མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྲིན་ཧཱོ་ལ་ལོ་བཞི་ཡི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་དུས་རབས་ཉེར་གཅིག་བརྒྱུད་ལམ་གྱི་སྤྱི་ཁྱབ་འགན་འཛིན་ཧྲིན་ཧཱོ་ལ་ལོ་བཞི་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

 

je20151222_punn10b_image_512x288_3ཁ་སང་རྒྱ་ནག་ཧྲང་ཧྲེ་ཕུ་ཏུང་ས་ཁུལ་གསར་པའི་མི་དམངས་ཁྲིམས་ཁང་གིས། དུས་རབས་ཉེར་གཅིག་བརྒྱུད་ལམ་ (21st Century Media Co) ཞེས་པའི་གསར་ཁང་གི་སྤྱི་ཁྱབ་འགན་འཛིན་ཧྲིན་ཧཱོ་ (Shen Hao)ལགས་ཀྱིས། དེ་སྔོན་བཟོ་གྲྭ་མང་པོ་ཞིག་གི་སྐྱོན་བརྗོད་གནས་ཚུལ་བཀག་སྡོམ་བྱས་པ་དང་། ཁེ་ལས་ཁག་ཅིག་ལ་དཀྲོག་གཏམ་གནས་ཚུལ་སྤེལ་རྒྱུའི་འཇིགས་སྐུལ་བྱས་ཏེ། དངུལ་ས་ཡ་མང་པོ་གཡོ་ལེན་དང་ལྐོག་རྔན་བླངས་པ་སོགས་ཀྱི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ ༦༠༠༠༠ ཡི་ཉེས་ཆད་བཅད་ཡོད་པ་མ་ཟད། གསར་ཁང་ལ་རྒྱ་སྒོར་ས་ཡ་ ༩།༥ ཡི་ཉེས་བཅད་བཏང་བ་ཁྱབ་བསྒྲགས་བྱས་འདུག

 

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༩ ནང་ཧྲིན་ཧཱོ་འཛིན་བཟུང་བྱས་པ་ནས་བཟུང་། ད་བར་ཁྲིམས་བཤེར་རིམ་པ་ཁག་གཉིས་བྱས་མཐར། ཟླ་འདིའི་ཚེས་ ༢༤ ཉིན་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ཀྱི་ཁེ་དབང་རྩོད་ལེན་པ་དང་ཁྲིམས་རྩོད་པ་པུ་ཀྲི་ཆང་ལ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས་ཀྱི་ཉིན་གཅིག་རྗེས་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

 

རྒྱ་ནག་ཞིན་ཧྭ་གསར་ལམ་དུ། ཧྲིན་ཧཱོ་ཡིས་སྒྲིག་འགལ་ཁྲིམས་འགལ་བྱས་ཏེ། གཞན་རྒྱུ་ཧམ་ཟ་དང་བཙན་འཕྲོག ལྐོག་རྔན་བླངས་པ་བརྗོད་ཡོད་པ་མ་ཟད། ད་དུང་ཁོས་ཁྲིམས་ཁང་གིས་ཁྲིམས་ཐག་གང་བཅད་པར་དང་ལེན་ཞུས་ནས་གོང་རིམ་ལ་ཞུ་གཏུག་བྱ་རྒྱུ་མིན་སྐོར། གནོད་འཚེ་ཕོག་ཡུལ་གྱི་ཁེ་ལས་དང་མང་ཚོགས་ལ་སེམས་གཏིང་ནས་དགོངས་དག་ཞུ་བཞིན་ཡོད་སྐོར་སོགས་བརྗོད་ཡོད་ཀྱང་། དེ་རིང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཝེ་པོ་ཐོག་དྲ་དམངས་ཤིག་གིས་དེ་སྔོན་ཧྲིན་ཧཱོ་ལ་ཁྲིམས་བཤེར་བྱས་སྐབས་ཁོས་གཞན་གྱི་དངུལ་གཡོ་ལེན་བྱས་པ་དང་ལྐོག་རྔན་བླངས་པ་ཁས་ལེན་བྱས་མེད་ཀྱང་། འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་ཁོ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་སྡུག་གཅོང་བཏང་སྟེ་འདྲི་བརྩད་བྱས་སྟབས། ཁོས་ཐེངས་འདིའི་ཁྲིམས་བཤེར་ལ་ངོས་ལེན་མ་བྱེད་དཀའ་མེད་ཆགས་པ་རེད་ཅེས་སོགས་བཀོད་འདུག

 

དེ་རིང་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས། ཉེ་ལམ་ལོ་ཤས་རིང་དུས་རབས་ཉེར་གཅིག་གི་བརྒྱུད་ལམ་ཁང་གིས་འཇིགས་ཞུམ་མེད་པར་རྒྱ་ནག་གི་ཁེ་ལས་ཁག་གི་དཔལ་འབྱོར་གནས་སྟངས་གང་འདྲ་ཡོད་མེད་རྒྱལ་སྤྱིའི་ཐོག་ཕྱིར་བསྒྲགས་བྱས་ཏེ། རྒྱ་ནག་གཞུང་གི་ངན་འཚང་དང་གསང་བ་མང་པོ་བརྟོལ་ཡོད་སྟབས། རྒྱ་ནག་གཞུང་གིས་གསར་ཁང་ལ་ཉེས་མིང་འདྲ་མིན་བཀལ་ནས་ད་ལྟ་སྒོ་ཐེལ་བརྒྱབ་ཡོད་པ་མ་ཟད། འགན་ཁུར་མི་སྣ་མང་དག་ཅིག་འཛིན་བཟུང་བྱས་ནས་བཙོན་འཇུག་བྱེད་བཞིན་ཡོད་པ་དེ་ནི། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་རེད་ཅེས་བརྗོད་འདུག

 

རྒྱ་ནག་གི་གོ་ལའི་དུས་བབ་ཐོག་གནས་ཚུལ་ཐོན་པ་ལྟར་ན། དུས་རབས་ཉེར་གཅིག་གི་བརྒྱུད་ལམ་དང་སྤྱི་ཁྱབ་འགན་འཛིན་ཧྲིན་ཧཱོ་ཡིས་ ༢༠༠༩ ལོའི་ཟླ་ ༨ ནས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༩ བར་སི་ཁྲོན་ལིང་ཅུའུ་(Sichuan Langjiu Group Co) ཚོགས་པ་དང་། གློག་ཆས་ཁེ་ལས་ (LTD) སོགས་ཁེ་ལས་དང་ཚོགས་པ་ཁག་ཅིག་གི་སྐྱོན་བརྗོད་གནས་ཚུལ་ནག་གསུབ་གཏོང་ཆེད་རྒྱ་སྒོར་ས་ཡ་ ༧།༢༨ ཡི་ལྐོག་རྔན་བླངས་ཡོད་པ་མ་ཟད། ཡང་ཁེ་ལས་དང་ཚོགས་པ་སྒྲིག་འཛུགས་ཁག་ ༧༠ ལ་ཚགས་ཤོག་སྟེང་དཀྲོག་གཏམ་གནས་ཚུལ་རིགས་མི་སྤེལ་བའི་ཆེད་རྒྱ་སྒོར་ས་ཡ་ ༡༩ ཡི་གན་རྒྱ་བཞག་སྟེ། ཁེ་ལས་དང་ཚོགས་ཁག་གི་ཁྱབ་བསྒྲགས་རིགས་ཚགས་ཤོག་སྟེང་གཏོང་བཅུག་གི་ཡོད་པ་ཤེས་རྟོགས་བྱུང་སྟེ། རྒྱ་ནག་མི་དམངས་ཁྲིམས་ཁང་གིས་ ༢༠༡༥ ལོའི་ཟླ་ ༡༠ དང་ ༡༡ ནང་ཧྲིན་ཧཱོ་གཙོས་པའི་དོགས་ཡོད་མི་སྣ་ ༣༠ ཁྲིམས་བཤེར་བྱས་རྗེས། ཁ་སང་ཧྲིན་ཧཱོ་ལ་ལོ་བཞི་དང་། གསར་ཁང་གི་དངུལ་གཉེར་ལི་པེན་(Le Bing) ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་དང་། སྤྱི་ཁྱབ་འགན་འཛིན་ཟུར་པ་ལེའུ་ཏོན་ (Liu Dong) དང་ཚོང་ལས་གསར་འཕྲིན་ (Business Herald) གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ལེའུ་ཧེ་ (Liu Hui)།  དངུལ་རྩའི་དུས་དེབ་(Money Week) གྱི་འགྲེམས་སྤེལ་བ་ཞཱ་རེ་ (Xia Ri) ལགས་བཅས་སུ་ལོ་ ༡༡ ཙམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་སོགས་བཀོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese