད་མཁན་ ༡༩༠༠༠ བྱུང་ཡོད་པ་དང་། ཟླ་བ་ ༧ ནང་མི་ ༧༠༠ ཞིག་གིས་སྨན་དོད་གུན་གསབ་དེ་ལེན་ཚར་འདུག ཡིན་ནའང་། ཚུར་ཡོང་འབབ་དང་ཕར་འགྲོ་སོང་གཉིས་བསྡུར་བ་ཡིན་ན་འགྲོ་སོང་དེ་ཉུང་བ་ཡོད་པ་རེད། འདི་ལྟར་བྱས་ནས་ང་ཚོའི་དམིགས་ཡུལ་དེ་ལོ་ལྔ་རིང་ཁྲི་ལྔ་བྱུང་བ་ཡིན་ན། རང་ཁ་རང་གསོ་བྱས་ཏེ་སོ་སོའི་རྐང་པའི་སྒང་ཐུབ་ཀྱི་ཡོད་པ་རེད། དེ་གལ་ཆེན་པོར་བརྩི་ཡི་ཡོད་ལ་རྩི་རོགས་གནང་། ཞེས་དང་། ད་ལྟའི་བར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་གྱི་རོགས་དངུལ་རྣམས་བེད་སྤྱོད་ཡག་པོ་བཏང་བར་བརྟེན། སྨན་བཅོས་ལྟ་སྐྱོང་ཆེད་ཨ་རིའི་གཞུང་གིས་ཨ་སྒོར་ས་ཡ་ ༣.༢ གནང་གཏན་འཁེལ་ཡོད་སྐོར་དང་། འཕྲོད་བསྟེན་ལས་ཁུངས་ནས་ཕྲུ་གུ་གསུམ་པ་མ་སྐྱེས་གོང་ནས་བཟུང་དམིགས་བསལ་བདག་སྐྱོང་གནང་བཞིན་ཡོད་པ་ལྟར་མི་འབོར་འཕེལ་རྒྱས་ཡོང་ཐབས་ལ་སྐུལ་འདེད་དང་། བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ན་ཚའི་གོ་རྟོགས་སྤེལ་བ་དང་ཆབས་ཅིག་ཨེ་ཙི་ནད་པ་ཚོར་ལུས་སེམས་ཀྱིས་ཉེ་བོ་བྱེད་གལ་ཆེ་བ་དང་། དེ་བཞིན་ས་གནས་ཁག་གི་སྨན་པ་དང་སྨན་ཞབས་ཚོས་ཚུར་ཡོང་བར་སྒུག་མ་བསྡད་པར་རྒན་གསོ་ཁང་སོགས་རྒས་གཅོང་ནད་པའི་ཁྱིམ་དུ་ཕར་སོང་ནས་བདག་སྐྱོང་གནང་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

 

སྨན་བཅོས་ལྟ་སྐྱོང་གི་འབྲེལ་ཡོད་ལས་དྲུང་ཉི་མ་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཁྲོད། ས་གནས་ས་ཐོག་གི་སྨན་པ་དང་འབྲེལ་ཡོད་ལས་བྱེད་ཚོས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལག་བསྟར་གནང་ཕྱོགས་དང་། མི་མང་ནང་ལས་གཞིའི་ཁེ་ཕན་སོགས་གསལ་བཤད་ཡག་པོ་ཡོང་ཐབས་ལ་ལམ་སྟོན་གནང་རྒྱུ་ཡིན་པ་མ་ཟད། ཆེད་དུ་གདན་འདྲེན་ཞུས་པའི་རྒྱ་གར་གྱི་ཆེད་ལས་པ་ཚོས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་ཇེ་མང་དུ་གཏོང་ཐབས་སྐོར་ལ་ལམ་སྟོན་གནང་རྒྱུ་དང་། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཉེན་སྲུང་གི་གོ་རྟོགས་ཞན་པོ་ཡོད་སྟབས། འཕྲོད་བསྟེན་ཉེན་སྲུང་སྐོར་གྱི་ཆེད་ལས་པ་ཞིག་གིས། དུས་རབས་ཉེར་གཅིག་པའི་ནང་འཕྲོད་བསྟེན་གྱི་དགོས་གལ་རང་བཞིན་ངོ་སྤྲོད་བཅས་གནང་འཆར་ཡོད་འདུག

 

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཡ་ལོ། says:
    ལོ་ 10 སྔོན།

    ཡར་ཐོན་ཅན་གྱི་སྐད་ཆ་འདུག་ལ། ཕུགས་བསམ་རང་བཞིན་ལྡན་པའི་བསམ་བློ་དང་འཆར་འགོད་འདུག
    ཤིན་ཏུ་ལེགས། འུ་ཅག་གི་སྤྱི་ཚོགས་ཁྲོད་དུ་གསང་ལམ་གྱི་སྐད་ཆ་མང་ན་ཡང་། སེམས་ཤུགས་མ་ཆགས་པར་མདུན་ནས་མདུན་དུ་བསྐྱོད་རོགས། བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese