མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོང་མི་ཆོག

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

གལ་ཏེ་ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ལ་དྲག་ཆས་མཁོ་འཚོང་བྱས་ཚེ་ཨ་རྒྱ་གཉིས་བར་གྱི་ཁེ་ཚོང་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་ཟེར།

 

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་པར་ཐའེ་ཝན་མཚོ་འགག་ལ་སྒྱོགས་མདེལ་དམག་གྲུ་དང་མེ་ཤུགས་འཕུར་མདེལ་སོགས་ཀྱི་དྲག་ཆས་མཁོ་འཚོང་བྱེད་རྒྱུ་དང་། ཐའེ་ཝན་མཚོ་འགག་ནས་ཨ་རིའི་སྒྱོགས་མདེལ་དམག་གྲུ་གཉིས་ལ་ཨ་སྒོར་ས་ཡ་ ༡༧༦ སྤྲོད་རྒྱུ། དེ་བཞིན། དམག་ཆས་ཐད་ཀྱི་ཉེར་མཁོའི་དྲག་མཚོན་མང་པོ་ཞིག་ཉོ་རྒྱུ་ཡིན་སྐོར་སོགས་གསལ་བསྒྲགས་བྱས་པ་དང་། དེ་རིང་ཕྱི་དྲོར་རྒྱ་ནག་གིས་ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ལ་དྲག་ཆས་མཁོ་འཚོང་མི་ཆོག་པའི་བསྒྲགས་གཏམ་སྤེལ་འདུག

 

34ཐའེ་ཝན་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཌ་བེ་ཌི་ལའོ་ (David Lo)ཡིས་ཐའེ་པེ་གྲོང་ཁྱེར་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་པའི་ཐོག དེ་ནི་རྒྱལ་སྤྱིའི་རྩ་ཁྲིམས་དང་མཐུན་པའི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་འདུག

 

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wáng Yì)ཡིས། “ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ལ་དྲག་ཆས་མཁོ་འཚོང་བྱས་པ་དེས་ཨ་རྒྱ་གཉིས་ཀྱི་ཁེ་ཚོང་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད།” ཅེས་བརྗོད་འདུག་ལ། རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མ་ཞའོ་གུང་ (Ma Xiaoguang)ཡིས། “ཆ་རྐྱེན་དང་ཁག་དཀྲི་གང་གི་ཐོག་ནས་ཀྱང་ཨ་རིའི་གཞུང་གིས་ཐའེ་ཝན་ལ་དྲག་ཆས་མཁོ་འཚོང་བྱས་ཀྱང་མཐའ་གཅིག་ཏུ་ངོ་རྒོད་ཡོད། ང་ཚོའི་རེ་བར་ཐའེ་ཝན་མཚོ་འགག་གིས་ཀྱང་ཐའེ་རྒྱ་གཉིས་ཀྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་ལ་བརྩི་འཇོག་བྱས་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་དང་འབྲེལ་ལམ་མུ་མཐུད་གོང་མཐོར་གཏོང་དགོས།” ཞེས་བརྗོད་འདུག

 

འདས་པའི་ལོ་ངོ་ ༤༠ རིང་ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ལ་དྲག་ཆས་མཁོ་འཚོང་བྱས་ཡོད་ཀྱང་། ལོ་ངོ་བཞིའི་གོང་ལ་ཨ་རི་དང་ཐའེ་ཝན་གཉིས་བར་དྲག་ཆས་ཉོ་འཚོང་གི་འབྲེལ་ལམ་ཆད་པ་ནས་ད་རེབ་ཨ་རིའི་གཞུང་གིས་ཡང་བསྐྱར་ཐའེ་ཝན་ལ་དྲག་ཆས་མཁོ་འཚོང་བྱས་པ་དང་པོ་དེ་ཡིན་འདུག

 

བདུན་ཕྲག་གཉིས་ཀྱི་སྔོན་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་གཞིར་བཟུང་ཐོག སོ་སོའི་རྒྱལ་ཁོངས་ཀྱི་བཟོ་ལས་ཐོན་སྐྱེད་དང་འབྲེལ་བའི་གོ་ལའི་ཚ་དྲོད་དང་མཁའ་དབུགས་འབགས་བཙོག་ཇེ་ཉུང་དུ་གཏོང་ཐབས་ཐད་མཉམ་ལས་བྱེད་ཀྱིན་ཡོད་ཀྱང་། ཁ་སང་ཨ་རིའི་གཞུང་གིས་ཐའེ་ཝན་ནང་དྲག་ཆས་མཁོ་འཚོང་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་པ་དེས་རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད།

 

རྒྱ་གཞུང་གིས་དུས་རྒྱུན་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་གི་མངའ་ཁོངས་སྙོན་མེད་ཅིག་ཡིན་པ་དང་། གཅིག་བྱས་ན་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁོངས་གཅིག་གྱུར་བྱེད་འདོད་ཡོད་པ་མ་ཟད། ཕྱི་གླིང་རྒྱལ་ཁབ་སུས་ཀྱང་ཐའེ་ཝན་མཚོ་འགག་ལ་དྲག་ཆས་མཁོ་འདོན་བྱེད་པར་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ཀྱི་ཡོད་པ་རེད།

 

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist