མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་ཁྲིམས་རྩོད་པ་ཞིག་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཁྲིམས་རྩོད་པ་པུ་ཀྲི་ཆང་ལ་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

 

151214120958_cn_pu_zhiqiang_976x549_afp_nocreditདེ་རིང་རྒྱ་ནག་པེ་ཅིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གཉིས་པས། རྒྱ་ནག་མི་དམངས་ཀྱི་ཁེ་དབང་རྩོད་ལེན་པ་དང་ཁྲིམས་རྩོད་པ་པུ་ཀྲི་ཆང་ལ་མི་རིགས་ལ་ཞེ་འཁོན་བསླངས་ཏེ་དཀྲུག་ཤིང་བརྒྱབ་པ་དང་། སྤྱི་ཚོགས་ལ་ཟིང་ཆ་བསླངས་པའི་ཉེས་མིང་འོག ལོ་གསུམ་ཕྱིར་འགྱངས་བྱས་རྗེས། ཁྲིམས་ཆད་ལོ་གསུམ་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག

 

སྐུ་ཞབས་པུ་ཀྲི་ཆང་ལགས་ཕྱི་ལོ་ ༢༠༡༤ ལོ་ཟླ་ ༥ པའི་ནང་། ཆབ་སྲིད་ལ་འགལ་བའི་རྩོམ་ཡིག་སྤེལ་བའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁྲིམས་བཤེར་ཐོག་མ་བྱས་ཤིང་། དེ་རིང་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

 

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། པུ་ཀྲི་ཆང་གིས་ཁྲིམས་ཐག་བཅད་པ་ངོས་ལེན་བྱས་ཏེ་གོང་ལ་ཞུ་གཏུག་བྱ་རྒྱུ་མིན་སྐོར་དང་། དེ་སྔོན་བཀག་བསྐྱིལ་སྐབས་ཁོས་ཐེངས་མང་པོར་གནོད་སྐྱོན་ནང་ཚུད་པའི་མང་ཚོགས་ལ་སེམས་གཏིང་ནས་དགོངས་སེལ་ཞུ་བཞིན་ཡོད་ཟེར་བ་དང་། ཁྲིམས་ཁང་གིས་ཉེས་ཆད་གང་བཅད་པར་དང་ལེན་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་ཀྱང་། པུ་ཀྲི་ཆང་གི་ཁྲིམས་རྩོད་པ་ཧྲང་པའོ་ཅོན་ (Shang Baojun) གྱིས་བྷི་བྷི་སི་གསར་ཁང་ལ། པུ་ཀྲི་ཆང་ལ་ཁྲིམས་བཤེར་བྱས་སྐབས་ཁོས་ཐེངས་འདིར་ཁྲིམས་ཁང་གིས་ནག་ཉེས་བཙུགས་པར་ངོས་ལེན་བྱས་མེད་ཀྱང་། ཁོས་ཝེ་པའོ་དྲ་བར་འབྲེལ་བ་ཡོད་པའི་མི་སྣ་གཞན་ལ་གནོད་སྐྱོན་ཐེབས་ཡོད་ན་དེར་དགོངས་དག་ཞུ་རྒྱུའི་འདོད་པ་ཡོད་ཅེས་བརྗོད་ཡོད་པ་རེད་ཟེར།

 

རྒྱ་ནག་གཞུང་གིས་པུ་ཀྲི་ཆང་ཐོག་མ་འཛིན་བཟུང་བྱས་སྐབས། བསྙད་འཚོལ་ཟིང་ཆ་བསླངས་པ་དང་ཁྲིམས་འགལ་ཐོག་སྤྱི་དམངས་ཀྱི་གནས་ཚུལ་རག་ཐབས་བྱས་པའི་ནག་ཉེས་ལས་བཙུགས་མེད་ཀྱང་། ལོ་སྔོན་མའི་ཟླ་ ༡༡ ནང་ནག་ཉེས་མང་དུ་བཏང་སྟེ། རྒྱལ་ཁབ་ཁ་བྲལ་དཀྲུག་ཤིང་བརྒྱབ་པ་དང་། མི་རིགས་མཐུན་སྒྲིལ་ལ་དཀྲུག་ཤིང་དང་ཞེ་འཁོན་བསླངས་པ་སོགས་ཀྱི་ནག་ཉེས་བགྲངས་ཡོད། དེ་རིང་དངོས་སུ་ཁྲིམས་ཐག་གཅོད་སྐབས། ཁོས་ཝེ་པའོ་དྲ་བའི་སྟེང་ཡི་གེ་འདྲ་མིན་ཐེངས་ ༧ ཙམ་ལ་སྤེལ་ཏེ། མི་རིགས་ཀྱི་ཞེ་འཁོན་དཀྲུག་ཤིང་བརྒྱབ་པ་དང་བསྙད་འཚོལ་ཟིང་ཆ་བསླངས་པ་བཅས་ཀྱི་ནག་ཉེས་འོག་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་འདུག

 

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གནས་ཚུལ་སྤེལ་བའི་ནང་། པུ་ཀྲི་ཆང་ལ་ཁྲིམས་བཤེར་བྱས་སྐབས་ཁྲིམས་ཁང་ཕྱི་ལོགས་སུ་རྒྱ་ནག་གི་ཉེན་རྟོག་པས་ཉུང་མཐར་པུ་ཀྲི་ཆང་ལ་རྒྱབ་སྐྱོར་བྱེད་མཁན་ ༡༢ ཙམ་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་ཁྲིམས་ཁང་གིས་པུ་ཀྲི་ཆང་ལ་ཁྲིམས་ཐག་བཅད་པ་སྟེ། སྨྲ་བརྗོད་རང་དབང་གི་དབུ་ཁྲིད་ཅིག་ལ་ལྕགས་སྒྲོག་རྒྱག་རྒྱུའི་བསམ་ངན་བཅངས་པ་ལས་ཁོ་ལ་ནག་ཉེས་གང་ཡང་ཡོད་པ་མ་རེད། ཅེས་བཀོད་འདུག

 

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ཝེ་ལེམ་ནཱེ་ (William Nee) གྱིས། ཁོ་རང་གིས་ཁྲིམས་ཐག་དྲང་བདེན་མིན་པ་ཕྱི་ལ་གསལ་བཤད་བྱེད་པའི་གོ་སྐབས་ཡོད་པ་མ་རེད། ཁོ་ལ་ནག་ཉེས་ཅི་ཡང་མེད་ཀྱང་ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད་པ་དེ་རྒྱ་ནག་གཞུང་གིས་སྙིང་རུས་ཅན་གྱི་སྨྲ་བརྗོད་རང་དབང་རྩོད་ལེན་པ་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese