མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སེ་ར་ཐེག་ཆེན་གླིང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བསྟུན་ཏེ་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་དེ་དབུ་འབྱེད་གནང་ཡོད་འདུག
mmmmmm2015-12-18-TashiLhunpo-G01_D4D9132ཁ་སང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིའི་འདུ་ཁང་དུ། སེ་ར་བླ་སྤྱིས་དབུས་ས་གནས་སེར་སྐྱ་མི་མང་ཐུན་མོང་ནས་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་མདོ་ལུགས་ཀྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་དང་། བརྟན་བཞུགས་ཀྱི་མཛད་སྒོ་དང་སྟབས་བསྟུན། ༧གོང་ས་མཆོག་ནས་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་འདོན་ཐེངས་དང་པོ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་མ་ཟད། ཚིག་མཛོད་ཆེན་མོས་མི་རབས་ནས་མི་རབས་སུ་ཕན་ཐོགས་ཡོང་རྒྱུ་ཡིན་པས་ཡི་རང་བསྔགས་བརྗོད་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གནང་རྗེས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་༼སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་༽དབུ་འབྱེད་བཀའ་དྲིན་བསྐྱངས་བ་དང་འབྲེལ་བཀའ་སློབ་གནང་དོན། ལོ་མང་རིང་ངལ་བ་ཁྱད་བསད་ཀྱི་ཐོག་ནས་ཕུགས་རྒྱང་རིང་པོར་རྒྱ་ཆེའི་ཕན་ཐོགས་ཡོང་བར་དམིགས་པའི་ལས་དོན་གལ་ཆེན་པོ་ཞིག་སྨོན་ལམ་ལགས་ཀྱིས་རྐང་འཁུར་བླངས་ཡོད་པ་དང་། ཁོ་ལ་རོགས་པ་ཁ་ཤས་ཤིག་འདུག དེའི་སྔོན་དྷ་རམ་ས་ལ་ནས་ང་ཚོ་ཐུག་པ་རེད། ཁོ་ཚོས་ཚིག་མཛོད་ཆེན་མོའི་མིང་ཚིག་གི་གོ་དོན་དེ་ཚོའི་ནང་ནས་ཆོས་ཚིག་གི་གྲས་རྣམས་ཆོས་བརྒྱུད་སོ་སོར་འབྲེལ་བ་བྱས་ཏེ། རབ་སྤུས་དག་པོ་ཡོད་པ་ཞིག་མཐོང་སོང་ཡག་པོ་ཞེ་དྲགས་བཟོས་འདུག བོད་ཡིག་ཐོག་ལ་ཞབས་འདེགས་ངེས་ཅན་ཞིག་ཞུ་ཐུབ་པ་བྱུང་ཡོད་སྟབས། ཐུགས་རྗེ་ཆེ་ཞུས་པ་ཡིན། བོད་ནང་དུ་ད་ལྟའི་བར་འདི་འདྲ་གནང་མཁན་ཕལ་ཆེར་མ་བྱུང་བ་འདྲ་པོ་རེད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ཡོད་པ་དེ་བཙན་བྱོལ་དུ་གནས་ཡོད་པ་དང་། ཕྱོགས་གཅིག་ནས་བསམ་བློ་བཏང་ན། སློབ་གྲྭ་ཆེན་མོ་ནས་ཐོན་པའི་མཁས་དབང་ཡིན་ཟེར་བ་དེ་འདྲ་མིན་པར་དགོན་པ་ནས་ཐོན་པའི་མི་ཞིག་གིས། ལས་གཞི་དེའི་འཁུར་བླངས་ཏེ་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་ཐོན་པ་རེད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་བཞག་པ་དེ་ཚོ་ཕལ་ཆེར་མི་རབས་ནས་མི་རབས་སུ་ཡོད་པ་ཞིག་རེད། ཅེས་སོགས་གསུངས་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་སུ་སྨོན་ལམ་ཚིག་མཛོད་ཆེན་མོའི་དམིགས་ཡུལ་དང་ཁྱད་ཆོས་སྐོར་དྲིས་པར་ཁོང་གིས། དེང་རབས་འཕྲུལ་ཆས་ཁྲོད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཆ་ཚང་ཞིག་སྐྲུན་པའི་ཆེད་དུ་ཡིན་ལ། ཁྱད་ཆོས་ཀྱི་ཐད་ནས་བཤད་ན། ཚིག་མཛོད་ཆེན་མོའི་ནང་མ་ཚིག་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ཙམ་(༡༠༧༡༡༣) ཡོད་པས་བོད་ཡིག་ཚིག་མཛོད་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། སྒྲིག་སྟངས་ཀྱི་ཆ་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་དང་བོད་ཀྱི་སྐད་ཡིག་གི་ཆོས་ཉིད་ཟུང་འབྲེལ་བྱས་པའི་གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་། འགྲེལ་ཚུལ་ཡང་དེ་སྔའི་ཚིག་མཛོད་ཁག་དང་མི་འདྲ་བར་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་དང་རིག་གཞུང་སྡེ་ཚན་ཁག་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན་སྟབས། འགྲེལ་ཚུལ་མི་འདྲ་བ་རྣམས་འཐུས་ཚང་ཡོང་ཐབས་གནང་བཞིན་ཡོད་སྐོར་བརྗོད་བྱུང་།

ཚིག་མཛོད་ཆེན་མོའི་ལས་གཞི་མཇུག་སྐྱོང་གནང་ཕྱོགས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་ཆར་རྩོམ་སྒྲིག་གི་ལས་གཞིའི་སུམ་ཆ་གཅིག་ཙམ་ལས་གྲུབ་མེད་སྟབས། མ་འོངས་ལོ་ངོ་ ༦ ལྷག་ལ་མུ་མཐུད་རྩོམ་སྒྲིག་གནང་རྒྱུ་ཡིན་ལ། འདོན་ཐེངས་དང་པོའི་ནང་ནོར་བཅོས་དང་ཁ་སྐོང་དགོས་པ་རྣམས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་། འབྲེལ་ཡོད་ས་གནས་ཁག་གི་རྩོམ་སྒྲིག་སྡེ་ཚན་ལ་འབྲེལ་བ་གནང་ན་དག་བཅོས་ཁ་སྣོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. འགྱུར་མེད། says:
    ལོ་ 11 སྔོན།

    བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དུངས་བ་ཟབ་པའི་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། ཁོང་གི་ལས་རོགས་ཡོད་ཚད་ལ་ཐུགས་རྗེ་ཆེ་སྙིང་དབུས་ནས་ཞུས། དེ་བཞིན་དེ་རིང་སྤྱི་ཚོགས་ནང་༼སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་༽དེ་དངོས་སུ་འགྲེམས་སྤེལ་དབུ་འབྱེད་ཀྱི་ལས་དོན་གནང་ཐུབ་པར་དགའ་བ་དང་སྤྲོ་བ་རབ་ཏུ་ཁོལ་བའི་སྒོ་ནས་བཀྲིས་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese