མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེངས་འདིར་ཕམ་ཁ་རག་མཁན་རྒྱ་ནག་གཞུང་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཨ་རིའི་གསར་འགོད་ལྷན་ཚོགས་ཁང་དུ་ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ལགས་ཀྱིས་ཁོང་མོ་ཐེངས་འདིར་རྒྱ་ནག་ནང་ཡོང་དུ་མ་བཅུག་པའི་རྒྱུ་རྐྱེན་སྐོར་གསར་འགོད་གསལ་བསྒྲགས་སྤེལ་འདུག

 

Screen Shot 2015-12-19 at 3.19.50 PMདེ་རིང་རྒྱ་ནག་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་སྐབས་ ༦༥ བའི་འཛམ་གླིང་མཛངས་མའི་སྟེང་རྩོད་འགྲན་བསྡུར་འཚོགས་བཞིན་ཡོད་སྟབས། ཁ་སང་ཨ་རིའི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཁང་དུ། ད་རེབ་ཀྱི་འགྲན་བསྡུར་སྟེང་ཞུགས་པར་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མེད་པའི་ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ (Anastasia Lin) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

 

སྐབས་དེར་མཛངས་མ་ཨེན་སི་ཊ་སི་ལིན་ལགས་ཀྱིས། ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་འཛམ་གླིང་མཛངས་མའི་འགྲན་བསྡུར་ནང་རྒྱུར་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མེད་པ་དང་། ཟླ་སྔོན་མའི་ཟླ་མཇུག་ལ་ཁོ་མོ་ཧོང་ཀོང་གནམ་ཐང་བརྒྱུད་ནས་རྒྱ་ནག་ཏུ་འགྲོ་རྒྱུ་བཀག་འགོག་བྱས་པ། གནད་དོན་དེ་དག་ཐད་རྒྱ་ནག་གཞུང་གིས་ཁོ་མོར་ནག་ཉེས་གང་བཙུགས་ཡོད་མེད་གསལ་བཤད་བྱས་མེད་སྐོར་སོགས་བརྗོད་འདུག

 

མཛངས་མ་ཨེན་སི་ཊ་སི་ལིན་ལགས་ཀྱིས་བརྗོད་དོན། “རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིས་མི་མང་གི་བསམ་བློར་སྟངས་འཛིན་བྱས་ན་སྲིད་གཞུང་བརྟན་པོ་ཡིན་པའི་ཚོར་སྣང་ཡོང་གི་ཡོད་པ་རེད། ང་ལ་ཐོངས་མཆན་མ་སྤྲད་པ་དེས་ཐེངས་འདིར་ང་རང་འཛམ་གླིང་མཛངས་མའི་སྟེང་རྩོད་འགྲན་བསྡུར་སྟེང་ཞུགས་ཐུབ་མེད་ཀྱང་། དོན་དངོས་ཐོག་ཐེངས་འདིར་ཕམ་ཁ་རག་མཁན་དེ་ང་མ་རེད། རྒྱ་ནག་གཞུང་གིས་གལ་སྲིད་རང་ཉིད་དྲང་བདེན་ཡིན་ན་དྲང་བདེན་ཡིན་པའི་རྣམ་པ་ཕྱི་རུ་སྟོན་མ་ཐུབ་དེ་རེད།” ཅེས་བརྗོད་འདུག

 

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། རྒྱ་གཞུང་གིས་ཐེངས་འདིར་ཁོ་མོར་ཐོངས་མཆན་མི་སྤྲོད་དོན། ཁོ་མོ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དད་མོས་བྱེད་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན། བོད་སོགས་རྒྱའི་འོག་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་མཁན་ཞིག་དང་། རྒྱ་ནག་གིས་རྡོག་རོལ་བཏང་བ་ཨ་རིའི་གྲོས་ཚོགས་ནང་བདེན་དབང་ཐོབ་པའི་མི་སྣ་ཞིག་ཡིན་པའི་རྒྱུ་མཚན་ཡིན་སྐོར་སོགས་བཀོད་འདུག

 

Screen Shot 2015-12-19 at 3.09.37 PMརྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཁང་དེའི་འགན་འཛིན་ཇོན་ཧོ་ཧེ་སི་ (John Hughes) ཡིས། དེ་རིང་ཨེན་སི་ཊ་སི་ལིན་གྱིས་བཤད་པའི་སྐད་ཆ་རྣམས་འཛམ་གླིང་ཡོངས་སུ་ཁྱབ་བསྒྲགས་འགྲོ་རྒྱུ་ཡིན་པ་དང་། འཛམ་གླིང་གི་གསར་འགྱུར་བརྒྱུད་ཁག་གིས་འཛམ་གླིང་མཛམས་མའི་འགྲན་བསྡུར་གྱི་གནས་ཚུལ་སྤེལ་བ་དང་མཉམ་དུ་ཨེན་སི་ཊ་སི་ལིན་གྱི་གནས་ཚུལ་ཡང་གླེང་སློང་ཡོང་གི་རེད། ཅེས་བརྗོད་ཡོད་འདུག

 

ཡང་ཁོང་གིས། “རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བརྒྱུད་ལམ་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་ཡོད་སྟབས། མཛངས་མ་ཨེན་སི་ཊ་སི་ལིན་གྱིས་གསར་འགོད་ལྷན་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་ཁོ་མོར་དངོས་སུ་བརྗོད་བཅུག་པ་དེ་ཧ་ཅང་འོས་ཤིང་འཚམ་པ་ཞིག་ཆགས་ཡོད།” ཅེས་སོགས་བརྗོད་འདུག

 

ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་པའི་ནང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཨ་རིའི་རོལ་དབྱངས་ཚོགས་པ་བྷོན་ཇོ་ཝེ་ (Bon Jovi) དང་ལིན་ཁེན་ཕཱ་ཁི་ (Linkin Park) ཨོ་སེ་སི་ (Oasis) སོགས་ཀྱིས་བོད་མིའི་འདི་ཕྱིའི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གདུང་སེམས་མཉམ་སྐྱེ་བྱས་སྟབས། ཁོ་ཚོ་རྒྱ་ནག་ལ་འགྲོ་རྒྱུ་བཀག་འགོག་བྱས་ཡོད་པ་མ་ཟད། འཁྲབ་སྟོན་པ་བྷི་ར་ཌི་ཕེ་ཊི་ (Brad Pitt) དང་ཁུར་ཞན་བྷ་ལེ་ (Christian Bale)། ཧྭ་རེ་སོན་ཧྥོཌ་ (Harrison Ford)། རེ་ཆཱ་ཌི་གྷི་རེ་ (Richard Gere) སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས་ཡོད་སྟབས། ཁོ་ཚོ་ཡང་རྒྱ་ནག་གི་མིང་ཐོ་ནག་པོའི་ནང་བཞག་ཡོད་པ་རེད། ཅེས་བཀོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. རང་དབང་། says:
    ལོ་ 10 སྔོན།

    “རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། རྒྱ་གཞུང་གིས་ཐེངས་འདིར་ཁོ་མོར་ཐོངས་མཆན་མི་སྤྲོད་དོན།” ཟེར་བའི་ཐོངས་མཆན་མ་སྤྲད་པའི་བྱ་བ་འདས་ཟིན་པ་རེད། ཡིན་ནའང་མི་སྤྲོད་དོན་ཟེར་དུས་ཐོངས་མཆན་གྱི་བྱ་བ་དེ་ད་རུང་འགྲོ་བཞིན་པ་ཤུགས་བསྟན་རེད་འདུག དེ་ན་ཁོ་མོར་ཐོངས་མཆན་མ་སྤྲད་དོན་ཟེར་ན་ག་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese