མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་ཞིག་སྤྲུལ་སྐུར་ངོས་འཛིན་དང་ཁྲི་འདོན་བྱས་པའི་གླེང་ཉོག

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

བོད་པའི་བླ་མ་ཞིག་གི་ཡང་སྲིད་ཡིན་ཟེར་བའི་ཧོང་ཀོང་གི་རྒྱ་རིགས་ཤིག་གིས་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ཞིག་ཁྲི་འདོན་བྱས་པའི་གནས་ཚུལ་དང་པར་སོགས་དྲ་ལམ་ཁག་ཏུ་ཐོན་ཏེ། བོད་བརྒྱུད་ནང་བསྟན་རྗེས་འབྲང་བ་ཚོར་ཕོག་ཐུག་ཆེན་པོ་བཏང་ཡོད་པའི་ཐད་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་ལ་བཅར་འདྲི་ཞུས།

 

09cf02pzཉེ་སྔོན་གསར་ལམ་ཁག་དང་སྤྱི་ཚོགས་གནས་འཕྲིན་ཁག་ཏུ། ཝུ་ཏ་རུང་ངམ་པདྨ་འོད་གསལ་ཟེར་བའི་ཧོང་ཀོང་གི་རྒྱ་མི་ཞིག་གིས། ཁོ་རང་དེ་སྔོན་བོད་པའི་རྒྱཀཿཐོག་ཆོས་བརྒྱུད་ཀྱི་བླ་སྤྲུལ་འགས་སྤྲུལ་སྐུར་ངོས་འཛིན་བྱས་ཡོད་སྐོར་གྱི་གནས་ཚུལ་དང་པར་སོགས་དྲ་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་པའི་མི་ཚད། ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཁོ་རང་གིས་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐའེ་ལིན་ཟེར་བ་དེ་ཡང་ཡང་སྤྲུལ་ཞིག་ལ་ངོས་འཛིན་གྱིས་ཁྲི་འདོན་མཛད་སྒོ་བསྡུས་ཏེ། མཛད་སྒོའི་ཐོག་མེས་རྒྱལ་གྱི་འཁྲུངས་སྐར་སྲུང་གཙི་བྱེད་དགོས་ལ། མེས་རྒྱལ་མེད་ན་ཁྱིམ་ཚང་ཡང་མེད་ཟེར་བ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་སྣ་ཚོགས་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་ཆོ་ག་དང་མི་མཐུན་པའི་བྱེད་སྒོ་ཡ་མ་བརླ་སྤེལ་བར་བརྟེན། བོད་ཕྱི་ནང་གཉིས་ཀྱི་གཙོས་འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་མང་པོས། བྱེད་སྟངས་དེས་བོད་བརྒྱུད་ནང་བསྟན་སྤྱི་ལ་དམའ་འབེབས་མཐོང་ཆུང་བཏང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ངོ་ལོ་ ༧༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་པའི་ཐུན་མོང་མ་ཡིན་པའི་སྤྲུལ་སྐུའི་ལམ་ལུགས་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་ཅིག་ཡིན་པ་སོགས་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པ་མ་ཟད། གནས་ཚུལ་དེའི་རྒྱབ་ཏུ་རྒྱ་ནག་གཞུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྲུའུ་ཝི་ཆིན་སོགས་ཡོད་པའི་དོགས་པའང་བྱེད་ཀྱིན་ཡོད།

 

IMG_3405དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ། གོང་གི་གནས་ཚུལ་དེའི་སྐོར་མཁྱེན་རྟོགས་ཡོད་མེད་དང་། དེར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས། བོད་པའི་བླ་སྤྲུལ་གྱི་ཡང་སྲིད་དེ་ཚོ་ང་ཚོ་བོད་པའི་སྤྱི་ཚོགས་ནང་གནད་འགག་དང་གལ་ཆེན་པོ་ཡིན་སྟབས། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་བེད་སྤྱོད་འདྲ་མིན་འདྲ་གཏོང་གི་ཡོད་པ་རེད། བོད་ཀྱི་བླ་སྤྲུལ་ལ་མིང་ཆད་བཟོ་ཐབས་དང་། མིན་པ་ཞིག་ཡིན་པ་དང་། ཡིན་པ་ཞིག་མིན་པ་བཟོ་ཐབས་ལ་འབད་བརྩོན་ཞེ་དྲགས་བྱེད་ཀྱི་ཡོད་སྟབས། ང་ཚོ་བོད་རིགས་ཚོས་དེ་ཚོར་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་མཆོག་གི་དབུས་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པས་འཁྲུལ་མེད་ངོས་འཛིན་གནང་བའི་ཡང་སྲིད་རྣམས་ལ་དད་པ་དང་ཡིད་ཆེས་བྱེད་དགོས་ཀྱང་། དེང་སང་ནང་ཆོས་དེ་འཛམ་གླིང་གིས་དོ་སྣང་བྱེད་ས་ཞིག་ཆགས་བསྡད་ཡོད་དུས། རྒྱ་མི་དང་ཕྱི་རྒྱལ་བ་དེ་འདྲས་ང་སྤྲུལ་སྐུ་དང་བླ་མ་ཡིན་ཟེར་ནས་མི་དང་རྒྱུ་ཐོབ་ཆེད་མི་མང་མགོ་སྐོར་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ང་ཚོས་ཐུན་མོང་མ་ཡིན་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་རིག་གཞུང་དེ་རྩ་ཆེན་པོ་ཡིན་པ་ངོས་ཟིན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། གལ་ཆེན་པོ་ཡིན་པ་ལྟར་ང་ཚོས་དོ་དམ་དང་སྟངས་འཛིན་བྱེད་རྒྱུའང་ཤིན་ཏུ་ནས་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད། ཉེ་སྔོན་རྒྱ་ནག་ནང་སྤྲུལ་སྐུ་ངོས་འཛིན་བྱས་པ་རེད་ཟེར་བ་དང་། རྒྱ་ནག་གཞུང་གིས་ཀྱང་བོད་པའི་སྤྲུལ་སྐུ་མང་པོ་ཞིག་ངོས་འཛིན་བྱས་ཡོད་ཟེར་བའི་གནས་ཚུལ་འདུག སྤྱིར་བཏང་སྤྲུལ་སྐུ་ཟེར་བ་དེ་རྒྱ་ནག་གཞུང་དང་། དམར་ཤོག་གི་དཔོན་རིགས་ཚོས་བསྐོ་བཞག་བྱེད་དགོས་པ་ཞིག་མ་རེད། ལས་བྱེད་ཅིག་ཡིན་ན་གཞུང་གིས་བསྐོ་བཞག་གནང་ཟེར་བ་དང་། མི་མང་གིས་འོས་འདེམས་བྱས་ཏེ་བསྐོ་བཞག་བྱེད་སྟངས་ཡོད་པ་རེད་དེ། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་དེ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། འགྲོ་སྟངས་དེའི་ཐོག་ནས་འགྲོ་དགོས་པ་ལས་གཞུང་སྒེར་སུ་ཡིན་རུང་གང་བྱུང་མང་བྱུང་བྱེད་ཆོག་གི་མ་རེད། ཅེས་གསུངས་བྱུང་།

 

རྒྱ་རིགས་དེ་གཉིས་ཀྱི་བྱ་སྤྱོད་སྐོར་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་བྱུང་རྗེས། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་རིན་པོ་ཆེ་སོགས་ཀྱི་ཐ་སྙད་དང་སྦྱར་ཏེ་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་མ་ཟད། ཀྲུའུ་ཝི་ཆིན་གྱིས་སྤྲུལ་སྐུ་རྫུན་མའི་སྣང་ཚུལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་གནོད་པ་སྐྱེལ་སྲིད་སྟབས། སྤྲུལ་སྐུ་རྫུན་མར་རྡུང་རྡེག་དང་ཁྲིམས་མཐུན་སྤྲུལ་སྐུ་ངོ་མར་མུ་མཐུད་མཐིལ་ལོན་པ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། སྤྲུལ་སྐུ་རྫུན་མ་ཚོས་དད་ལྡན་མང་ཚོགས་ལ་མགོ་སྐོར་བཏང་ནས་རག་པའི་དངུལ་གྱིས་ཁ་བྲལ་རིང་ལུགས་ཀྱི་བྱེད་སྒོར་མཐུན་རྐྱེན་སྦྱོར་གྱི་ཡོད་སྐོར་ཡང་བརྗོད་འདུག

 

དེ་ཡང་རྒྱ་ནག་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྲུའུ་ཝི་ཆིན་གྱིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ལ། བསྒྱུར་བཅོས་སྒོ་འབྱེད་རྗེས་བོད་ཁུལ་དང་ནང་སའི་འབྲེལ་ལམ་ཇེ་མང་དུ་གྱུར་པ་དེ་ནི་དགའ་འོས་པའི་དོན་དངོས་ཤིག་ཡིན་མོད། མ་རུང་བ་རེ་འགས་གོ་སྐབས་འདི་བེད་སྤྱད་ནས་སྤྲུལ་སྐུར་རྫུས་ཏེ། དབུས་ཤར་ཁུལ་དུ་དད་ལྡན་པར་མགོ་སྐོར་གཏོང་བ་དང་གཅིག་ནས་རྒྱུ་དངུལ་དང་གཉིས་ནས་ཆགས་སྲེད་བསླུ་བྲིད་བྱས་པའི་གནས་ཚུལ་ཐོན་གྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་སྤྲུལ་རྫུན་དག་གིས་གཞན་གྱི་ས་ནས་བསླུ་བྲིད་བྱས་ཏེ་ཐོབ་པའི་སྒོར་མོ་ཁག་ཅིག་བོད་ཁུལ་དུ་འཁྱེར་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་ཞིང་ཐ་ན་མ་དངུལ་ཁག་ཅིག་ཁ་བྲལ་རིང་ལུགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱ་ཆེད་སྤྱོད་བཞིན་ཡོད། ཅེས་སོགས་བརྗོད་འདུག

 

ཡང་ཁོས་འབྲེལ་ཡོད་སྡེ་ཚན་གྱིས་བོད་ལྗོངས་དང་བོད་ཁུལ་གྱི་ས་ཆ་གཞན་པའི་ཁྲིམས་དང་མཐུན་ལ། ལོ་རྒྱུས་ཀྱི་ཁུངས་ལུང་ཡོད་པའི་སྤྲུལ་སྐུ་ངོ་མ་དག་ལ་མུ་མཐུད་དུ་མཐིལ་ལོན་སྡོམ་རྩིས་བྱས་ཏེ། དཔྱད་གཞིའི་གྲངས་མཛོད་དེ་སྤྱི་ཚོགས་ནང་གསལ་བསྒྲགས་བྱ་སྲིད་ལ། དེ་ལྟར་བྱས་ཚེ་བོད་བརྒྱུད་ནང་བསྟན་ལ་སྤྲོ་སྣང་ཡོད་པའི་མང་ཚོགས་ཚོས་སྤྲུལ་མིང་འཛིན་པ་གང་དག་ཁྲིམས་མཐུན་ཡིན་པ་འཕྲལ་མར་ཤེས་ཐུབ་པ་རེད། ཅེས་བརྗོད་འདུག

 

a5de6144-35de-430d-b320-d1d42e3d316dཕྱི་ལོ་ ༢༠༠༢ ལོར་ཝུ་ཏ་རུང་དང་ཧོང་ཀོང་ལྷོ་རྒྱ་མཚོ་ཁེ་ལས་དངུལ་ཁང་གི་འགན་འཛིན་ཀྲང་ཧྲི་ཕིན་གཉིས་མཉམ་འབྲེལ་གྱིས་༼ཧོང་ཀོང་ནང་བསྟན་རིག་གནས་ཐོན་ལས་ཁང་༽ཟེར་བའི་ཚོང་གཉེར་ཁང་ཞིག་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཀྲང་ཧྲི་ཕིན་འདས་གྲོངས་སུ་ཕྱིན་རྗེས། ཝུ་ཏ་རུང་གིས་གཙོ་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་ལོ་སི་ཨན་ཇི་ལི་སི་(Los Angeles)ནང་འཛམ་གླིང་ཚོང་ལས་མཉམ་འབྲེལ་ཐེབས་རྩ་(World Trade United Foundation)ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། ཝུ་ཏ་རུང་ཁོ་རང་སྤྱི་ཁྱབ་འགན་འཛིན་དང་། ལས་འཛིན་ལྷན་ཚོགས་ནང་ཁོ་རང་གི་བཟའ་ཟླ་ཝུ་ཙི་ཞིན་དང་ཕ་མ་གཉིས་སོགས་ཡོད་འདུག ཕྱི་ལོ་ ༢༠༠༦ ལོར་ཧོང་ཀོང་ནང་བསྟན་རིག་གནས་ཐོན་ལས་ཁང་གིས་༼བྱམས་བརྩེ་དང་འཆམ་མཐུན་བརྒྱུད་སྤེལ༽ཞེས་པའི་ལས་གཞིའི་འོག འཛམ་གླིང་གི་དགོན་པ་ཁག་ ༡༨༠ ལ་སྤྱི་རྒྱ་ ༦༠ ཙམ་ཡོད་པའི་གསེར་དངུལ་ལས་གྲུབ་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་རེ་ཕུལ་ཡོད་པ་དང་། སྐབས་དེར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཡིན་པ་ཀྲུའུ་ཝི་ཆིན་དང་། རྒྱ་ནག་ཆོས་རིག་ལས་ཁུངས་ཀྱི་འགན་འཛིན་ཡེ་ཞོ་ཝིན་གཉིས་ལའང་རིན་པོ་ཆེ་ལས་གྲུབ་པའི་ལེགས་སྐྱེས་སྤྲད་ཡོད་འདུག

 

པདྨ་འོད་གསལ་རིན་པོ་ཆེ་ཟེར་བའི་ཆེད་གཉེར་དྲ་བ་སོགས་ཀྱི་ཐོག ཀཿཐོག་རྨོག་རྩ་རིན་པོ་ཆེ་དང་སྐྱབས་རྗེ་ཞིང་སྐྱོང་རིན་པོ་ཆེ་སོགས་བོད་བརྒྱུད་ནང་བསྟན་གྱི་མཁན་སྤྲུལ་ཆེན་པོ་བཞིས་པདྨ་འོད་གསལ་སྤྲུལ་སྐུར་ངོས་འཛིན་གནང་ཡོད་ལུགས་ཀྱི་ཡིག་ཆ་དང་པར་རིས་མང་པོ་བཀྲམ་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཀཿཐོག་དགོན་བདག་གཉེར་ཨུ་ཡོན་ལྷན་ཚོགས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “སྐྱབས་རྗེ་ཞིང་སྐྱོང་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་མགོན་པོ་མཆོག་གིས་སྤྱི་ཚོགས་སྟེང་སྤྲུལ་སྐུའི་མིང་འཁུར་བཞིན་ཡོད་པའི་རྒྱ་མི་པདྨ་འོད་གསལ་ལ་སྦྱིན་བདག་ཅིག་གི་ཐོབ་ཐང་སྤྲད་པ་ལས་སྤྲུལ་སྐུར་ངོས་འཛིན་སོགས་གང་ཡང་བྱས་མེད་པ་གཟུར་གནས་བློ་ལྡན་རྣམས་ཀྱིས་རིན་པོ་ཆེ་རང་གིས་གནང་བའི་ཕྱག་བྲིས་ལས་རྟོགས་ཐུབ་པས་ལྷག་ཏུ་གསལ་བཤད་མི་དགོས། དེ་བཞིན། སྐྱབས་རྗེ་རྨོག་རྩ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་ཀྱང་གཞན་གྱིས་སྤྲུལ་སྐུར་ངོས་འཛིན་བྱས་ཟིན་པའི་པདྨ་འོད་གསལ་ལ་མོས་མཐུན་ཡོད་གསུངས་པ་ཙམ་དང་། ཁོ་རང་གིས་རེ་ཞུས་ལྟར་ཞབས་བརྟན་སྨོན་ཚིག་ཞིག་བྲིས་པ་ཙམ་ལས་སྤྲུལ་སྐུ་ག་གེ་མོའི་སྐྱེ་སྤྲུལ་ཡིན་ཚུལ་གསུངས་མེད་པ་སྐྱབས་རྗེ་ཉིད་ཀྱིས་གནང་བའི་ཕྱག་བྲིས་ནང་གསལ་ལྟར་རེད། ཡིན་ནའང་། ཆོས་དད་པའི་སྤྱི་ཚོགས་ཐོག་རྒྱལ་བསྟན་ལ་ལྷག་བསམ་དཀར་བའི་གངས་ཅན་པ་དག་གིས་ཉིན་འདི་གར་དྲ་ལམ་ནས་དོ་སྣང་བྱས་དང་བྱེད་བཞིན་པའི་དོན་རྐྱེན་འདི་དག་ལ་བརྟེན་ནས། ངེད་ཀཿཐོག་དགོན་གྱིས་ཀྱང་མ་འོངས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་འགྲོ་བའི་དཔལ་མགོན་དུ་ཡུན་གནས་ཡོང་བའི་ཆེད་དུ་དམིགས་ནས་ཐག་གཅོད་གནང་དགོས་པ་ཞིག་ལ། ཕྱི་ལོ་ ༢༠༡༠ ཟླ་ ༡༡ པའི་ནང་ཧོང་ཀོང་དུ་འཛམ་གླིང་ཞི་བདེའི་སྨོན་འདུན་གྱི་ཚོགས་འཁོར་དང་འབྲེལ་ནས་འཛམ་གླིང་ཀཿཐོག་ཆོས་བརྒྱུད་དབུ་ཁྲིད་ཚོགས་པའི་དབུ་ཁྲིད་འོག ཧོང་ཀོང་འཛམ་གླིང་ཀཿཐོག་ཆོས་བརྒྱུད་ཡན་ལག་ཚོགས་པ་དབུ་བཙུགས་ཏེ། རྒྱུན་ལས་རྒན་པ་དབོན་པོ་སྤྲུལ་སྐུ་དང་། རྒྱུན་ལས་གཞོན་པ་རྒྱ་པདྨ་འོད་གསལ་གཉིས་བསྐོ་བཞག་གནང་བ་མ་ཟད། དེར་རིན་པོ་ཆེ་ཉིད་ཀྱིས་གསུང་བཤད་གནང་དོན། ཁྱེད་ཧོང་ཀོང་ཡན་ལག་ཚོགས་པས་རྒྱལ་བསྟན་སྤྱི་དང་ཁྱད་པར་ཀཿབསྟན་དགོན་ལག་ ༧༠༠ ལྷག་ལ་ཞབས་ཞུ་ཅི་འགྲུབ་མཛད་པ་ལས་བསྟན་འགྲོ་ལ་རྨ་འབྱིན་པའི་བྱ་བ་བསྒྲུབ་མི་ཉན། གལ་སྲིད་ཀཿབསྟན་ལ་རྨ་འབྱིན་པའི་བྱ་བ་ཚབས་ཆེན་བྱུང་ན། འཛམ་གླིང་ཀཿཐོག་ཆོས་བརྒྱུད་དབུ་ཁྲིད་ལྷན་རྒྱས་ཚོགས་པས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞེས་གསུངས་པ་ལྟར། ད་སྐབས་ང་ཚོས་ཧོང་ཀོང་འཛམ་གླིང་ཀཿཐོག་ཆོས་བརྒྱུད་ཡན་ལག་ཚོགས་པ་དང་། རྒྱུན་ལས་གཞོན་པ་པདྨ་འོད་གསལ། གཞན་ཡང་ཁོ་རང་སྒེར་ནས་བཙུགས་པའི་ཀཿཐོག་རྒྱལ་སྤྱིའི་རྡོ་རྗེ་ཐེག་པའི་ལྟེ་གནས་ཟེར་བ་རྣམས་ཕྱིར་འཐེན་བྱ་རྒྱུའི་གྲོས་ཆོད་བྱུང་བ་ཡིན་པས། མ་འོངས་པའི་གནས་དུས་གང་དུ་ཡང་རྒྱ་མི་པདྨ་འོད་གསལ་ཁོས་ཀཿཐོག་དགོན་པའི་མིང་འདི་བེད་སྤྱོད་གཏོང་མི་ཆོག” ཅེས་སོགས་བཀོད་འདུག

 

དེ་བཞིན་ཕྱི་ཚེས་ ༦ ཉིན་ཁྲ་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱ་མི་ཝུ་ཏ་རུང་འདི་སྤྱིར་ཁྲ་གླིང་དགོན་པའི་བླ་སྤྲུལ་སུས་ཀྱང་སྤྲུལ་སྐུ་ཡིན་ཞེས་ངོས་འཛིན་མེད་པ་དང་། བྱེ་བྲག་ཏུ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧མཁན་ཆེན་ཡེ་ཤེས་དཔལ་བཟང་ངམ་དད་པའི་རྟེན་ལགས་ཀྱིས་སྐུ་ཚེ་གང་བོར་མི་སུ་ལའང་སྤྲུལ་སྐུའི་མཚན་གནང་མྱོང་མེད་པར་མ་ཟད། བྱེ་བྲག་ཏུ་ཝུ་ཏ་རུང་ལ་སྤྲུལ་སྐུའི་མཚན་གནང་མྱོང་མེད་པ་ཆོས་དད་མང་ཚོགས་ཀུན་གྱིས་ཐུགས་ལ་འཇགས་པར་འཚལ།” ཞེས་བཀོད་འདུག

 

110བརྒྱུད་ལམ་ཁག་ཏུ་བཀྲམ་པའི་ཝུ་ཏ་རུང་ངམ་པདྨ་འོད་གསལ་གྱི་ལོ་རྒྱུས་ནང་། ཁོ་ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་ཧྥོ་ཅན་ཞིང་ཆེན་ཆན་ཀྲུའུ་གྲོང་ཁྱེར་དུ་སྐྱེས་ཤིང་། ལོ་ ༨ ཙམ་ལ་སོན་སྐབས་ཕ་མ་གཉིས་ཀྱིས་ཁྲིད་དེ་ཧོང་ཀོང་དུ་གནས་སྤོར་བྱས་ཡོད་པ་དང་། རང་ལོ་ ༡༩ ཐོག་སློབ་ཆེན་ནས་མཐར་ཕྱིན་ཏེ་རྒྱལ་གཅེས་ལས་འགུལ་མང་པོའི་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཕྱི་སྡོད་རང་མི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་སོགས་བྱས་ཡོད་འདུག ཁོ་རང་ལོ་ ༢༨ ཡིན་སྐབས་རྒྱ་ནག་གི་སྲིད་གྲོས་རྒྱུན་ལས་ཟུར་པ་དང་ཧོང་ཀོང་ལྷོ་རྒྱ་མཚོ་ཁེ་ལས་དངུལ་ཁང་གི་སྦྱིན་བདག་ཀྲང་ཧྲི་ཕིན་ཟེར་བ་དང་ངོ་ཤེས་སུ་གྱུར་ཏེ། རྙོག་ཟིང་ཆེ་བའི་སྤྱི་ཚོགས་ཀྱི་སྣང་བརྙན་ལ་སུན་འབྱིན་པའི་གླེང་མོལ་མང་དུ་བྱས་རྗེས། འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་ཁོ་རང་གི་ཁང་པ་དང་རྒྱུ་ནོར་རྣམས་བཙོང་སྟེ་དངུལ་རྣམས་ནང་བསྟན་རིག་གནས་ཀྱི་བྱ་གཞག་ཐོག་བཏང་བར་བརྟེན། ཁོ་རང་གི་བཟའ་ཟླ་ཕུད་ཁྱིམ་མི་གཉེན་འབྲེལ་ཚོས་ཁོའི་བྱེད་སྟངས་དེར་མོས་མཐུན་བྱས་མེད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཁོ་རང་གཅིག་པུ་རྒྱ་ནག་རི་བོའི་རྩེ་ལྔར་སོང་ནས་དངོས་སུ་ཆོས་སྒོར་ཞུགས་ཚུལ་སོགས་བཀོད་འདུག

 

ད་དུང་ཁོའི་ལོ་རྒྱུས་ནང་། ཕྱིས་སུ་ཁོ་རང་གིས་བོད་ཁུལ་གྱི་མཁན་པོ་དང་བླ་སྤྲུལ་གང་མང་གི་མདུན་ནས་ཆོས་དང་བཀའ་དབང་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་ཁྲ་གླིང་དགོན་པད་མ་བློ་གྲོས་རིན་པོ་ཆེ་མཆོག་གིས་ཁོང་གི་ཚ་བོ་གླིང་བླ་མ་ཚུལ་ཁྲིམས་རྡོ་རྗེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཁྲི་འདོན་གནང་ཡོད་ཚུལ་དང་། ཕྱི་ལོ་ ༢༠༠༩ ལོའི་ལོ་མཇུག་ཏུ་ཀཿཐོག་རྨོག་རྩ་རིན་པོ་ཆེ་མཆོག་གིས་ཝུ་ཏ་རུང་བླ་མའི་ཡང་སྲིད་ཅིག་ཡིན་པའི་དཔང་ཡིག་དངོས་སུ་གནང་ཡོད་པ་མ་ཟད། ཆོས་ཀྱི་གཞུང་ཆེན་པོར་སྦྱངས་བ་མཐར་ཕྱིན་པའི་པཎྚི་ཏའི་དབུ་ཞྭ་ཞིག་ཀྱང་གནང་ཡོད་ཚུལ་སོགས་བསྒྲགས་ཡོད་འདུག

 

གནས་ཚུལ་འདིའི་ཐད་གསར་འགོད་པ་ཚོས་ཝུ་ཏ་རུང་ལ་དངོས་སུ་བཅར་འདྲི་བྱེད་པའི་ཆུ་ཚོད་ཐེངས་གཉིས་ལ་བཟོས་ཡོད་ཀྱང་དང་ལེན་བྱས་མེད་པ་མ་ཟད། ཁོ་རང་གིས་ལྐོག་ནས་གསར་འགྱུར་ལས་རིགས་གཉེར་མཁན་ཞིག་ལ་འབྲེལ་བ་བྱས་ཏེ། ཁོ་ལ་སྲིད་གཞུང་གི་རྒྱབ་རྩ་བརྟན་པོ་དང་ཤུགས་ཆེན་པོ་ཡོད་པས། གནས་ཚུལ་ངོ་མ་རེ་སྤེལ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག

 

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐའེ་ལིན་གྱིས་གསལ་བཤད་ཅིག་སྤེལ་ཏེ། ཁོ་རང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཧོང་ཀོང་དུ་རྒྱལ་སྟོན་དུས་ཆེན་ ༦༦ པའི་པདྨ་འོད་གསལ་གྱི་སྨོན་ལམ་ཆེན་མོའི་ཐོག་མཉམ་ཞུགས་བྱས་ཡོད་པ་དང་། མཛད་སྒོའི་ཐོག་པདྨ་འོད་གསལ་གྱིས་ཁོ་ལ་པདྨ་ཆོས་འཕེལ་ཞེས་པའི་ཆོས་མིང་བཏགས་ཤིང་། དབུ་ཞྭ་དང་ཆོས་གོས་གཡོགས་པའི་མཛད་སྒོ་ཙམ་མ་གཏོགས་ཁྲི་འདོན་གྱི་མཛད་སྒོ་མིན་སྐོར་བརྗོད་ཡོད་པ་མ་ཟད། གནས་ཚུལ་སྤེལ་མཁན་གྱི་གསར་ཁང་དང་དྲ་རྒྱ་སྤྱོད་མཁན་ཚོས་དེའི་སྐོར་གྱི་གནས་ཚུལ་འཁྱོགས་བཤད་མཚམས་འཇོག་མ་བྱས་ན་ཁྲིམས་གཏུག་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

 

༧ཀུན་གཟིགས་པན་ཆེན་རིན་པོ་ཆེའི་སྲས་མོ་རིག་འཛིན་དབང་མོ་མཆོག་གི་མཚན་ཐོག་ནས་ཐེངས་འདིའི་གནད་དོན་སྐོར་གྱི་གསལ་བསྒྲགས་ཤིག་བརྒྱུད་ལམ་དུ་སྤེལ་བའི་ནང་། གཞུང་ཕྱོགས་ཀྱི་གསར་འགོད་པ་དང་ཆབས་ཅིག་ཏུ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མང་པོ་དང་། དེ་བཞིན། ཀཿཐོག་དགོན་པའི་རྨོག་རྩ་རིན་པོ་ཆེ་རང་ཉིད་ཀྱིས་གསལ་བསྒྲགས་བྱས་པ་འདིས། ཁོ་མོས་བསམ་ན་ཉེ་ཆར་ཆོས་རྗེ་རྫུན་མའི་ཐད་ཀྱི་བཞད་གད་སློང་བའི་དོན་དག་མཇུག་སྒྲིལ་ཚར་བ་དང་། མ་ཟད་རྗེས་སུ་སླར་ཡང་འདི་ལ་དོན་མེད་ཀྱི་རྩོད་པ་བྱེད་དགོས་དོན་ཡོད་མ་རེད་བསམ་འདུག གལ་སྲིད་ “ཝུ་དཱ་རང་”ཁོ་རང་དང་། དེ་བཞིན་དུ་ངོ་སྤྲོད་བྱེད་པའི་སྒྲིག་གཞི་ལ་དོན་དངོས་དང་མཐུན་ས་ཞིག་ཡོད་ན། ང་ནང་པའི་སློབ་མ་གཅིག་ཡིན་པའི་ཆ་ནས་བཤད་ན། ཁོས་དྲང་བདེན་གྱི་བྱེད་ཐབས་བརྒྱུད་དེ་སྤྱི་ཕན་གྱི་ལས་དོན་ལ་ནུས་པ་འདོན་པ་དང་། ཁོའི་རྗེས་སུ་འབྲང་བའི་མི་དེ་ཚོ་དང་སྤྱི་ཚོགས་ཡོངས་ལ་དྲིན་ལན་འཇལ་བའི་རེ་བ་ཡོད། ང་བོད་མི་གཅིག་ཡིན་པའི་ཆ་ནས་བཤད་ན། སྤྱི་ཚོགས་ལས་རིགས་ཁག་གིས་ང་ཚོ་ལ་སེམས་ཁུར་གནང་བར་དཀའ་དྲིན་ཆེ་ཞུ་བ་དང་། ཚང་མས་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་བོད་ཀྱི་རིག་གནས་དར་སྤེལ་གཏོང་བ་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། དུས་འདིར། སྐུ་ཚེ་གང་བོ་ང་ཚོའི་དད་ཡུལ་ནང་བསྟན་སྲུང་སྐྱོབ་ཀྱི་ཆེད་དུ་གཏོང་གནང་བའི་ཕ་ལགས་དང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་གཉིས་ཤིན་ཏུ་དྲན་བྱུང་། ཞེས་གསུངས་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. Bodrangwang says:
    ལོ་ 10 སྔོན།

    ང་ཚོ་ཚང་མས་བརྗེད་མི་ཉེན་པ་ཞིག་ནི་ནང་པ་ནང་ཕན་ཚུན་ལ་དག་སྣང་ངེས་པར་དུ་སྦྱང་དགོས་པ་དང་སྦྱང་ཐུབ་པ་བྱེད་རྒྱུ་དེ་ཡིན།
    ནང་བའི་ཆོས་གྲོགས་རེ་ཟུང་གི་བྱ་སྤྱོད་དང་ཆ་ལུགས་མི་འདྲ་བའམ་མི་མཐུན་པ་ཙམ་ལ་རྒྱུ་མཚན་དུ་བྱས་ཏེ་ལམ་སང་བདེན་བརྫུན་ནམ་རེད་མ་རེད་དམ་མཐོ་དམན་སོགས་
    ཐག་ཆོད་རྒྱུ་མེད་པའི་རྕོད་པ་དེ་བརྒྱབ་བསྡད་ན་རྒྱ་ནག་ལྟ་བུ་ལ་བོད་ཀྱི་ནང་བསྟན་དེ་དར་ཁྱབ་གཏང་བ་ལ་ཕན་ལས་གནོད་ཆེ་བར་འགྱུར་མི་སྲིད་པ་མ་རེད་སྙམ་མོ།
    གང་ལྟར་ཀྱང་སངས་རྒྱས་ཀྱི་གསུངས་དེ་རྩ་ནས་གོ་མ་མྱོང་བའི་མི་ལ་གོ་བར་བྱེད་འཇུག་ན་ཕན་འདོགས་ཆེ་བ་དང་།ནང་ཆོས་དེ་རྦེད་དེ་མ་བྱེད་པ་ལས་ཕྲན་བུ་ནོར་ནས་བྱེད་བསྡན་ནའང་དགེ་མཚན་ཧ་ཅུང་ཆེན་པོ་ཡོད་པ་ནི་སྤྱིར་རྩོད་མི་དགོས་ཤིང་དོགས་པ་ཡང་ཟ་མི་་དགོས་པའི་རྒྱུན་ཤེས་ཙམ་མ་རེད་པས།

    Reply
  2. ཁམས་པའི་བུ་རྒོད།། says:
    ལོ་ 10 སྔོན།

    བོད་པ་ཚོས་ཆུ་མགོ་ནས་རྙོག་ན་གཞུག་ནས་དྭངས་ཀྱི་རེད་དམ།དང་པོ་སྤྲུལ་སྐུ་ཟེར་བ་དེ་རྒྱ་གར་འཕགས་ཡུལ་ཚུན་ལ་མེད་པ་སྔར་མེད་གསར་སྤྲོས་བྱེད་མཁན་བོད་པ་ཚོ་རེད།གཉིས་པ་སྤྲུལ་སྐུ་གང་བྱུང་བཙལ་ཏེ་རྒྱུ་འབྱོར་བ་འཚོལ་ཐབས་དང་དབང་ཆ་སྒེར་འཛིན་གྱིས་མི་མང་ལ་བཤུ་གཞོག་བྱེད་པ།རྒྱ་སོག་གི་སྦྱིན་བདག་སུས་བརྙེད་འགྲན་བསྡུར་སོགས་ཚང་མ་བོད་པས་བྱས་རེད།གསུམ་ནས་ཕ་རིང་བུ་རྒྱུད་དང་ནང་མི་བཟའ་ཟླ་ཚུན་ཚང་མ་སྤྲུལ་སྐུ་བཟོས་ཏེ་རང་གི་ཁེ་ཕན་ཆེད་ལོག་ཆོས་སྣ་ཚོགས་སྤེལ་མཁན་ཀྱང་བོད་པ་ཚོ་རེད་ད།
    ད་ཡང་བོད་པ་ཚོས་མགོ་སེར་གློག་བརྙན་འཁྲབ་སྟོན་པ་དང་ཆབ་སྲིད་པ།འབྱོར་ལྡན་སོགས་གཞན་ངོ་འཛིན་པ་དང་ལོངས་སྤྱོད་ཐོབ་ཆེད་སྤྲུལ་སྐུ་ཡ་མ་གཟུགས་འདྲ་མིན་ལ་ངོས་འཛིན་གྱིས།རང་ཉིད་ལོག་འཚོས་འཚོ་བ་ཙམ་མ་ཟད།འཛམ་གླིང་འདིར་བློ་གཟུ་བོར་གནས་པ་ཚོས་མཐོང་ན་ངོ་ཚ་དགོས་པ།སངས་རྒྱས་ཀྱི་བསྟན་པ་ལ་རྨ་ཆེན་པོ་འབྱིན་བཞིན་ཡོད་ཅིང་།ལྷག་པར་སྤྱོད་ངན་དེ་ཚོ་རྒྱ་རྒན་རྒྱ་མོ་ཚོའི་ཁྲོད་ཆུ་ངན་ལམ་ཤོར་གྱིས་ད་ཆ་བོད་ཀྱི་ནང་ཆོས་ཟེར་དུས།སྐྱག་རྫུན་མགོ་བསྐོར་དང་སྤྱོད་ལམ་ངན་པ།དངུལ་དངོས་དང་བུད་མེད་ཐོབ་ཐབས་ཀྱི་ཇུས་ཙམ་མི་ཚོས་འཛེམ་ཟོན་བྱེད་དགོས་པའི་ལོག་ཆོས་ཤིག་ཏུ་བརྩིས་ཀྱིན་གདའ།ཡིད་མི་ཆེས་ན།ཡར་ཐོན་རྒྱལ་ཁབ་ཚོའི་ནང་ལྟོས་དང་།ནང་ཆོས་པ་མང་ཤོས་སེམས་ཁམས་ཐང་ཐང་མེད་པ་དེ་འདྲ་རེད་མ་གཏོགས།མི་ཚད་ལྡན་དེ་འདྲ་ཧ་ཅང་ཉུང་ཉུང་རེད།
    དེ་ལས་ཀྱང་ཡ་མཚན་པོ་ཅིག་ནི་བོད་པའི་བླ་མ་ཚོར་དངུལ་དངོས་དང་བུད་མེད་རག་སོང་ན།འཛམ་གླིང་ནང་ལོག་ཆོས་ར་མ་ལུག་སྤེལ་ཏེ་མི་གསོད་ཁྲག་སྦྱོར་བྱེད་མཁན་ཚུན་ལའང་སྒྲོ་ལོར་ས་ཡ་དང་དབང་ལུང་མན་ངག་ཏུ་བསྙད་པ་བརྗེས་ཏེ།ཐ་མ་སྡུག་ཅག་ཐམས་ཅད་ཀྱི་རྩ་བ་བོད་ཀྱི་ནང་ཆོས་ལ་ཐུག་འགྲོ་བ་དེ་འདྲ་ཡང་བྱུང་མྱོང་ཡོད་པ་རེད།ད་བོད་པ་ཚོས་རང་གིས་བཟོས་པའི་རྫོབ་དོང་ལས་དྲི་ངན་ཁྱབ་ཡོང་དུས།རང་སྟེང་དུ་མཛུབ་མོ་བཙུགས་ཏེ་ནོར་འཁྲུལ་བཅོས་བསྒྱུར་ཡོ་བསྲང་གི་བསམ་བློ་འཁོར་རྒྱུའི་ཚབ་ལ།ང་ཚོའི་ཆོས་དང་རིག་གཞུང་ཙོག་པ་བཟོས་སོང་མདོག་མདོག་གིས་གཞན་ལ་འཁོན་འཁོན་དོག་དོག་བྱེད་པ་ཡ་ཆ།དོན་གྱིས་སྦྲུལ་གསོད་དགོས་ན་སྦྲུལ་མགོ་བཅོམ་དགོས་པ་ལྟར།གལ་ཏེ་འབྱུང་འགྱུར་འཛམ་གླིང་འདིར་ཕན་བདེའི་རྩ་ལག་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པ་ཅིག་དར་འདུན་ཡོད་ཚེ།ངེས་པར་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་བེད་སྤྱོད་ཀྱིས་བོད་པའི་ལོག་ཆོས་པ་རྣམས་ཚར་གཅོད་བྱེད་དགོས་པ་རེད།དེ་མ་བྱུང་བར་ཆུ་མགོ་ནས་རྙོག་ན་གཞུག་ནས་དྭངས་མི་སྲིད་དོ།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese