མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགྱུར་བརྒྱུད་ལམ་ ༢༠ ལྷག་ཉོས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནན་ཧྭ་ཞོགས་རེའི་ཚགས་པར་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་དྲ་རྒྱ་དུས་དེབ་ཚང་མར་ཨ་སྒོར་དུང་ཕྱུར་ ༢.༦༦ བྱས་ཏེ་བཙོང་ཡོད་འདུག

151211184635_scmp_624x351_reutersརྒྱ་ནག་གི་ཨ་ལེ་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གིས་ཧོང་ཀོང་གི་ནན་ཧྭ་ཞོགས་རེའི་ཚགས་པར་དང་། ཚགས་པར་ཁང་དེའི་ཁྱབ་ཁོངས་སུ་ཡོད་པའི་དྲ་རྒྱ་དང་དུས་དེབ་སོགས་ལ་ཁྱོན་ཨ་སྒོར་དུང་ཕྱུར་ ༢.༦༦ སྤྲད་དེ་ཉོས་ཟིན་ཡོད་པ་དང་། ཨ་ལི་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གིས་ཉེ་བའི་ལོ་ཤས་ནང་བརྙན་འཕྲིན་དང་དྲ་རྒྱ་སོགས་ཁྱོན་གསར་འགྱུར་བརྒྱུད་ལམ་ཁག་ ༢༤ ལྷག་ཉོས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་ལི་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གིས་ནན་ཧྭ་ཞོགས་རེའི་ཚགས་པར་ཁང་ཉོས་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན། ནན་ཧྭ་ཞོགས་རེའི་ཚགས་པར་གྱི་སྲོལ་རྒྱུན་དང་ཕུལ་དུ་བྱུང་བའི་གནས་ཚུལ་འཚོལ་སྒྲིག་གི་ནུས་པ་དང་། ཨ་ལི་བྷ་བྷའི་ཨང་རྩིས་དུས་རབས་ཀྱི་སྟོབས་ཤུགས་གཉིས་མཉམ་འབྲེལ་བྱས་ཏེ་རྒྱ་ནག་དང་ཧོང་ཀོང་གི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་། གོ་ལ་ཡོངས་ཁྱབ་ཀྱི་ལྟ་ཀློག་པའི་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ནན་ཧྭ་ཞོགས་རེའི་ཚགས་པར་གྱི་དྲ་བ་རིན་མེད་ཀྱིས་ལྟ་ཀློག་ཐུབ་པ་བཟོ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག ཡིན་ནའང་། ཉིན་དེར་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་མ་འོངས་པར་ཧོང་ཀོང་གི་གསར་འགྱུར་རང་དབང་ལ་སྔར་ལས་འགོག་རྐྱེན་ཐེབས་སྲིད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་གནད་དོན་དཔྱད་ཞིབ་པ་མང་པོས་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གསར་ཁང་དེའི་རྩོམ་སྒྲིག་རང་དབང་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག

དེ་ཡང་ནན་ཧྭ་ཞོགས་རེའི་ཚགས་པར་ཁང་གི་འཛིན་སྐྱོང་འགན་འཛིན་ཧུ་ཡས་ཆིན་གྱིས། ཨ་ལི་བྷ་བྷས་ཚན་རྩལ་ལ་བརྟེན་ནས་ནན་ཧྭ་ཞོགས་རེའི་ཚགས་པར་གྱི་ནང་དོན་སྔར་ལས་མང་པོ་འཛམ་གླིང་ཡོངས་སུ་སྤེལ་ཐབས་བྱེད་དགོས་ལ། མ་འོངས་པར་གསར་འགྱུར་འཚོལ་སྒྲིག་དང་ཞབས་ཞུའི་ཁྱབ་ཁོངས་ཇེ་མང་དུ་གཏང་སྟེ། ནན་ཧྭ་ཞོགས་རེའི་ཚགས་པར་གཏན་ལྷིང་ངང་འཕེལ་རྒྱས་ཡོང་ཐབས་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

140917041547_ma_yun_alibaba_624x351_reutersཕྱི་ལོ་ ༢༠༡༣ ཟླ་ ༧ ནང་ནན་ཧྭ་ཞོགས་རེའི་ཚགས་པར་གྱི་གསར་འགོད་པས་ཨ་ལི་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གི་འགན་འཛིན་མཱ་ཡེན་ལ་བཅར་འདྲི་བྱེད་སྐབས། ཁོས་ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་རྒོལ་བྱས་པ་དེ་སྐབས་དེའི་ཆེས་ཡང་དག་པའི་ཐག་གཅོད་ཅིག་རེད་ཅེས་བཤད་ཡོད་པ་དང་། ཁོའི་སྐད་ཆ་དེ་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས་ཁ་རྡུང་དྲག་པོ་བཏང་བར་བརྟེན། ཕྱིས་སུ་མཱ་ཡེན་གྱིས་ཁོས་ཆེས་ཡང་དག་པའི་ཐག་གཅོད་ཅིག་རེད་ཟེར་བ་དེ་ཁོ་རང་གི་ཁེ་ལས་ཐག་གཅོད་ལ་ཟེར་གྱི་ཡོད་པ་ལས། གནམ་སྡེ་སྒོ་མོ་ཆེའི་དྲུག་བཅུའི་དོན་རྐྱེན་ལ་ཟེར་གྱི་མེད་པའི་ཁ་མཆུ་བཙུགས་ཏེ། ནན་ཧྭ་ཞོགས་རེའི་ཚགས་པར་གྱི་གསར་འགོད་པས་མཱ་ཡེན་ལ་དགོངས་དག་ཞུས་ཡོད་པ་མ་ཟད། ཁོའི་སྐད་ཆའི་ནང་ནས་ཚིག་ཁ་ཤས་ཤིག་ཀྱང་བསུབས་དགོས་བྱུང་ཡོད་འདུག ཉེ་སྔོན་ཨ་ལི་བྷ་བྷའི་ཉེ་འབྲེལ་མི་སྣ་ཞིག་གིས་ཚོང་གཉེར་ཁང་དེ་དང་ནན་ཧྭ་ཞོགས་རེའི་ཚགས་པར་ཁང་གི་འབྲེལ་བ་ད་དུང་ཡང་ཡག་པོ་མེད་ཚུལ་བརྗོད་འདུག

རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ད་ལོར་ཨ་ལི་བྷ་བྷས་རྒྱ་སྒོར་དུང་ཕྱུར་ ༩༡༢ ལྷག་གིས་ཉོ་ཚོང་བྱས་ཡོད་པ་དང་། དེ་ནི་ཚོང་གཉེར་ཁང་དེ་བཙུགས་ནས་ལོ་ངོ་ ༡༦ རིང་གི་མཐོ་རླབས་རང་བཞིན་གྱི་འཕེལ་རྒྱས་གསར་པ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ཉོ་ཚོང་རྣམས་མ་འོངས་ལོ་ ༡༠ ནས་ ༢༠ ནང་ཨ་ལི་བྷ་བྷའི་ཚོང་སྟེགས་སུ་འཛེགས་ཐུབ་ཚེ། ས་ཆ་གང་ཞིག་ཏུ་ཡོད་ཀྱང་འཛམ་གླིང་ཡོངས་ཀྱི་ཐོན་རྫས་ཉོ་ཐུབ་ལ། སོ་སོའི་ཐོན་རྫས་འཛམ་གླིང་ཡོངས་སུ་ཕྱིར་ཚོང་བྱེད་ཐུབ་སྐོར་སོགས་བརྗོད་འདུག

ལན་ཧྭ་ཞོགས་རེའི་ཚགས་པར་ཕྱི་ལོ་ ༡༩༠༣ ཟླ་ ༡༡ པའི་ནང་རྒྱ་ནག་གི་གསར་བརྗེ་བ་ཞེ་ཀྲན་ཐའེ་(謝纘泰)དང་། ཨ་རི་བ་ཨལ་ཧྥར་ཌི་ཀོན་ནིན་ཧམ་( Alfred Cunningham)ཟེར་བ་གཉིས་ཀྱིས་གསར་དུ་པར་སྐྲུན་བྱས་ཤིང་། ད་ལྟའི་ཆར་འདོན་ཐེངས་རེར་ཚགས་པར་གྲངས་འབུམ་གཅིག་ལྷག་རེ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་། གསར་ཁང་གི་ཡོང་འབབ་ཀྱི་བརྒྱ་ཆ་ ༦༨ ཚགས་པར་གྱི་རིན་འབབ་ནས་ཡོང་བཞིན་ཡོད་འདུག གསར་ཁང་དེའི་ཁོངས་སུ་ནན་ཧྭ་ཞོགས་རེའི་ཚགས་པར་དང་གཟའ་ཉི་མའི་ནན་ཧྭ་ཞོགས་རེའི་ཚགས་པར། དེ་བཞིན་དུས་དེབ《HK Magazine》དང་《Harper’s BAZAAR)སོགས་དང་། གཞན་ཡང་། ནན་ཙོ་(Nanzao.co )དང་( SCMP.com)ཟེར་བའི་རྒྱ་ཡིག་དང་དབྱིན་ཡིག་གསར་འགྱུར་དྲ་བ་གཉིས་དང་། ནན་ཧྭ་ཕྱོགས་སྟོན་( Nanzaozhinan.com) ཟེར་བའི་འཚོ་བའི་རྒྱུན་ཤེས་སྐོར་གྱི་དྲ་རྒྱ་ཞིག་བཅས་ཡོད་ཅིང་། དྲ་རྒྱ་ཁག་ལ་ཟླ་རེར་ལྟ་ཀློག་པ་ཁྲི་ ༤༠༠ ཙམ་རེ་ཡོད་པའི་ཁྲོད་ནས་གསུམ་ཆ་གཉིས་ཙམ་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese